སྔོན་ཆོག་ཏུ་གྲགས་པ་བཅུ་
མཐོང་རིས་
སྔོན་ཆོག་ཏུ་གྲགས་པ་བཅུ།
[རྩོམ་སྒྲིག]དགེ་ཚུལ་གྱི་སྐབས་སུ་སྔོན་གྱི་ཆོ་གའི་དབྱེ་བ་བཅུ་སྟེ་བསྙེན་པར་རྫོགས་ཚུལ་བཅུ་ནི། ༡ རང་བྱུང་གི་བསྙེན་པར་རྫོགས་ཚུལ། ༢ ངེས་པར་འཇུག་པས་བསྙེན་པར་རྫོགས་ཚུལ། ༣ ཚུར་ཤོག་གི་བསྙེན་པར་རྫོགས་ཚུལ། ༤ སྟོན་པར་ཁས་བླངས་པའི་བསྙེན་པར་རྫོགས་ཚུལ། ༥ དྲི་བས་མཉེས་པའི་བསྙེན་པར་རྫོགས་ཚུལ། ༦ ལྕི་ཆོས་ཁས་བླངས་པའི་བསྙེན་པར་རྫོགས་ཚུལ། ༧ འཕྲིན་ཆོག་གི་སྒོ་ནས་བསྙེན་པར་རྫོགས་ཚུལ། ༨ མཐའ་འཁོབ་ཏུ་ལྔ་ཚོགས་ཀྱིས་བསྙེན་པར་རྫོགས་ཚུལ། ༩ དབུས་སུ་བཅུ་ཚོགས་ཀྱིས་བསྙེན་པར་རྫོགས་ཚུལ། ༡༠ སྐྱབས་སུ་འགྲོ་བའི་བསྙེན་པར་རྫོགས་ཚུལ་རྣམས་སོ། །
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།