Jump to content

སྟོད་པ་རྙིང་བའི་དགོན་པ་པདྨ་སྨིན་གྲོལ་གླིང་

ཡོང་ཁུངས་Wikipedia

དགོན་པ་ཞིག་ཡིན་ཏེ། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་སུ་རུའི་ཡུལ་ཚོའི་ཁོངས་སུ་ཡོད།

སྤྱི་ལོ1058ལྷ་སའི་དགའ་ལྡན་དགོན་པའི་བླ་མ་ཡེ་ཤེས་རྒྱ་མཚོའི་གསར་ཏུ་བཏབ། སྐབས་དེར་སྦྲ་དགོན་ཡིན་ལ་གྲྭ་སྔགས20ལྷག་ཡོད། སྤྱི་ལོ1953ལོར་གཏོར་བརླག་ཐེབས་ནས་ཆོས་སྒོ་བརྒྱབ། སྤྱི་ལོ1988ལོར་ཆོས་སྒོ་ཕྱེས་ནས་བསྐྱར་འཛུགས་བྱས། རྫོགས་ཆེན་དགོན་པའི་སྤྲུལ་སྐུ་པད་མ་སྐལ་བཟང་ཚང་གིས་དགོན་མིང་ལ་པདྨ་སྨིན་གྲོལ་གླིང་ཞེས་གསོལ། ད་ལྟ་སྔགས་པ5ཡོད། དགོན་པའི་ཆོག་མཆན་ཡི་གེ་ཨང་གྲངས་ནི(青)F040230008ཡིན། དགོན་པའི་ནང་རྟེན་གཙོ་བོ་གུ་རུ་མཚན་བརྒྱད་དང་སྒྲོལ་མ་ཉེར་གཅིག རྗེ་འབངས་ཉེར་ལྔ། མཁན་སློབ་ཆོས་གསུམ། རིག་གསུམ་མགོན་པོ། ལྟུང་བཤགས་ཀྱི་ལྷ་སོ་ལྔ་སོགས་བཞུགས། དགོན་པའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ17081.50ཡོད།