སྟེང་དཀར་རས་པ་
སྟེང་དཀར་རས་པ། ནི་བོད་ཀྱི་ནགས་ཤོད་འབྲི་རུ་ཁུལ་དུ་དར་བའི་དམངས་ཁྲོད་ཀྱི་སྒྱུ་རྩལ་རྙིང་པ་ཞིག་ཡིན། འདི་ནི་བཀའ་བརྒྱུད་པའི་རྣལ་འབྱོར་པ་ མི་ལ་རས་པ་ དང་རས་ཆུང་པའི་རྣམ་ཐར་དང་འབྲེལ་བ་ཡོད།
བྱུང་རིམ།
[རྩོམ་སྒྲིག]"སྟེང་དཀར་" ནི་ཡུལ་དེའི་གྲོང་ཚོ་ཞིག་གི་མིང་ཡིན་ལ། གྲོང་ཚོ་དེ་ནས་དར་བའི་རས་པ་ཡིན་པས་ "སྟེང་དཀར་རས་པ་" ཞེས་ཐོགས། སྒྱུ་རྩལ་འདི་དུས་རབས་ ༡༢ པའི་ནང་བྱུང་བའི་རས་པ་རྣམས་ཀྱི་ལད་ཟློས་བྱས་པ་ལས་བྱུང་བར་བཤད། སྤྱི་ལོ་ ༡༡༧༠ ཡས་མས་སུ་ནགས་ཤོད་སྟག་ཕུ་གར་དབང་གིས་ལེགས་སྒྲིག་མཛད།
ཁྱད་ཆོས།
[རྩོམ་སྒྲིག]རྣམ་གྲངས།: སྟེང་དཀར་རས་པར་འཁྲབ་ཚན་མི་འདྲ་བ་ ༣༠ ལྷག་ཡོད། (དཔེར་ན། རྔ་འཆམ། གཞས་མ་གཏམ། ལྐུགས་འཁྲབ། རྐང་མགྱོགས་སོགས།) འཁྲབ་ཆས།: རྔ་དང་སིལ་སྙན། པི་ཝང་། གཡག་རྔ་སོགས་བེད་སྤྱོད་བྱེད། ནང་དོན།: རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ (དཔེར་ན་གཡག་རྭའི་དགུ་བརྡུང་དང་ཁྱི་ར་རས་པ་) དང་། ལོ་རྒྱུས་ཀྱི་གཏམ་རྒྱུད། ཆོས་ཀྱི་བསླབ་བྱ་བཅས་འཁྲབ་སྟོན་བྱེད་ཀྱི་ཡོད། [༡]
- ↑ རི་དབང་བསྟན་འཛིན། 《ནགས་ཤོད་འབྲི་རུའི་ལོ་རྒྱུས་རབ་རིམ་སཱ་ལའི་ལྗོན་པ།》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ངོས་ ༤༧༥