Jump to content

སྔ་ན་མེད་པ་

ཡོང་ཁུངས་Wikipedia

སྔ་ན་མེད་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ཡིན་ཏེ། སྔོན་ཆད་ནམ་ཡང་མ་བྱུང་བའི་ངོ་མཚར་རྨད་དུ་བྱུང་བ་ཞེས་པའི་དོན་ཡིན་ནོ། །

ནང་དོན།

[རྩོམ་སྒྲིག]

སྔ་ན་མེད་པ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཁྱད་ཆོས་ལ་བརྗོད་པ་ཞིག་ཡིན་ཏེ། འདི་ནི་སྔོན་ཆད་ནམ་ཡང་མ་བྱུང་བའི་ངོ་མཚར་རྨད་དུ་བྱུང་བ་ཞིག་ཡིན་པའི་ཕྱིར་རོ། །"སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་བ་དང་བདེ་བ་སྒྲུབ་པའི་ཆེད་དུ་བདག་སངས་རྒྱས་ཐོབ་པར་གྱུར་ཅིག་"[]སྙམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རིན་ཆེན་ནི་སྔ་ན་མེད་པའི་རྨད་ཅིག་ཡིན་ཏེ། སྔོན་ཆད་ནམ་ཡང་མ་བྱུང་བས་ངོ་མཚར་རྨད་དུ་བྱུང་བ་ཞིག་ཡིན་པའི་ཕྱིར་རོ། །

འགྲེལ་བཤད།

[རྩོམ་སྒྲིག]

སྔ་ན་མེད་པ་ཞེས་པ་ནི་སྔོན་ཆད་མ་བྱུང་བ་ཞེས་པའི་དོན་ཡིན་ཏེ། "སྔ་ན་མེད་པ་ནི་སྔན་ཆད་མ་བྱུང་བའོ། །"[]ཞེས་གསུངས། འདི་ལྟར་སེམས་ཅན་གཞན་དག་ལ་རང་གི་དོན་དུ་ཡང་སྐད་ཅིག་ཙམ་ཡང་མི་འབྱུང་བ་ཡིན་ན། སེམས་ཅན་གྱི་དོན་ཁོ་ན་སེམས་པ་གང་ཡིན་པའི་སེམས་ཀྱི་རིན་ཆེན་ཁྱད་པར་འདི་ནི་"སྔ་ན་མེད་པའི་རྨད་ཅིག་སྟེ་སྔོན་ཆད་ནམ་ཡང་མ་བྱུང་བས་ངོ་མཚར་རྨད་དུ་བྱུང་བ་ཞིག་"[]ཡིན་ནོ། །དེ་ཡང་"བདག་ཉིད་ཆེན་པོ་གང་གཞན་གྱི་དོན་དུ་སེམས་སྐྱེ་བ་དེ་ནི་བསྟན་པའི་རིམ་པ་བཞིན་དུ་སེམས་ཅན་གཞན་དག་ལ་རང་གི་དོན་དུ་ཡང་མི་འབྱུང་བའི་ཕྱིར་རོ། །"[]ཞེས་གསུངས། ཡོན་ཏན་ཁྱད་པར་དུ་འཕགས་པ། "བྱམས་པའི་སེམས་ཀྱིས་སེམས་ཅན་ལ་བདེ་བ་དང་ལྡན་འདོད་ཀྱི་ཕན་པར་བསམ་པ་ཙམ་གྱིས་ཀྱང་རིན་པོ་ཆེ་སྣ་བདུན་ལ་སོགས་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱས་པ་ལས་ཁྱད་པར་དུ་འཕགས་པར་འགྱུར་"[]ཞེས་བཤད་པ་ལྟར། སེམས་ཅན་ཐམས་ཅད་ཀྱི་བདེ་དོན་སྟེ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་སྦྱིན་སོགས་ཕྱིན་དྲུག་ལ་དངོས་སུ་སྦྱོར་བས་བརྩོན་པ་ནི་སངས་རྒྱས་མཆོད་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་ཡང་"སེམས་ཅན་གཞན་དག་ལ་རང་གི་དོན་དུ་ཡང་སྐད་ཅིག་ཙམ་ཡང་མི་འབྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ལ་སེམས་ཅན་མཐའ་དག་གི་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སྤོང་བའི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་སེམས་གང་སེམས་ཀྱི་རིན་ཆེན་ཁྱད་པར་འཕགས་པ་འདི་སྔ་ན་མེད་པའི་རྨད་དུ་བྱུང་བ་ངོ་མཚར་བ་ཞིག་འཁྲུངས་པ་འདི་ལ་གཞན་དག་གིས་ཀྱང་ངོ་མཚར་བར་བཟུང་ནས་འབད་པར་བྱའོ། །"[]ཞེས་གསུངས།

བསྡུས་དོན།

[རྩོམ་སྒྲིག]

སྔ་ན་མེད་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ཡིན་ཏེ། སྔོན་ཆད་ནམ་ཡང་མ་བྱུང་བའི་ངོ་མཚར་རྨད་དུ་བྱུང་བ་ཞེས་པའི་དོན་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་སེམས་ནི་སྔ་ན་མེད་པའི་རྨད་ཅིག་ཡིན་ཏེ། འདི་ནི་སྔོན་ཆད་ནམ་ཡང་མ་བྱུང་བའི་ངོ་མཚར་རྨད་དུ་བྱུང་བ་ཞིག་ཡིན་པས་ངེས་པར་དུ་མཆོད་ཅིང་གཟེངས་སུ་བསྟོད་པར་བྱའོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  2. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  3. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  4. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  5. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  6. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།