སྔོན་གྱི་ཆོས་རྒྱལ་བདུན་
མཐོང་རིས་
སྔོན་གྱི་ཆོས་རྒྱལ་བདུན།
[རྩོམ་སྒྲིག]ཤཱཀྱ་མུ་ནེས་དུས་འཁོར་རྩ་རྒྱུད་ཐོག་མར་གསུང་སྐབས། ཞུ་བ་པོ་ཤམ་བྷ་ལའི་རྒྱལ་པོ་ཟླ་བ་བཟང་པོ་ཡིན་ལ། དེས་དུས་འཁོར་རྩ་རྒྱུད་ཀྱི་འགྲེལ་པ་ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས་པ་མཛད། རྩ་རྒྱུད་གསུངས་པའི་ལོ་རྗེས་མ་དེར་རྒྱལ་པོ་རང་ཉིད་ཀྱི་ཕོ་བྲང་དེའི་ལྷོ་ཕྱོགས་མ་ལ་ཡའི་སྐྱེད་མོས་ཚལ་ཆེན་པོའི་དབུས་དུས་འཁོར་གྱི་བློས་བསླངས་བཞེངས་ནས་འདས། དེའི་རྗེས་སུ། ༡ རྒྱལ་པོ་ཟླ་བ་དང་། ༢ ལྷ་དབང་། ༣ གཟི་བརྗིད་ཅན། ༤ ཟླ་བས་བྱིན། ༥ ལྷའི་དབང་ཕྱུག ༦ སྣ་ཚོགས་གཟུགས། ༧ ལྷའི་དབང་ལྡན་རྣམས་ཀྱིས་ཆོས་བསྟན་ནས་རྒྱལ་པོ་མཛད།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།