སྔར་གཉའ་ནང་དུ་གཤེགས་པའི་ཚེ་རྒོལ་ཞིང་མི་སྲུན་པ་
མཐོང་རིས་
སྔར་གཉའ་ནང་དུ་གཤེགས་པའི་ཚེ་རྒོལ་ཞིང་མི་སྲུན་པ།
[རྩོམ་སྒྲིག]སོག་པོ་ཇུན་གར་གྱིས་བོད་ལ་དབང་བསྒྱུར་བྱེད་བཞིན་པའི་སྐབས་དེར། ཕོ་ལྷ་ཐའི་ཇིས་གནས་སྐབས་ཇུན་གར་གྱི་འཁྲིས་སུ་བསྡད་ན་གནོད་འཚེ་འོང་བའི་དོགས་ནས། ཇུན་གར་ལ་ཐབས་མཁས་ཀྱིས་ཞུ་བ་གསོལ་ཏེ་གཉའ་ནང་གི་རྫོང་དཔོན་དུ་བསྐྱོད། སྐབས་དེར་ཤེལ་དཀར་དང་། རྩ་སྐོར་བ་སོགས་མི་མང་པོ་ཞིག་གིས་ཕོ་ལྷ་ཐའི་ཇིར་ངོ་རྒོལ་བྱས་ནས་འཐབ་འཛིངས་བྱས་པར་བརྟེན། ཕོ་ལྷ་ཐའི་ཇིས་བྱང་མདའ་དང་མེ་མདའ་འཕངས་ནས་དེ་དག་གསོད་པར་ཉེ་བའི་སྐབས། དཔོན་རིགས་ལུམ་པ་ཤར་ཕས་བར་འདུམ་བྱས་པ་རེད། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།