Jump to content

སྔོན་གྱི་ཆོ་ག་བཅུ་

ཡོང་ཁུངས་Wikipedia

སྔོན་གྱི་ཆོ་ག་བཅུ།

[རྩོམ་སྒྲིག]

སངས་རྒྱས་མྱ་ངན་ལས་མ་འདས་གོང་གི་བསྙེན་པར་རྫོགས་པའི་སྔོན་གྱི་ཆོ་ག་བཅུ་སྟེ། རྫོགས་པའི་སངས་རྒྱས་དང་རང་སངས་རྒྱས་གཉིས་ཟད་མི་སྐྱེ་ཤེས་ནས་བྱང་ཆུབ་བརྙེས་པའི་རང་བྱུང་གིས་བསྙེན་པར་རྫོགས་པ་གཉིས་དང་། ལྔ་སྡེ་བཟང་པོ་མཐོང་ལམ་སྐྱེས་ཚེ་ཡེ་ཤེས་ཁོང་ཆུད་ཀྱིས་དང་། ཤྭ་རིའི་བུ་སོགས་ཚུར་ཤོག་གིས་དང་། འོད་སྲུང་ཆེན་པོ་སྟོན་པར་ཁས་བླངས་པས་དང་། སྐྱེ་དགུའི་བདག་མོ་སོགས་ལྕི་ཆོས་བརྒྱད་བསླབས་པར་ཁས་བླངས་པས་དང་། མཆོད་སྤྲིན་མ་ཕ་མའི་དབང་དུ་སོང་བ་ལ་དགེ་སློང་མ་ཨུཏྤལ་ནས་ཕོ་ཉ་བྱས་ཏེ་དགེ་འདུན་གྱིས་འཕྲིན་ཆོག་ལ་བརྟེན་ནས་དང་། དགེ་འདུན་གྱི་གྲངས་ཡུལ་དབུས་སུ་བཅུ་ཚོགས་སོ་སོས་གསོལ་བཞིའི་ལས་ཀྱི་རབ་བྱུང་བསྙེན་རྫོགས་ཅིག་ཆར་དུ་བྱེད་པ་རྣམས་སོ། བསྙེན་པར་རྫོགས་པའི་ཚུལ་བཅུ་ལ་གཟིགས།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།