སྙིང་རྗེ་ཆེན་པོ་
སྙིང་རྗེ་ཆེན་པོ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་ཐམས་ཅད་ལ་དམིགས་པ་མེད་པའི་ངང་ནས་བསྐྱེད་པའི་སྙིང་རྗེ་ཆེན་པོ་སྟེ། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཐབས་ཀྱི་རྒྱལ་པོ་ཡིན་ལ། སྲིད་ཞིའི་མཐར་མི་གནས་པའི་ལམ་གྱི་རྩ་བ་ཡིན་ནོ། །
སྒྲ་བཤད།
[རྩོམ་སྒྲིག]སྙིང་རྗེ་ཞེས་པ་ནི་སེམས་ཅན་གྱི་སྡུག་བསྔལ་མཐོང་ནས་དེ་ལས་གྲོལ་བར་འདོད་པའི་སེམས་ལ་གོ་ལ། ཆེན་པོ་ཞེས་པ་ནི་དེའི་ཆེ་བའི་ཚུལ་སྟེ། དམིགས་པ་དང་ཡུལ་དང་རྣམ་པ་གསུམ་ཐམས་ཅད་ཀྱི་ཆེ་བའོ། །
མཚན་ཉིད།
[རྩོམ་སྒྲིག]སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་སེམས་ཅན་དུ་འདུ་ཤེས་མེད་པ་ཞིག་ལ་གོ། །"དེའི་ཚེ་མཁས་པ་དེ་ལ་ཕུལ་ན་འགྲོ་བ་རང་མི་ལྕི་ལ་གཞན་གྱི་དགེ་བ་འཕེལ་བས་འགྲོ་བ་ཀུན་གྱི་སྦྱིན་པའི་གནས་པར་འགྱུར་བས་ན། རྟག་ཏུ་ཡུལ་འཁོར་གྱིས་ཕུལ་བའི་བསོད་སྙོམས་དོན་ཡོད་པར་ཡོངས་སུ་སྤྱོད་པ་ཡིན་ནོ། །"[༡] "དེ་ལྟ་བས་ན་བདག་དང་གཞན་གྱི་ཆར་ཡོངས་སུ་འཛིན་པའི་ཉེས་པ་དེ་གཉིས་ཀྱིས་ཉེས་པ་ཐམས་ཅད་འབྱུང་ངོ་། །"[༢]
ནང་དོན།
[རྩོམ་སྒྲིག]སྙིང་རྗེ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ནས་རང་དབང་དུ་གནས་པ་མ་ཡིན། "སྲིད་དང་ཞི་བ་གཉིས་སུ་མེད་པ་ཡེ་ནས་རྣམ་དག་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིས། ཁམས་གསུམ་གྱི་ཉོན་མོངས་པ་ཀུན་ལས་ཡང་དག་པར་འདས་ལ།"[༣] སྲིད་ཞིའི་མཐར་མི་གནས་པ་སྙིང་རྗེ་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སྲིད་པའི་མཐར་ཡང་མི་གནས་ལ། ཞི་བའི་མཐར་ཡང་མི་གནས་ཏེ། "སྲིད་པར་དབང་མེད་དུ་སྐྱེ་བའི་ཉོན་མོངས་པ་བསལ་བར་གྱུར་ཀྱང་ཐབས་ལ་མཁས་པས་སྲིད་པར་སྐྱེ་བ་ཡོངས་སུ་སྟོན་པར་བྱེད་ལ། རྒ་དང་ན་དང་འཆི་བ་མེད་ཀྱང་སྙིང་རྗེའི་དབང་གིས་གཞན་དོན་དུ་འཆི་འཕོ་བ་སོགས་སུ་སྟོན་པར་བྱེད་དོ། །"[༤]
དབྱེ་བ།
[རྩོམ་སྒྲིག]སེམས་ཅན་དུ་འདུ་ཤེས་མེད་པ་"སེམས་ཅན་ཚོགས་རྣམས་མང་པོའི་གཙོ་བོ་མཆོག་ཏུ་གྱུར་པ་དང་། སེམས་ཅན་ཁམས་ཀྱི་ལྟ་ངན་སྣ་ཚོགས་རྣམས་བཅོད་པར་འདོད་པ་དེའི་ཕྱིར་ན་སེམས་དཔའ་ཆེན་པོ་ཞེས་བརྗོད་པ།"[༥] དམིགས་པ་མེད་པར་སྤྱོད་པ། "མི་དམིགས་པར་སྤྱོད་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ནོ། །"[༦]
ཕན་ཡོན།
[རྩོམ་སྒྲིག]སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་སྙིང་རྗེ་ཆེན་པོ་དང་ལྡན་པའི་རྣལ་འབྱོར་པ་དེ། "སེམས་ཅན་ཀུན་ལ་ཁྱབ་པའི་སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་སེམས་ཅན་བདེན་པའི་འདུ་ཤེས་མེད་པའོ། །"[༧] རྣམ་གྲོལ་གྱི་རྒྱུ་"ཆེད་དུ་བྱ་བའི་ངེས་པར་འབྱུང་བའི་སྒྲུབ་པར་སྤྱོད་པར་བྱེད་ཅིང་ཆོས་རྣམས་མ་སྐྱེས་པར་རྟོགས་ནས་འགྲོ་བ་སེམས་ཅན་ཐམས་ཅད་ཡུལ་དུ་བྱེད་པ་ནི་སྙིང་རྗེ་ཆེན་པོ་སྐྱེད་པའོ། །"[༨]
སྒོམ་ཚུལ།
[རྩོམ་སྒྲིག]སྙིང་རྗེ་ཆེན་པོ་སེམས་ཅན་གྱི་དོན་དུ་སེམས་བསྐྱེད་པ་ལ་སོགས་པ་ལ་བསམ་པ་ཐག་པས་ཡི་རང་བ་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་རི་རབ་སྲང་ལ་གཞལ་བས་ཚད་གཟུང་བར་རུང་གི། མི་དམིགས་པར་སྤྱོད་པ་"གང་དུ་ཡང་མི་སྤྱོད་པར་སྤྱོད་པ་དེ་ནི་དངོས་ཞེན་གྱི་ཆགས་པ་ཕྲ་རགས་ཐམས་ཅད་ཡོངས་སུ་སྤོང་བར་བྱེད་པ་ཡིན་ཞིང་། ཆགས་པ་མཐའ་དག་ལས་རྣམ་པར་གྲོལ་བ་བདེ་གཤེགས་རྣམས་ཀྱི་ཤེས་རབ་ལ་སྤྱོད་པ་ཡིན་ནོ། །"[༩]
ལུང་ཁུངས།
[རྩོམ་སྒྲིག]- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་དཔར། ཤོག་གྲངས་ ༡༠༤།
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་གྲངས་ ༣༧།
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་གྲངས་༣༧བ།
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་གྲངས་༣༧བ།
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་གྲངས་ ༩a།
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་དཔར། ཤོག་གྲངས་ ༢༩།
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་དཔར། ཤོག་གྲངས་ ༡༠༤།
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་གྲངས་༣༧།
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་གྲངས་ ༣༨a།