སྟག་ཕུ་རྡོ་རྗེ་འཆང
མཐོང་རིས་
ཁྱབ་བདག་སྟག་ཕུ་རྡོ་རྗེ་འཆང་པད་མ་བཛྲར་མཛད་རྣམ་བསྡུས་པ་ངོ་མཚར་བདུད་རྩིའི་ཟེགས་མ། གངས་ཅན་མཁས་པའི་གཙུག་རྒྱན་ཞྭ་སེར་བསྟན་པའི་ཤིང་རྟ་ཆེན་མོ་འཇམ་མགོན་བླ་མ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་དངོས་སློབ་ཁྲི་སྟེང་མཛེས་པའི་བུ་ཆེན་བཞིའི་ནང་ཚན་སྟག་ཕུ་གུ་ཤྲཱྀ་དཔལ་ལྡན་དོན་གྲུབ་མཆོག་གི་སྐུ་ཕྲེང་རབས་བརྒྱད་པ་སྟེ་ཡོངས་གྲགས་སུ་སྟག་ཕུ་པདྨ་བཛྲ་འམ་མཚན་གཞན་ལ་རྗེ་བཙུན་ངག་དབང་བློ་བཟང་འཇམ་དཔལ་བསྟན་པའི་དངོས་གྲུབ་ཞུ་བ་ཁོང་ནི་རབ་བྱུང་བཅོ་ལྔ་པའི་མེ་ཕོ་བྱི་བའི་ལོ་སྟེ་སྤྱི་ལོ་༡༨༧༦ལོར་དཔལ་འབར་སྟག་རྩེ་གྲོང་དུ་སྐུ་བལྟམས།