སྒྲོལ་མའི་མཎྜལ་བཞི་ཆོག་

ཡོང་ཁུངས་Wikipedia

སྒྲོལ་མའི་མཎྜལ་བཞི་ཆོག ༄༅།། སྒྲོལ་མའི་མཎྜལ་བཞི་ཆོག་གི་ངག་འདོན་མཐོང་བ་རྒྱུད་པའི་ཕྱག་ལེན་ལྟར་ནག་འགྲོས་སུ་འགོད་པ་ལ། ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།། བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོཊ་བགྱིས་པའི་ཚོཊ་རྣམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཉེ་རིང་ཆཊ་སྡང་གཉིས་དང་བྲལ་བའི་གཏང་སྙོམས་ལ་གནས་པར་གྱུར་ཅིག །ལན་གསུམ། ཁྱད་པར་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་བ་མྱུར་བར་ཡང་དག་པར་རྫོཊ་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཕྱིར་དུ་ཐུཊ་རྗེའི་གཏེར་ཆེན་རྒྱལ་ཡུམ་སྒྲོལ་མའི་སྒོམ་ཟླས་མཆོད་བསྟོད་ཀྱི་རིམ་པ་ལ་འཇུག་པར་བྱའོ། །ལན་གསུམ། རང་ཉིད་སྐད་ཅིག་གིས་རྗེ་བཙུན་མའི་སྐུར་བཞེངས་བར་གྱུར། ཨོཾ་བཛྲ་ཨཱ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཱ་སརྦ་དྷརྨ་སྭ་བྷཱ་ཝཤུདྡྷཱཉ྄་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུཾ། ཨོཾ་པཱ་དྱཾ་ཨཱཿཧཱུཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་དྷུ་པེ་ཨཱཿཧཱུཾ། ཨོཾ་བཛྲ་ཨ་ལོ་ཀེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨོཾ་བཛྲ་ནཻ་ཝིདྱེ་ཨཱཿཧཱུཾ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཡང་དག་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེཊ་སུ་གསོལ། བཅོམ་ལྡན་བསྐལ་བ་གྲངས་མེད་དུ་མ་རུ། འགྲོ་ལ་བརྩེ་ཕྱིར་ཐུཊ་རྗེ་རྣམས་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོཊ་པ། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདིར་ལཊ་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོཊ་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོཊ་རྣམས་བསྒྲལ་བྱའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེཊ་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང་། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲངས་བར་བགྱི། །ཞི་ཞིང་ཐུཊ་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུཊ། །ཆོས་རྣམས་ཡེ་ཤེས་ཆཊ་བྲལ་བ། །ཀུན་ཏུ་མི་བཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་ཞི་བདག་ལྷ། །ཐུབ་པའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུཊ་བརྙན་ནི། །མཆོད་པས་འདིར་ནི་གཤེཊ་སུ་གསོལ། །འདིར་ནི་གཟུཊ་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུཊ་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། མཆོག་རྣམས་ལེགས་པར་སྩལ་ཏུ་གསོལ། །བཅོམ་ལྡན་འདིར་ནི་བྱོན་པ་ལགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུཊ་ལ་དགོངས་ཤིང་གནང་བར་མཛོད། །བདེ་བར་གཤེཊ་སོ་བཅོམ་ལྡན་འདས། །ཚུར་གཤེཊ་འདིར་ནི་བཞུཊ་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུཊ་སུ་གསོལ།། མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་དུ་རྩ་བའི་བླ་མ་དང་དབྱེར་མེད་པའི་སེང་ལྡེང་ནགས་སྒྲོལ་གྱི་སྟེང་དུ་ཇོ་བོ་རྗེ་སོགས་བླ་མ་རྣམས་དང་མཐའ་སྐོར་དུ་སྒྲོལ་མ་ཉེར་གཅིག་སོཊ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་བཀའ་སྡོད་དང་བཅས་པ་བཞུཊ་པར་གྱུར། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །མགོན་པོ་ཐུཊ་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེཊ་ལ་ཕྱག་འཚལ་ལོ། །དག་པའི་འདོད་ཆཊ་བྲལ་བར་གྱུར། །དགེ་བའི་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་བ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་བསྟོན། །བསླབ་པ་དག་ལ་རབ་ཏུ་གནས། །ཞིང་གི་དམ་པ་ཡོན་ཏན་ལྡན། །ཚོཊ་མཆོག་དགེ་འདུན་ལ་ཕྱག་འཚལ། །རབ་འབྱམས་གསུང་རབ་ཀུན་ལ་ལྟ་བའི་མིག །བསྐལ་བཟང་ཐར་བར་སྒྲོད་པའི་འཇུག་ངོགས་མཆོག །བརྩེ་བས་བསྐྱོད་པའི་ཐབས་མཁས་མཛད་པ་ཡིས། །གསལ་མཛད་བཤེས་གཉེན་རྣམས་ལ་ཕྱག་འཚལ་ལོ། །སྐྱོན་གྱི་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུཊ་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རིས་གཟིཊ་ལ་ཕྱག་འཚལ་ལོ། །གཞོན་ནུའི་ཆ་ལུཊ་འཆང་བ་པོ། །ཤེས་རབ་སྒྲོན་མེའི་རབ་ཏུ་རྒྱན། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས། །གསང་སྔཊ་རིགས་སྔཊ་ཀུན་གྱི་བདག་པོ་ཏེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །གསང་བདག་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ལྷ་དང་ལྷ་མིན་ཅོད་པཎ་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་བ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང༌། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང༌། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང༌། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ཡང་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང༌། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང༌། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང༌། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང༌། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང༌། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ།། སངས་རྒྱས་ཆོས་དང་ཚོཊ་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་ཚོཊ་རྣམས་ཀྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། རྒྱལ་བ་རྒྱ་མཚོའི་མཆོད་རྫས་ལས་གྲུབ་པའི། །ཞིང་ཁམས་རྒྱ་མཚོའི་༼མཆོད་ཡོན༽རྒྱ་མཚོའི་ཚོགས། །ཡོན་ཏན་རྒྱ་མཚོའི་རྒྱལ་བ་འཁོར་བཅས་ལ། །དད་པ་རྒྱ་མཚོས་འབུལ་ལོ་བཞེས་སུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་༼ཨརྒྷཾ་༽ པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། དེ་ནས་གོང་གི་མཆོད་ཡོན་གྱི་གནས་སུ ༼ཞབས་བསིལ། མེ་ཏོག། བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། སིལ་སྙན༽་དང་ཨརྒྷཾ་གྱི་གནས་སུ ༼པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ།༽ འདིས་མཆོད་ཕྲེང་འོག་མ་རྣམས་ལ་རིགས་འདྲེའོ། དེ་ནས་མཎྜལ་ནི། ཨོཾ་བཛྲ་བྷུ་མི་ཨཱཿ་ཧཱུཾ། དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རི་ཁེ་ཨཱཿ་ཧཱུཾ། ཕྱིའི་ལྕཊ་རི་འཁོར་ཡུག་གིས་སྐོར་བའི་དབུས་སུ། རིའི་རྒྱལ་བོ་རི་རབ། ཤར་ལུས་འཕགས་པོ། ལྷོ་ཛམ་བུའི་གླིང་། ནུབ་བ་གླང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕཊ། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་བོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། དབུས་སུ་ལྷ་དང་མི་ཡི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ། ཞིང་ཁམས་རྣམ་པར་དག་པ་འདི་དག་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་དང་ངོ་བོ་དབྱེར་མ་མཆིས་པའི་རྗེ་བཙུན་མ་འཕཊ་མ་སྒྲོལ་མའི་ལྷ་ཚོཊ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོཊ་ཐམས་ཅད་ལ་འབུལ་བར་བགྱི་འོ། ཐུཊ་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བདག་སོཊ་སེམས་ཅན་ཐམས་ཅད་ལ་ཐུཊ་བརྩེ་བ་ཆེན་པོས་བྱིན་གྱིས་རླབས་ཏུ་གསོལ། །ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །བདག་གཞན་ལུས་ངག་ཡིད་གསུམ་ལོངས་སྤྱོད་དུས་གསུམ་དགེ་ཚོཊ་བཅས། །རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་ཚོཊ་བཅས་པ། །བློ་ཡིས་བླང་ཏེ་བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་འབུལ། །ཐུཊ་རྗེས་དབང་གིས་བཞེས་ནས་བདག་ལ་བྱིན་གྱིས་རླབས་ཏུ་གསོལ། ཨི་དཾ་གུ་རུ་རཏྣ་མཎྜལ་ཀཾ་ནིརྱ་ཏ་ཡ་མི།།ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ། ། ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ། ། ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས། ། གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས། ། ལན་ཅིག་རྙེད་པའི་དལ་བའི་རྟེན་བཟང་འདི། ། ཤིན་ཏུ་རྙེད་དཀའ་དོན་ཆེ་ཤེས་གྱུར་ནས། ། ཉིན་མཚན་ཀུན་ཏུ་སྙིང་བོ་ལེན་པའི་བློ། ། རྒྱུན་ཆད་མེད་པར་སྐྱེ་བར་བྱིན་གྱིས་རློབས། ། ལུས་སྲོག་གཡོ་བ་ཆུ་ཡི་ཆུ་བུར་བཞིན། ། མྱུར་དུ་འཇིག་པས་འཆི་བ་དྲན་པ་དང་། ། ཤི་བའི་རྗེས་སུ་ལུས་དང་གྲིབ་མ་བཞིན། ། དཀར་ནག་ལས་འབྲས་ཕྱི་བཞིན་འབྲང་བ་ལ། ། ངེས་པ་བརྟན་པོ་རྙེད་ནས་ཉེས་པའི་ཚོགས། ། ཕྲ་ཞིང་ཕྲ་བ་རྣམས་ཀྱང་སྤོང་བ་དང་། ། དགེ་ཚོགས་མཐའ་དག་སྒྲུབ་པར་བྱེད་པ་ལ། ། རྟག་ཏུ་བག་དང་ལྡན་པར་བྱིན་གྱིས་རློབས། ། སྤྱད་པས་མི་ངོམས་སྡུག་བསྔལ་ཀུན་གྱི་སྒོ། ། ཡིད་བརྟན་མི་རུང་སྲིད་པའི་ཕུན་ཚོགས་ཀྱི། ། ཉེས་དམིགས་རིག་ནས་ཐར་པའི་བདེ་བ་ལ། ། དོན་གཉེར་ཆེན་པོ་སྐྱེ་བར་བྱིན་གྱིས་རློབས། ། རྣམ་དག་བསམ་པ་དེ་ཡིས་དྲངས་པ་ཡི། ། དྲན་དང་ཤེས་བཞིན་བག་ཡོད་ཆེན་པོ་ཡིས། ། བསྟན་པའི་རྩ་བ་སོ་སོར་ཐར་པ་ལ། ། སྒྲུབ་པ་སྙིང་བོར་བྱེད་པར་བྱིན་གྱིས་རློབས། ། རང་ཉིད་སྲིད་མཚོར་ལྷུང་བ་ཇི་བཞིན་དུ། ། མར་གྱུར་འགྲོ་བ་ཀུན་ཀྱང་དེ་འདྲ་བར། ། མཐོང་ནས་འགྲོ་བ་སྒྲོལ་བའི་ཁུར་འཁྱེར་བའི། ། བྱང་ཆུབ་སེམས་མཆོག་འབྱུང་བར་བྱིན་གྱིས་རློབས། །སེམས་ཙམ་བསྐྱེད་ཀྱང་ཚུལ་ཁྲིམས་རྣམ་གསུམ་ལ། ། གོམས་པ་མེད་ན་བྱང་ཆུབ་མི་འགྲུབ་པར། ། ལེགས་པར་མཐོང་ནས་རྒྱལ་སྲས་སྡོམ་པ་ལ། ། བརྩོན་པ་དྲག་པོས་སློབ་པར་བྱིན་གྱིས་རློབས། ། ལོག་པའི་ཡུལ་ལ་གཡེང་བ་ཞི་བྱེད་ཅིང་། ། ཡང་དག་དོན་ལ་ཚུལ་བཞིན་དཔྱོད་པ་ཡིས། ། ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ། ། མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། ། ཐུན་མོང་ལམ་སྦྱང་སྣོད་དུ་གྱུར་པ་ན། ། ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེ་ཐེག ། སྐལ་བཟང་སྐྱེ་བོའི་འཇུག་ངོགས་དམ་པ་དེར། ། བདེ་བླག་ཉིད་དུ་འཇུག་པར་བྱིན་གྱིས་རློབས། ། དེ་ཚེ་དངོས་གྲུབ་རྣམ་གཉིས་འགྲུབ་པའི་གཞི། ། རྣམ་དག་དམ་ཚིག་སྡོམ་པར་གསུངས་པ་ལ། ། བཅོས་མ་མིན་པའི་ངེས་པ་རྙེད་གྱུར་ནས། ། སྲོག་དང་བསྡོས་ཏེ་སྲུང་བར་བྱིན་གྱིས་རློབས། ། དེ་ནས་རྒྱུད་སྡེའི་སྙིང་བོ་རིམ་གཉིས་ཀྱི། ། གནད་རྣམས་ཇི་བཞིན་རྟོགས་ནས་བརྩོན་པ་ཡིས། ། ཐུན་བཞིའི་རྣལ་འབྱོར་སྤྱོད་ལས་མི་གཡེལ་བར། ། དམ་པའི་གསུང་བཞིན་སྒྲུབ་པར་བྱིན་གྱིས་རློབས། ། དེ་ལྟར་ལམ་བཟང་སྟོན་པའི་བཤེས་གཉེན་དང་། ། ཚུལ་བཞིན་སྒྲུབ་པའི་གྲོགས་རྣམས་ཞབས་བརྟན་ཅིང་། ། ཕྱི་དང་ནང་གི་བར་དུ་གཅོད་པའི་ཚོགས། །ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོཊ་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག། ལན་གསུམ། བསྡུ་ན། དེ་ལྟར་ལམ་བཟང༴ ལན་གསུམ། ལྷ་དང་ལྷ་མིན་ཅོད་པཎ་གྱིས། །ཞབས་ཀྱི་པད་མོ་ལ་བཏུད་ནས། །ཕོངས་བ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད། ལན་བདུན། ཀུན་བཟང་དགེ་བའི་སྟོབས་ལས་བྱུང་བ་ཡིས། །རབ་མཛེས་ལྷ་མོ་ཞལ་གཅིག་ཕྱག་གཉིས་མ། །ཡིད་འོང་གར་དང་ལྡན་པའི་མཆོད་ཡོན་དེ། །མཆོད་ཡོན་དཀྱིལ་འཁོར་ལྷ་ཡི་ཚོཊ་ལ་འབུལ། ཨོཾ་ཨཱརྱ་ཏཱ་རེ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ནས་ཤཔྟའི་བར་གྱིས་མཆོད། །རྗེ་བཙུན་འཕགས་མ་སྒྲོལ་མ་དང་། ། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། ། རྒྱལ་བ་སྲས་བཅས་ཐམས་ཅད་ལ། ། ཀུན་ནས་དང་བས་ཕྱག་བགྱིའོ། ། མེ་ཏོག་བདུག་སྤོས་མར་མེ་དྲི། ། ཞལ་ཟས་རོལ་མོ་ལ་སོགས་པ། ། དངོས་བཤམས་ཡིད་ཀྱིས་སྤྲུལ་ནས་འབུལ། ། འཕགས་པའི་ཚོགས་རྣམས་བཞེས་སུ་གསོལ། ། ཐོག་མ་མེད་ནས་ད་ལྟའི་བར། ། མི་དགེ་བཅུ་དང་མཚམས་མེད་ལྔ། ། སེམས་ནི་ཉོན་མོངས་དབང་གྱུར་པས། ། སྡིག་པ་ཐམས་ཅད་བཤགས་པར་བགྱི། ། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། ། སོ་སོ་སྐྱེ་བོ་ལ་སོགས་པས། ། དུས་གསུམ་དགེ་བ་བཅུ་བསགས་པའི། ། བསོད་ནམས་ལ་ནི་བདག་ཡི་རང་། ། སེམས་ཅན་རྣམས་ཀྱི་བསམ་པ་དང་། ། བློ་ཡི་བྱེ་བྲག་ཇི་ལྟ་བར། ། ཆེ་ཆུང་ཐུན་མོང་ཐེག་པ་ཡི། ། ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། ། འཁོར་བ་ཇི་སྲིད་མ་སྟོངས་བར། ། མྱ་ངན་མི་འདའ་ཐུགས་རྗེ་ཡིས། ། སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི། ། སེམས་ཅན་རྣམས་ལ་གཟིགས་སུ་གསོལ། ། བདག་གི་བསོད་ནམས་ཅི་བསགས་པ། ། ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། ། རིང་བོར་མི་ཐོགས་འགྲོ་བ་ཡི། ། འདྲེན་པའི་དཔལ་དུ་བདག་གྱུར་ཅིག། སངས་རྒྱས་ཆོས་ཚོགས༴ ལན་གསུམ། མཎྜལ་རྒྱས་བསྡུས་གང་རུང་འབུལ། རྗེ་བཙུན་མའི་ཕྱག་གཡས་པའི་འོག་ཏུ་སྲུང་བྱ་རྣམས་ཚུད་པར་གྱུར། ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱི། །པདྨའི་ཕྱག་ནི་རྣམ་པར་བརྒྱན་མ། ། སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། ། ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱི་ཤིན་ཏུ་བསྟེན་མ། །ཕྱག་འཚལ་ཏུཏྟཱ་ར་ཧཱུཾ་ཡི་གེས། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། །ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང༌། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཕྱག་འཚལ་ཏྲད་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམས་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ། །ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་པོ། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། ། ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ། །ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། ། ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་མ་ཉིད་མ། །ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུཾ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། ། ཕྱག་འཚལ་ཟླ་བའི་དུམ་བུས་དབུ་བརྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་བའི་ཁྲོད་ན་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་རབ་མཛད་མ། །ཕྱག་འཚལ་བསྐལ་པའི་ཐ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱངས་གཡོན་བསྐུམས་ཀུན་ནས་བསྐོར་དགའི། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །ཁྲོ་གཉེར་སྤྱན་མཛད་ཡི་གེ་ཧཱུཾ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །རིག་པ་ཧཱུཾ་ལས་ལས་སྒྲོལ་མ་ཉིད་མ། །ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུཾ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མན་དྷ་ར་དང་འབིགས་བྱེད། ། འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །དུག་རྣམས་མ་ལུས་པ་ནི་སེལ་མ། །ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །ཕྱག་འཚལ་དེ་ཉིད་གསུམ་རྣམ་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོཊ་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག། ལན ༢ །རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། ། བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། ། སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས། ། རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། ། དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང་། ། ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས། ། ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ལ། ། བར་ཆད་གདོན་བགེགས་རིམས་དང་ནད་ལ་སོགས། ། དུས་མིན་འཆི་བར་འགྱུར་བ་སྣ་ཚོགས་དང་། ། རྨི་ལམ་ངན་དང་མཚན་མ་ངན་པ་དང་། ། འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། ། མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། ། འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི། ། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོཊ་པ་རྣམས། །འཕེལ་ཞིང་རྒྱས་པའི་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །སྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང་། །རྟག་ཏུ་ཁྱོད་སྒྲུབ་ཞལ་མཆོག་མཐོང་བ་དང་། །སྟོང་ཉིད་དོན་རྟོཊ་བྱང་སེམས་རིན་པོ་ཆེ། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །བར་ལན་གསུམ། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། ། པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། ། ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག། བདག་གིས་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ། ། དུས་གསུམ་སངས་རྒྱས་ཀུན་གྱི་འཕྲིན་ལས་མ། ། སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞི་མ། ། ཡུམ་གྱུར་ཨཏྤལ་བསྣམས་པའི་བཀྲ་ཤིས་ཤོག། ། རྒྱལ་ཡུམ་སྒྲོལ་མ་ཁྱེད་སྐུ་ཅི་འདྲ་དང་། ། འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། ། ཁྱེད་ཀྱི་མཚན་མཆོག་བཟང་བོ་ཅི་འདྲ་བ། ། དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག། ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། ། བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར། ། ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། ། ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །ལྷ་དང་ལྷ་མིན༴ལན་བདུན། ཆོས་དབྱིངས་རྣམ་དག་ཡེ་ཤེས་རང་བཞིན་ལས། །སྒྱུ་མའི་རྣམ་འཕྲུལ་ལྷ་མོ་མཆོད་ཡོན་མ། །བཅོམ་ལྡན་སྒྲོལ་མའི་ལྷ་ཚོཊ་མཉེས་ཕྱིར་འབུལ། །རྡོ་རྗེ་མཆོད་ཡོན་མ་ཡིས་མཉེས་གྱུར་ཅིག། ཨོཾ་ཨཱརྱ་ཏཱ་རེ༴ །རྗེ་བཙུན་འཕཊ་མ་སྒྲོལ་མ་དང་།ཕྱོགས་བཅུ༴ །སངས་རྒྱས་ཆོས་ཚོགས༴ ལན ༣ མཎྜལ་ཕུལ་ནས་ཡང་ཉེར་བསྟོད་ ལན་གསུམ། རྗེ་བཙུན་བཅོམ་ལྡན་འདས་མ༴ ལན་གསུམ། རྒྱལ་བའི་དཀྱིལ་འཁོར༴ནས་ མཛད་དུ་གསོལ། །ལྷ་དང་ལྷ་མིན༴ ལན་བདུན། དེ་ནས་མཆོད་ཕྲེང་ལ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །བདག་གིས་གུས་པར་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་ཉིད་རྣམས་ལ་བདག་འབུལ་ན། ཐུཊ་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཇི་བདེ་བར་དུ་བཞེས་ནས་ཀྱང་། །སེམས་ཅན་དོན་ཀུན་མཛད་དུ་གསོལ། ཨོཾ་ཨཱརྱ་ཏཱ་རེ༴ ཡང་ན། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་དགྱེས་མཛད་པའི། །རིན་ཆེན་མཆོད་ཡོན་ལ་སོཊ་མཆོད་པའི་ཚོཊ། །ནམ་མཁའ་ཁྱབ་པར་བསམ་ཞིང་དངོས་འབུལ་ན། །གཞལ་ཡས་ཁང་དུ་སྤྲིན་བཞིན་འཐིབ་གྱུར་ཅིག། ཨོཾ་ཨཱརྱ་རཱ་རེ༴ ཡང་ན། །དཔག་མེད་བསོད་ནམས་སྟོབས་ལས་བྱུང་བ་ཡིས། །དཔག་མེད་ལྷ་རྫས་བཟང་པོའི་མཆོད་ཡོན་འདི། །དཔག་མེད་རྒྱལ་བ་སྲས་དང་བཅས་ལ་འབུལ། །དཔག་མེད་འགྲོ་བའི་དོན་དུ་བཞེས་སུ་གསོལ། ཨོཾ་ཨཱརྱ་ཏཱ་རེ༴ ཡང་ན། བསོད་ནམས་ཞིང་དུ་གྱུར་བའི་སངས་རྒྱས་ལ། །སྣང་ལ་རང་བཞིན་མེད་པའི་མཆོད་ཡོན་འདི། །སྣང་སྟོང་དབྱེར་མེད་སེམས་ཀྱིས་འབུལ་ལགས་ན། །དབྱེར་མེད་བདེ་ཆེན་ཐུཊ་ཀྱིས་བཞེས་སུ་གསོལ། ཨོཾ་ཨཱརྱ་ཏཱ་རེ༴ ཡང་ན། །ཀུན་བཟང་མཆོད་པ་རི་ལྟར་སྤུངས་བ་ཡི། །ཀུན་ནས་ཡོངས་སུ་བཀང་བའི་མཆོད་ཡོན་འདི། །ཀུན་མཁྱེན་རྒྱལ་བ་སྲས་དང་བཅས་ལ་འབུལ། །ཀུན་ནས་འགྲོ་བའི་དོན་དུ་བཞེས་སུ་གསོལ། ཨ་ཨཱརྱ་ཏཱ་རེ༴ ཡང་ན། །རྨད་བྱུང་ཟག་མེད་བདེ་སྟེར་བའི། །རབ་འབྱམས་ཡིད་འོང་མཆོད་ཡོན་འདི། །བཅོམ་ལྡན་སྒྲོལ་མའི་ཞལ་དུ་འབུལ། །བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་ཨཱརྱ༴ ཨརྒྷཾ་༴ །དྭངས་བསིལ་སྙོག་མེད་དྲི་ཞིམ་པའི། །ཡན་ལག་བརྒྱད་ལྡན་དག་བྱེད་ཆབ། །བཅོམ་ལྡན་སྒྲོལ་མའི་ཞབས་ལ་འབུལ། །བཞེས་ནས༴ པཱདྱཾ༴ །པདྨ་ཨུཏྤལ་ཀུ་མུ་ད། །ལྷ་མིའི་སྣ་ཚོཊ་ཆུ་སྐྱེས་རིགས། །བཅོམ་ལྡན་སྒྲོལ་མའི་དབུ་ལ་འབུལ། །བཞེས་ནས༴ པུཥྤེ༴ །ཛ་ཏི་གུར་ཀུམ་ཨ་ག་རུ། །ལྷན་ཅིག་སྐྱེས་སྦྱར་དྲི་ཞིམ་སྤོས། །བཅོམ་ལྡན་སྒྲོལ་མའི་ཤང་ལ་འབུལ། །བཞེས་ནས༴ དྷུ་པེ༴ །ཉི་ཟླ་ནོར་བུ་རྩི་མར་ལས། །བྱུང་བའི་མུན་སེལ་མར་མེའི་ཕྲེང་། །བཅོམ་ལྡན་སྒྲོལ་མའི་སྤྱན་ལ་འབུལ། །བཞེས་ནས༴ ཨ་ལོ་ཀེ༴ །ག་བུར་ཙན་དན་དྲིས་བགོས་པའི། །སྟོང་གསུམ་ངད་ལྡང་དྲི་ཡི་ཆབ། །བཅོམ་ལྡན་སྒྲོལ་མའི་ཐུཊ་ལ་འབུལ། །བཞེས་ནས༴ གནྡྷེ༴ །ལྷ་དང་མི་ཡི་བདུད་རྩིའི་བཅུད། །རོ་བརྒྱའི་དཔལ་འཛིན་བཟའ་བཅའི་རིཊ། །བཅོམ་ལྡན་སྒྲོལ་མའི་ལྗགས་ལ་འབུལ། །བཞེས་ནས༴ ནཻ་ཝི་དྱེ༴ །འབུད་དཀྲོལ་རྡུང་རྒྱུད་ལ་སོཊ་པ། །སྙན་བརྗིད་ཡིད་འོང་རོལ་མོའི་སྒྲ། །བཅོམ་ལྡན་སྒྲོལ་མའི་སྙན་ལ་འབུལ། །བཞེས་ནས༴ ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། མཆོད་ཕྲེང་འདི་དག་གོང་འོག་གང་དུ་སྦྱར་རུང་ངོ་། །རྗེ་བཙུན་འཕཊ་མ་སྒྲོལ་མ་དང་། །ཕྱོགས་བཅུ་དུས་གསུམ༴ །སངས་རྒྱས་ཆོས་ཚོཊ༴ ལན་གསུམ། མཎྜལ་འབུལ། ཡང་ཉེར་བསྟོད་ལན་བདུན། འདོན། །ལྷ་མོ་ལ་གུས་ཡང་དག་ལྡན་པའི། །བློ་ལྡན་གང་གིས་རབ་དད་བརྗོད་པས། །སྲོད་དང་ཐོ་རངས་ལང་བར་བྱས་ནས། །དྲན་པའི་མི་འཇིཊ་ཐམས་ཅད་རབ་སྟེར། །སྡིག་པ་ཐམས་ཅད་རབ་ཏུ་ཞི་བས། །ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ། །རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས། །མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ། །འདི་ལས་ཆེ་བ་ཉིད་ནི་ཐོབ་ཅིང་། །སངས་རྒྱས་གི་གོ་འཕང་མཐར་ཐུག་དེར་འགྲོ། །དེ་ཡིས་དུག་ནི་དྲག་པོ་ཆེན་པོ། །བརྟན་གནས་པ་འམ་གཞན་ཡང་འགྲོ་བ། །ཟོས་པ་དང་ནི་འཐུངས་པ་ཉིད་ཀྱང་། །དྲན་པས་རབ་ཏུ་སེལ་བ་ཉིད་འཐོབ། །གདོན་དང་རིམས་དང་དུག་གི་གཟིར་བའི། །སྡུག་བསྔལ་ཚོཊ་ནི་རྣམ་པར་སྤངས་ཏེ། །སེམས་ཅན་གཞན་པ་རྣམས་ལ་ཡང་ངོ། །གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་། །ནོར་འདོད་པས་ནི་ནོར་རྣམས་ཉིད་འཐོབ། །འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ། །བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར།། །། ལེགས་བྲིས་དཔལ་གྱི་བདག་པོ་གསེར་གྱི་མངལ། །ལྷ་ཡི་བླ་མ་གླང་གདོང་དཔལ་གྱི་མགྲིན། །པདྨོའི་གཉེན་སོགས་ལྷ་བརྒྱའི་གཙུག་རྒྱན་གྱིས། །ཞབས་པད་གུས་མཆོད་སྒྲོལ་མའི་ཞབས་ལ་འདུད། །ཐུགས་རྗེ་ཆེན་པོའི་ཐུགས་རྗེའི་རྣམ་འཕྲུལ་གྱིས། ། དུས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་པ་རྣམས། །རབ་མཛེས་འཕྲིན་ལས་ལྷ་མོའི་སྐུར་བསྟན་ནས། །ཕོངས་པ་ཀུན་སྐྱོབ་སྒྲོལ་མའི་ཞབས་ལ་འདུད། །དབྱིངས་རིག་རྣམ་དག་པདྨའི་གདན་སྟེང་ན། །མར་གད་མདོག་ཅན་ཞལ་གཅིག་ཕྱག་གཉིས་མ། །ལང་ཚོ་རབ་རྒྱས་གཡས་བརྐྱངས་གཡོན་བསྐུམ་ཞབས། །ཐབས་ཤེས་ཟུང་འབྲེལ་མ་ལ་ཕྱག་འཚལ་ལོ། །ནུ་འབུར་རབ་རྒྱས་ཟག་མེད་བདེ་བའི་གཏེར། །ཞལ་རས་ཟླ་བ་རྒྱས་པའི་འཛུམ་དཀར་ཅན། །ཞི་བའི་ཉམས་ལྡན་ཐུགས་རྗེའི་སྤྱན་ཡངས་མ། །སེང་ལྡེང་ནགས་ཀྱི་མཛེས་མ་ཁྱོད་ལ་འདུད། །གཡུ་ཡི་ལྗོན་ཤིང་ཡལ་ག་བརྐྱངས་འདྲ་བའི། །འཇམ་གཉེན་ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་ནི། །མཁས་རྣམས་དངོས་གྲུབ་མཆོག་གི་དགའ་སྟོན་ལ། །མགྲོན་དུ་འབོད་འདྲ་ཁྱོད་ལ་ཕྱག་འཚལ་ལོ། །ཕྱག་གཡོན་དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་གྱིས། །འཇིགས་པ་བརྒྱ་ཕྲག་མཐོང་བའི་སྐྱེ་བོ་རྣམས། །མ་འཇིགས་ང་ཡིས་མྱུར་དུ་བསྐྱབ་བོ་ཞེས། །གསལ་བར་མཚོན་པ་ཁྱེད་ལ་ཕྱག་འཚལ་ལོ། །ཕྱག་གཉིས་ཨུཏྤལ་སྔོན་པོས་མཚན་པ་ནི། །འགྲོ་ཀུན་སྲིད་པའི་བདེ་ལ་མ་ཆགས་པར། །ཐར་པ་ཆེན་པོའི་གྲོང་དུ་བཞུགས་ཤིག་ཅེས། །བརྩོན་པའི་ལྕག་གིས་བསྐུལ་འདྲ་ཁྱོད་ལ་འདུད། །པདྨ་རཱ་གའི་མདངས་ལྡན་འོད་དཔག་མེད། །མཉམ་བཞག་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས། །འཆི་མེད་དངོས་གྲུབ་སྩོལ་བས་སྤྱི་བོར་བརྒྱན། ། བདག་གི་འཆི་བདག་འཇོམས་པ་ཁྱོད་ལ་འདུད། །ཚོགས་གཉིས་མཐོ་རིས་བཟོ་བོའི་འདུ་བྱེད་ཀྱིས། །གཞལ་མེད་ལྷ་ཡི་ཡིད་བཞིན་ནོར་བུ་རྣམས། །མཛེས་མཛེས་གཅིག་ཏུ་བསྡུས་པའི་ཡིད་འཕྲོག་རྒྱན། །ཀུན་གྱིས་བརྒྱན་པ་ཁྱོད་ལ་ཕྱག་འཚལ་ལོ། །མར་གད་རི་བོས་འཇའ་ཚོན་གྱོན་པ་བཞིན། །སྐུ་སྟོད་ལྷ་རྫས་གོས་ཀྱི་ག་ཤལ་ཅན། །ཕྲ་ཞིང་ལྡེམ་ལ་མཛེས་པའི་རྐེད་སྐབས་ནི། །པཉྩ་ལི་ཀའི་ཤམ་ཐབས་འཛིན་ལ་འདུད། །གཡས་ན་མྱ་ངན་མེད་པའི་འོད་ཟེར་ཅན། །ཞི་བའི་ཉམས་ལྡན་གསེར་མདོག་ཉི་འོད་འཕྲོ། ། གཡོན་ན་རལ་གཅིག་ནམ་མཁའི་མཛེས་པ་འཕྲོག །ཁྲོ་ཆགས་བརྗིད་པས་མཛེས་པ་དེ་ལ་འདུད། །དྲུག་ལྡན་གླུ་དང་མཛེས་པའི་གར་ལ་མཁས། །གདུགས་དཀར་རྔ་ཡབ་པི་ཝང་གླིང་བུ་སོགས། །རབ་འབྱམས་མཆོད་རྫས་འཛིན་པའི་ལྷ་མོའི་ཚོགས། །ནམ་མཁའ་གང་བས་མཆོད་ལ་ཕྱག་འཚལ་ལོ། །དཔལ་མོ་ལེགས་བརྗོད་མ་དང་རི་སྐྱེས་སོགས། །ཡིད་འོང་འཆི་མེད་བུ་མོ་སྟོང་དག་གིས། །ཁྱོད་དྲུང་བྲན་མོ་ཙམ་ཡང་ཐོབ་དཀའ་བ། །མཛེས་སྡུག་ལྷ་མོའི་སྐུ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་ཆུ་འཛིན་རྒྱས་པའི་ཀློང་ཡངས་ནས། །གསུང་སྙན་ཚངས་དབྱངས་སྤྲིན་གྱི་རྔ་སྒྲ་ཅན། །གདུལ་བྱའི་འཛིན་མར་ཡན་ལག་བརྒྱད་ཆོས་ཆར། །ཀུན་ཏུ་འབེབས་མཁས་མ་ལ་ཕྱག་འཚལ་ལོ། །ཤེས་བྱ་ཀུན་གཟིགས་ཡོན་ཏན་རྒྱ་མཚོའི་གཏེར། །ཇི་བཞིན་མ་ལུས་བརྗོད་པར་སུ་ཡིས་ནུས། །བློ་གྲོས་ཐོགས་མེད་སྟོབས་བཅུ་མངའ་བའི་ཐུགས། །མཁྱེན་རབ་མཐར་ཕྱིན་མ་ལ་ཕྱག་འཚལ་ལོ། །ཞི་བ་བརྙེས་ཀྱང་ཐུགས་རྗེའི་གཞན་དབང་གིས། །སྡུག་བསྔལ་རྒྱ་མཚོར་བྱིང་བའི་འགྲོ་བ་རྣམས། །ཐུགས་རྗེའི་ཕྱག་གིས་མྱུར་དུ་འདྲེན་མཛད་མ། ། བརྩེ་བ་མཐར་ཕྱིན་མ་ལ་ཕྱག་འཚལ་ལོ། །ཞི་རྒྱས་དབང་དང་དྲག་པོའི་འཕྲིན་ལས་རྣམས། །རྒྱ་མཚོའི་རླབས་བཞིན་དུས་ལས་མི་འདའ་བར། །ལྷུན་གྲུབ་རྒྱུན་མི་ཆད་པར་འཇུགས་མཛད་མ། །མཛད་པ་མཐར་ཕྱིན་མ་ལ་ཕྱག་འཚལ་ལོ། །འཇིགས་ཆེན་སྡུག་བསྔལ་བརྒྱད་དང་འབྱུང་པོའི་གདོན། །ཉོན་མོངས་ཤེས་བྱའི་སྒྲིབ་པའི་འཇིགས་པ་རྣམས། །ཁྱོད་ཞབས་དྲན་པའི་མོད་ལ་སྐྱོབ་མཛད་མ། །ནུས་པ་མཐར་ཕྱིན་མ་ལ་ཕྱག་འཚལ་ལོ། །དེ་ལྟར་སྐྱབས་འོས་ཁྱོད་ཀྱིས་ལུས་ཅན་རྣམས། །ནད་རིགས་གདོན་བགེགས་དུས་མིན་འཆི་བ་དང༌། །རྨི་ལམ་ངན་དང་མཚན་པ་ངན་པ་སོགས། །འཇིགས་པ་ཀུན་ལས་མྱུར་དུ་བསྐྱབ་ཏུ་གསོལ། །འཇིག་ཚོགས་ལྟ་བའི་རི་སུལ་གནས་བཅས་ཏེ། །གཞན་ལས་མཆོག་ཏུ་འཛིན་པས་སེམས་ཁེངས་ཤིང༌། །ཕ་རོལ་ཁྱད་དུ་གསོད་པའི་སྦར་ཁྱིམ་ཅན། །ང་རྒྱལ་སེང་གེའི་འཇིགས་པ་བསྐྱབ་ཏུ་གསོལ། །དྲན་ཤེས་ལྕགས་ཀྱུ་རྣོན་པོས་མ་བཏུལ་ཞིང༌། །འདོད་ཡོན་མྱོས་ཆུ་འཐུངས་པས་འཐོམས་པའི་མཐུས། །ལོག་པའི་ལམ་ཞུགས་གནོད་འཚེའི་མཆེ་བ་གཙིགས། །གཏི་མུག་གླང་པོའི་འཇིགས་པ་བསྐྱབ་ཏུ་གསོལ། །ཚུལ་མིན་ཡིད་བྱེད་རླུང་གིས་བསྐུལ་བ་ལས། །ཉེས་སྤྱོད་དུད་སྤྲིན་འཁྲུག་པའི་ཀློང་དཀྱིལ་ན། །དགེ་བའི་ནགས་ཚལ་སྲེག་པའི་ནུས་པ་ཅན། ། ཞེ་སྡང་མེ་ཡི་འཇིགས་པ་བསྐྱབ་ཏུ་གསོལ། །མ་རིག་འཐིབས་པོའི་ཁུང་དུ་མངོན་ཞེན་ཅིང༌། །གཞན་འབྱོར་ཕུན་ཚོགས་མཐོང་ཚེ་མི་བཟོད་པར། །གདུག་པའི་དུག་གིས་མྱུར་དུ་ཁྱབ་བྱེད་པའི། །ཕྲག་དོག་སྦྲུལ་གྱི་འཇིགས་པ་བསྐྱབ་ཏུ་གསོལ། །བརྟུལ་ཞུགས་དམན་པའི་འབྲོག་དགོན་འཇིགས་རུང་དང༌། །རྟག་ཆད་མྱ་ངམ་ཐང་ལ་རབ་རྒྱུ་ཞིང་། ། ཕན་བདེའི་གྲོང་དང་དགོན་པ་ཀུན་འཇོམས་པའི། །ལྟ་ངན་རྐུན་པོའི་འཇིགས་པ་བསྐྱབ་ཏུ་གསོལ། །མི་བཟད་སྲིད་པའི་བཙོན་ཁང་ར་བ་རུ། །ལུས་ཅན་རང་དབང་མེད་པར་འཆིང་བྱེད་ཅིང༌། །སྲེད་པའི་སྒོ་ལྕགས་དབྱེ་དཀས་འཁྱུད་པ་ཡི། །སེར་སྣའི་ལྕགས་སྒྲོག་འཇིགས་པ་བསྐྱབ་ཏུ་གསོལ། །ཤིན་ཏུ་བརྒལ་དཀའ་སྲིད་པའི་རྒྱུན་ཕྱོགས་འཁྱེར། ། ལས་རླུང་དྲག་པོའི་རྐྱེན་དང་ཉེ་བ་ལས། །སྐྱེ་རྒ་ན་འཆིའི་རྦ་ཀློང་རབ་འཁྲུག་པའི། ། འདོད་ཆགས་ཆུ་བོའི་འཇིགས་པ་བསྐྱབ་ཏུ་གསོལ། །ཀུན་ཏུ་རྨོངས་པའི་མཁའ་ལ་རབ་རྒྱུ་ཞིང༌། །ངེས་པ་དོན་དུ་གཉེར་ལ་ལྷག་པར་འཚེ། །ཐར་པའི་སྲོག་ལ་རྒོལ་བའི་གདུག་པ་ཅན། །ཐེ་ཚོམ་ཤ་ཟའི་འཇིགས་པ་བསྐྱབ་ཏུ་གསོལ། །ཁྱོད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཞི་བ་དང༌། །ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་སོགས། །མཐུན་པའི་རྐྱེན་རྣམས་ཡིད་བཞིན་འགྲུབ་པར་མཛོད། ། ཞིང་མཆོག་བདེ་བ་ཅན་དེར་འགྲོ་བ་ཀུན། །འདྲེན་པ་འོད་དཔག་མེད་པས་རྗེས་བཟུང་ནས། །དཀའ་བ་བརྒྱ་ཕྲག་སྤྱད་པ་མེད་པར་ཡང༌། །མྱུར་དུ་སངས་རྒྱས་ས་ལ་རེག་གྱུར་ཅིག །བདག་ཀྱང་རྟག་ཏུ་ཚེ་རབས་དྲན་པ་དང༌། །བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་ཞིང༌། །རྒྱལ་སྲས་སྤྱོད་པ་རླབས་ཆེན་འཚོལ་བ་ལ། །བརྩོན་འགྲུས་ཆུ་བོའི་རྒྱུན་བཞིན་བསྟེན་པར་ཤོག །རང་དོན་སྒྲུབ་ལ་ནམ་ཡང་མི་རེ་ཞིང༌། །གཞན་དོན་འབའ་ཞིག་སྒྲུབ་ལ་གཞོལ་བ་དང༌། །སྤྱན་དང་མངོན་ཤེས་སྨྲ་མཁས་བཟོད་པ་སོགས། ། གཞན་དོན་བྱེད་པའི་རྐྱེན་རྣམས་ཚང་བར་ཤོག །རབ་འབྱམས་ཞིང་དུ་རྒྱལ་བའི་དམ་ཆོས་ཀུན། །རྒྱས་པར་བྱེད་ལ་ནམ་ཡང་མི་ཞུམ་ཞིང༌། །རྟག་ཏུ་སེམས་ཅན་དོན་བསྒྲུབ་པའི་ཕྱིར། །རྒྱལ་བའི་གོ་འཕང་བདེ་བླག་ཐོབ་གྱུར་ཅིག།།། ཨོཾ་འཁོར་བ་ལས་སྒྲོལ་ཏཱ་རེ་མ། ། ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། ། ཏུ་རེ་ན་བ་རྣམས་ལས་སྒྲོལ། ། སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། ། པདྨ་དཀར་པོའི་དབུས་གནས་པ། ། ཟླ་བའི་གཟུགས་ཀྱི་གདན་སྟེང་དུ། ། རྡོ་རྗེའི་སྐྱིལ་ཀྲུང་བཅས་མཛད་མ། ། མཆོག་སྦྱིན་མ་ལ་ཕྱག་འཚལ་ལོ། ། སྟོན་ཀའི་ཟླ་བའི་མདོག་འདྲ་ཞིང་། ། ཟླ་བ་ལ་ནི་རྒྱབ་བརྟེན་མ། ། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། ། ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། ། བཅུ་དྲུག་ལོན་པའི་ལུས་དང་ལྡན། ། རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། ། འདོད་སྦྱིན་སྐུ་ནི་འཆང་བའི་ཡུམ།། སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། ། འཁོར་ལོ་དཀར་པོའི་འོད་ཟེར་དཀར། །རྩིབས་བརྒྱད་ལ་ནི་ཡི་གེ་བརྒྱད། །ཡོངས་སུ་བསྐོར་བའི་རྣམ་པ་ཅན། །འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ། །ཡིད་བཞིན་འཁོར་ལོ་ཚེ་འཕེལ་མ། །ལྷ་མོ་ཁྱོད་ལ་གསོལ་བ་ནི། །ཚེ་ཡི་བར་ཆད་ཞི་བ་དང་། །ནད་དང་སྡུག་བསྔལ་ཐམས་ཅད་ལས། །ནུས་ལྡན་ཁྱོད་ཀྱིས་བསྐྱབ་ཏུ་གསོལ། །མཆོག་དང་ཐུན་མོངས་དངོས་གྲུབ་ཀུན། །མ་ལུས་བདག་ལ་གནང་བར་མཛོད། །འཕགས་མ་ཁྱོད་ལ་དད་བྱེད་པ། །དེ་ལ་རྟག་ཏུ་བུ་བཞིན་དགོངས། །བདག་ཀྱང་ཁྱེད་ལ་གསོལ་འདེབས་ཀྱིས། །ཐུགས་རྗེའི་ལྕགས་ཀྱུས་གཟུང་དུ་གསོལ། །ལྷ་མོའི་སྐུ་མདོག་ཟླ་འདྲའི་མདོག །སྒེག་ཅིང་དུལ་བའི་ཆ་བྱེད་ཅན། །གཟུགས་མཛེས་རིན་ཆེན་རྒྱན་གྱིས་སྤྲས། །མཛེས་པ་དར་གྱི་སྨད་གཡོགས་ཅན། །པདྨ་ཟླ་བའི་དབུས་གནས་པ། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་མཛད། །ཞལ་གཅིག་ཕྱག་གཉིས་འཛུམ་བག་ཅན། །དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ། །ལྷ་མོ་ཁྱོད་ལ་རྟག་ཏུ་འདུད། །བདག་གཙུག་ཡིད་བཞིན་ནོར་གྱུར་ཅིག ། ཁྱོད་ལ་ཆ་ཙམ་བསྟོད་པས་ནི། །བདག་ཅག་བྱང་ཆུབ་སྒྲུབ་པ་ལ། །དུས་འདི་ནས་བཟུང་བྱང་ཆུབ་བར། །མི་མཐུན་རྐྱེན་རྣམས་ཞི་བ་དང་། །མཐུན་རྐྱེན་ཕུན་སུམ་ཚོགས་གྱུར་ཅིག ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཅི་ནུས་བཟླས་མཐར། །འཇིག་རྟེན་གསུམ་ཀུན་སྐད་ཅིག་གཡོ་བ་ཡི། །ནུས་པའི་དགྲ་ཅག་ཆོམ་རྐུན་མ་ལུས་པ། །འཆིང་ཞིང་གནོན་པར་མཛད་པའི་བཅོམ་ལྡན་མ། །རྒྱལ་ཡུམ་སྒྲོལ་མའི་ཞབས་ལ་གུས་ཕྱག་འཚལ། །ཨོཾ་ཏཱ་རེ་ཏུཏྟརེ་ཏུ་རེ་དགྲ་བགེཊ་ཨཱ་མུ་ཀཱ་མ་རཱ་ཡ་ཕཊ། ཨོཾ་ཏཱ་རེ་ཏྟུཏ་རེ་ཏུ་རེ་སརྦ་ཙོ་ར་ཏཾ་བྷ་ཡ་ནད་གནོད་བྱེད་དགྲ་རྐུན་ཇག་གསུམ་ཐམས་ཅད་འཆིང་ཤིག །ཕྱིར་ཟློག་ཅིག །ཕྱག་འཚལ་བསྐལ་བ་མཐའ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་སྐྱང་གཡོན་སྐུམ་ཀུན་ནས་སྐོར་དགུའི། །དགྲ་ཡི་དཔུང་ནི་རྣམ་པར་ཆོམ་ཤིག རྗེ་བཙུན་སྒྲོལ་མ་ཁྱེད་ཀྱིས་བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། །བདག་གི་ཚེ་བསྲིང་བར་མཛད་དུ་གསོལ། ནད་དང་གདོན་ཞི་བར་མཛད་དུ་གསོལ། །སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་བ་མྱུར་དུ་ཐོབ་པར་མཛད་དུ་གསོལ། ལན་གསུམ། འཕཊ་མ་སྲས་དང་བཅས་པ་ལ། །མཆོད་བསྟོད་གསོལ་བ་བཏབ་པས་མཐུས། །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན། །མཛད་འཕྲིན་རྟག་ཏུ་རྒྱས་གྱུར་ཅིག །འཕཊ་མ༴།མཆོད༴ དགེ་འདུན་སྡེ་རྣམས་ཐུཊ་མཐུན་ཞིང་། །བཤད་སྒྲུབ་བསྟན་པ་རྒྱས་གྱུར་ཅིག །འཕཊ༴ །མཆོད༴ ཆར་གྱི་རྒྱུན་བཟང་མྱུར་འབེབས་པའི། འགལ་རྐྱེན་ཀུན་སེལ་མཐུན་རྐྱེན་སྒྲུབ། །འཕཊ༴ །མཆོད༴ འགལ་རྐྱེན་ཉེར་འཚེ་ཀུན་ཞི་ཞིང་། །མཐུན་རྐྱེན་ལེགས་ཚོགས་རྒྱས་གྱུར་ཅིག །འཕཊ༴ མཆོད༴ སྡིག་སྒྲིབ་མ་ལུས་ཀུན་བྱང་ཞིང་། །རྟག་ཏུ་འཕཊ་མས་རྗེས་འཛིན་ཤོག ། མདོ་དང་རྒྱུད་སྡེ་རྒྱ་མཚོའི་དམ་ཆོས་ཀུན། །ལེགས་པར་རྟོཊ་ནས་གཞན་ལ་འདོམས་པ་དང་། །ཚུལ་བཞིན་སྒྲུབ་པའི་རྒྱལ་མཚན་འཛིན་པ་ལ། །འཁོར་བ་མ་སྟོངས་བར་དུ་བརྩོན་པར་ཤོག །རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། ། བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། ། སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས། ། རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། ། དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང་། ། ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས། ། ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ལ། ། བར་ཆད་གདོན་བགེགས་རིམས་དང་ནད་ལ་སོགས། ། དུས་མིན་འཆི་བར་འགྱུར་བ་སྣ་ཚོགས་དང་། ། རྨི་ལམ་ངན་དང་མཚན་མ་ངན་པ་དང་། ། འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། ། མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། ། འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི། ། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་རྣམས། ། འཕེལ་ཞིང་རྒྱས་པའི་དོན་རྣམས་མ་ལུས་པ། ། འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། ། སྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང་། ། རྟག་ཏུ་ཁྱོད་སྒྲུབ་ཞལ་མཆོག་མཐོང་བ་དང་། ། སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ། ། ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། ། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། ། པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། ། སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། ། ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག། བདག་གིས་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ། ། དུས་གསུམ་སངས་རྒྱས་ཀུན་གྱི་འཕྲིན་ལས་མ། ། སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞི་མ། ། ཡུམ་གྱུར་ཨཏྤལ་བསྣམས་པའི་བཀྲ་ཤིས་ཤོག། ། རྒྱལ་ཡུམ་སྒྲོལ་མ་ཁྱེད་སྐུ་ཅི་འདྲ་དང་། ། འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། ། ཁྱེད་ཀྱི་མཚན་མཆོག་བཟང་བོ་ཅི་འདྲ་བ། ། དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག། ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། ། བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར། ། ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། ། ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།། །། ཚུལ་འདི་འབད་ལས་བྱུང་བའི་དགེ་བ་འདིས། །བདག་སོཊ་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །བཤེས་གཉེན་རྗེ་བཙུན་སྒྲོལ་མས་རྗེས་བཟུང་ཏེ། །རང་གཞན་དོན་གཉིས་འགྲུབ་པའི་རྒྱུ་རུ་སྔོ། །བཅོམ་ལྡན་སྒྲོལ་མས་བདག་སོཊ་སེམས་ཅན་རྣམས། །ཕྱི་ནང་འཇིགས་ཆེན་བཅུ་དྲུག་ལ་སོཊ་པ། །ཉེར་འཚེ་ཀུན་ལས་སྐྱབས་ཏེ་འཁོར་བ་ལས། །བསྒྲལ་ཏེ་ཀུན་མཁྱེན་ས་ལ་བཞག་ཏུ་གསོལ།། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲི་ཌྷོ་མེ་བྷཱ་ཝ། སུ་ཏོ་ཥྱོ་མེ་བྷཱ་ཝ། སུ་པོ་ཥྱོ་མེ་བྷཱ་ཝ། ཨ་ནུ་རཀྟོ་མེ་བྷཱ་ཝ་སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦྦ་ཀརྨ་སུ་ཙ་མེ། ཙིཏྟྲཾ་ཤྲཱི་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ།བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྫ། བིཛྲཱི་བྷཱ་བ། མཧཱ་ས་མ་ཡ་སཏྭ་ཨཱ། །ཧཱུཾ་ཕཊ། ལན་གསུམ། མ་རྙེད་ཡོངས་སུ་མ་ཤེས་དང་། །གང་ཡང་ནུས་པ་མ་མཆིས་པ། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་མཛད་རིགས། །ལྷག་པ་དང་ནི་ཆད་པ་དང་། །ཆོ་གའི་ཡན་ལག་ཉམས་པ་དང་། །བདག་གི་བརྗེད་ངེས་ཅི་མཆིས་པ། །དེ་ཡང་བཟོད་པར་མཛད་དུ་གསོལ། དེ་ནས་རྟེན་ཡོད་ན། །འདིར་ནི་གཟུཊ་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་ཏུ་བཞུཊ་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེཊ་པར་སྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད་ལ་བརྟན་བཞུཊ་བྱ། མེད་ན་གཤེཊ་གསོལ་བྱས་ནས། །བདག་གི་ཚེ་རབས་སྔོན་ནས་སྒྲུབ་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་འཕྲིན་ལས་མ། །སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞི་མ། །ཡུམ་གྱུར་ཨུཏྤལ་བསྣམས་པས་བཀྲ་ཤིས་ཤོག །སྐུ་ཡི་སྐྱོན་སྤངས་མཚན་དང་དཔེ་བྱད་རྒྱན། །གསུང་གི་སྐྱོན་སྤངས་ཀ་ལ་པིང་ཀའི་དབྱངས། །ཐུཊ་ཀྱི་སྐྱོན་སྤངས་ཤེས་བྱ་མཐའ་དག་གཟིཊ། །བཀྲ་ཤིས་དཔལ་འབར་མ་ཡིས་བཀྲ་ཤིས་ཤོག །