Jump to content

སྔོན་གྱི་བག་ཆགས་

ཡོང་ཁུངས་Wikipedia

སྔོན་གྱི་བག་ཆགས།

[རྩོམ་སྒྲིག]

སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། ལས་དགེ་བ་དང་མི་དགེ་བ་གང་བྱས་ཀྱང་ལས་གསོག་པ་པོའི་སེམས་ཀྱི་སྟེང་དུ་བག་ཆགས་གཏིང་ཟབ་པོ་ཞིག་འཇོག་ཐུབ་པ་དཔེར་ན། བྱིས་པ་འགའ་ཞིག་ཆུང་དུས་ནས་སེམས་ཅན་འབུ་སྲིན་སོགས་གསོད་པ་དང་། དངོས་པོ་རྐུ་བ། རྫུན་ཤོད་པ་བཅས་བསླབ་མི་དགོས་པར་རང་བཞིན་གྱིས་ཤེས་པ་དང་། ཡང་བྱིས་པ་འགའ་ཞིག་ཆུང་དུས་ནས་སྙིང་རྗེ་ཆེ་བ་དང་། ཡོན་ཏན་སློབ་སྦྱོང་ལ་དགའ་བ། ཁོང་ཁྲོ་མེད་པ། རྫུན་མི་ཤོད་པ་བཅས་རང་བཞིན་གྱིས་འབྱུང་བ་ནི་སྐྱེ་བ་སྔོན་མའི་བག་ཆགས་བཟང་ངན་ལ་བརྟེན་ནས་བྱུང་བ་ཡིན་ཞེས་བཤད་སྲོལ་ཡོད།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།