སྟག་འབུམ་རྒྱལ།

ཡོང་ཁུངས་Wikipedia

བོད་ཀྱི་དེང་རབས་སྒྲུང་གཏམ་པ། ༡༩༦༦ལོར་མདོ་སྨད་མང་རའི་ཡུལ་དུ་སྐྱེས། ༡༩༨༨ལོ་ནས་༡༩༩༠ལོའི་བར་ནུབ་བྱང་མི་རིགས་སློབ་གླིང་དུ་ཟབ་སྦྱོང་བྱས།ད་ལྟ་མང་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ཡིན། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པའི་འགན་ཁུར་ཡོད།

བྱ་དགའ།[རྩོམ་སྒྲིག]

སྐབས་གཉིས་པ་དང་བཞི་བ་དང་ལྔ་བའི“སྦྲང་ཆར་བྱ་དགའ”དང་། མཚོ་སྔོན་ཞིང་ཆེན་གྱི་སྐབས་བཞི་བ་དང་ལྔ་བའི་ཕུལ་བྱུང་རྩོམ་རིག་བྱ་དགའ། རྒྱལ་ཡོངས་སྐབས་གཉིས་བའི་གངས་རྒྱན་བུམ་པའི་རྩོམ་རིག་བྱ་དགའ། མཚོ་སྔོན་པོ་རྩོམ་རིག་བྱ་དགའ(རྒྱ་ཡིག)སོགས་ཐོབ།

བརྩམས་ཆོས་གཙོ་བོ།[རྩོམ་སྒྲིག]

སྒྲུང་རིང་། ལྷིང་འཇགས་ཀྱི་རྩྭ་ཐང་། རྒུད།

སྒྲུང་ཐུང་། ཉིན་གཅིག་གི་ཆོ་འཕྲུལ། ང་ནི་ཨ་བྲ་གསོད་པའི་རྫས་ཤིག་འཚོལ་དུ་འགྲོ་བ་ཡིན། ཉི་མ་ནུབ་རིར་ཡོལ་དུས། སྡུག་གི་ལོ་མ་ཆང་གིས་བངས་པ་མིན།

སྒྲུང་འབྲིང་། ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག

དེ་མིན་སྔ་ཕྱིར《སྦྲང་ཆར།》དང《བོད་ཀྱི་རྩོམ་རིག་སྒྱུ་རྩལ།》སོགས་སུ་སྒྲུང་གཏམ་ཐུང་འབྲིང་རིང་གསུམ་༧༠ལྷག་སྤེལ།སྒྲུང་ཐུང《དགེ་རྒན་ཝང་ལགས།》དང《ཉིན་གཅིག་གི་ཆོ་འཕྲུལ།》《ཉི་མ་ནུབ་རི་ཡོལ་དུས།》བཅས་རྒྱ་ཡིག་ཏུ་བསྒྱུར་ཏེ《མི་རིགས་རྩོམ་རིག》སོགས་སུ་སྤེལ་ཅིང༌།དེ་ལས《ཉིན་གཅིག་གི་ཆོ་འཕྲུལ།》ཞེས་པ་ཧྥ་རན་སེའི་སྐད་ཡིག་ཏུ་བསྒྱུར།སྒྲུང་རིང《རྣམ་ཤེས།》ལ་སྐབས་གཉིས་པའི“སྦྲང་ཆར་རྩོམ་རིག་གི་བྱ་དགའ”ཐོབ།༡༩༩༩ལོར་སྒྲུང་རིང《ལྷིང་འཇགས་ཀྱི་རྩྭ་ཐང༌།》(《རྣམ་ཤེས》བཟོ་བཅོས་བརྒྱབ་རྗེས་ཀྱི་མིང)ཞེས་པ་དཔེ་དེབ་ཏུ་བསྐྲུན་ཅིང༌།ལོ་དེར་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཞི་པའི་རྩོམ་རིག་གསར་རྩོམ་གྱི་བྱ་དགའ་ཐོབ།།