Jump to content

སྔར་ཟོང་དུ་སྤྱོད་པ་

ཡོང་ཁུངས་Wikipedia

སྔར་ཟོང་དུ་སྤྱོད་པ།

[རྩོམ་སྒྲིག]

འདི་ནི་དངོས་ཟོག་ཉོ་ཚོང་བྱེད་སྐབས་དངོས་ཟོག་དེའི་རིན་ཐང་གི་ཚབ་བྱེད་ཐུབ་པའི་དངོས་པོ་ལ་ཟེར་བ་སྟེ། དེང་སང་ཡོངས་གྲགས་སུ་དངུལ་ཞེས་འབོད་པ་དེ་ཡིན། དེ་འདྲའི་དངུལ་དེས་རིན་ཐང་གི་ཚབ་བྱེད་ཐུབ་པའི་ནུས་པ་མ་ཤོར་བར་དུ་ཟོག་གོང་བརྟན་པོ་གནས་པ་དང་། ཐང་གཞི་བརྟན་པོར་གནས་ཐུབ་ཅིང་། ཁྲོམ་རའི་ཟོག་གོང་བརྟན་པོར་གནས་ཐུབ་པ་དགོས་ན་ཁྲོམ་རྭར་བེད་སྤྱོད་བྱས་པའི་དངོས་ཟོག་གི་ཚབ་བྱེད་དངོས་ཟོག་དེའི་རིན་ཐང་གི་ཚད་ལས་བརྒལ་བའི་ཚོང་ཟོག་གང་མང་ཡོད་དགོས་ཤིང་། གལ་ཏེ་ཁྲོམ་རྭའི་ཚོང་ཟོག་ཉུང་ཞིང་དེའི་ཚབ་བྱེད་དངོས་པོ་ཡིན་པའི་དངོས་ཟོག་གི་གྲངས་མང་ན་ཁྲོམ་རྭའི་ཟོག་གོང་བརྟན་པོར་གནས་མི་ཐུབ་པར་ཇེ་འཕར་ཇེ་འཕར་དུ་སོང་ནས། ཁྲོམ་རྭའི་ཚོང་ཟོག་གི་ཚབ་བྱེད་དངོས་ཟོག་དེའི་རིན་ཐང་གི་ཚད་གཞི་དམའ་རུ་སོང་བ་དང་ཆབས་ཅིག་རིམ་བཞིན་དེའི་ནུས་པ་ཤོར་ཚེ་ཚབ་བྱེད་དངོས་ཟོག་བེད་སྤྱོད་བྱེད་མཁན་རྣམས་བུ་ལོན་གསོས་མི་ཐུབ་པའི་གནས་སུ་གྱར་རྒྱུུ་དང་། སྐབས་དེར་རྒྱལ་པོས་སྔར་བེད་སྤྱོད་བྱེད་མུས་ཡིན་པའི་ཚབ་བྱེད་དངོས་ཟོག་དེ་གོ་མི་ཆོད་པའི་ཁྱབ་བསྒྲགས་བྱས་ཏེ། ཚབ་བྱེད་དངོས་ཟོག་དེ་བེད་སྤྱོད་བྱེད་མཁན་གྱི་བུ་ལོན་རྣམས་ཡུལ་གྱི་རྒྱལ་པོའམ་སྲིད་གཞུང་གིས་སྦྱངས་ནས་ཚབ་བྱེད་དངོས་ཟོག་གསར་པ་བཏོན་ཐོག དེ་ལ་ཡུལ་གྱི་རྒྱལ་པོའང་སྲིད་གཞུང་གིས་མིང་གསར་པ་བཏགས་ནས་ཁྲོམ་རྭར་བེད་སྤྱོད་བྱས་པ་འདི་ནི་དེ་སྔོན་རྒྱལ་གར་དུ་རྒྱལ་རབས་རིམ་བྱུང་གི་སྐབས་ཁྲོམ་རྭར་འདོན་པའི་དངོས་ཟོག་དང་། དེའི་ཚབ་བྱེད་དངོས་ཟོག་གཉིས་ཀྱི་རིན་ཐང་དོ་མི་སྙོམས་པའི་འགལ་བ་སེལ་ཐབས་ཤིག་ཡིན་པར་《ལུགས་ཆེན་པོ་》ཞེས་པའི་དཔེ་དེབ་ལས་གསལ་ཞེས་ས་སྐྱ་པཎ་ཆེན་གྱིས་གསུངས། 《ལུགས་ཆེན་པོ་》ཞེས་པའི་དཔེ་དེབ་དེ་བོད་ཡིག་དང་རྒྱ་གར་ཡི་གེ་གང་ཡིན་རྗེས་སུ་ཞིབ་འཇུག་བྱེད་དགོས། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།