Jump to content

སྒྲོལ་དཀར་མཚོ་

ཡོང་ཁུངས་Wikipedia

ཕ་ཡུལ་ཁྱུང་ཆུ་ནས་ཡིན་པའི་བོད་ཁུལ་གྱི་ཆེས་ཐོག་མའི་སྐྱེས་མ་ཨེ་འགོག་རང་བདུན་པ། བོད་ཁུལ་ཨེ་འགོག་ཞབས་ཞུ་ལྟེ་གནས་སུ་ཞབས་ཞུ་སྒྲུབ་བཞིན་ཡོད། ༢༠༠༨ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་བོད་དབྱིན་འཛིན་གྲྭ་ནས་སློབ་མཐར་ཕྱིན་པ་དང་། ༢༠༠༨ལོ་ནས་༢༠༡༢ལོའི་བར་དུ་ཁྱུང་ཆུ་རྫོང་བོད་ཡིག་སློབ་འབྲིང་དུ་དབྱིན་ཡིག་དགེ་རྒན་གྱི་འགན་ཁུར།

༢༠༡༢ལོའི་སྤྱི་ཟླ་༡༢པར་བོད་ཁུལ་གྱི་ཆེས་ཐོག་མའི་སྐྱེས་མ་ཨེ་འགོག་རང་འདུན་པར་གྱུར་བ་དང་། ཞབས་ཞུ་བྱ་ཡུལ་གྱི་ཁྱབ་ཁོངས་གཙོ་ཆེ་ཤོས་ནི་སྤོས་ལྡན་གྲོང་ལྟེ་བ་རུ་བྱས་པའི་སི་ཁྲོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ས་ཁུལ་ཡིན་པ་དང་། དུས་མཚུངས་སུ་དེ་དང་ཉེ་འབྲེལ་གྱི་ཡུན་ནན་དང་ཀན་སུའུ། བོད་ལྗོངས་སོགས་ཞིང་ཆེན་ཁག་གི་རོང་འབྲོག་ཕྱོགས་ས་ཁུལ་དུ་ཨེེ་ཛིའི་རྒྱུན་ཤེས་ཁྱབ་བསྒྲགས་ཀྱི་ཞབས་ཞུ་བསྒྲུབས།

ཁོ་མོས་ལས་ཀ་སྒྲུབ་ཡུལ་གྱི་༼བོད་ཁུལ་ཨེ་འགོག་ཞབས་ཞུ་༽ལྟེ་གནས་ཀྱིས་ད་ལྟའི་བར་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་གྱི་ཞིང་ཆེན་ཁག་ཅིག་གི་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཨེ་འགོག་རང་འདུན་པ་གསོ་སྦྱོང་འཛིན་གྲྭ་བདུན་གསར་འཛུགས་བྱས་པ་དང་རང་འདུན་པ་༨༠༠༠ལྷག་ལ་ཆེད་ལས་ཀྱི་སྦྱོང་བརྡར་སྤྲད། གཞན་ནི་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཨེ་འགོག་ཤེས་བྱ་ཁྱབ་བསྒྲགས་བྱ་མཁན་གྱི་རང་འདུན་པ་༥༡༢གཅིག་བསྡུས་བྱས་པ་དང་། དེ་དག་ལས་ལོ་འཁོར་མོར་རྒྱུན་ལས་གནང་བཞིན་པའི་ཨེ་འགོག་རང་འདུན་པ་༢༨ཡོད།

ཡུལ་ལུང་སོ་སོ་རུ་སྐད་གཉིས་ཡིན་པའི་ཨེ་འགོག་ཤེས་བྱའི་ལག་དེབ་ཁྲི་༢༠༠ལྷག་དང་སྐད་གཉིས་ཟེེར་སྡེར་ཁྲི་༡༠༠ལྷག་རིན་མེད་ཀྱིས་འགྲེམ་སྤེལ་བྱས་པ་དང་། ཨེ་འགོག་བརྗོད་དོན་ཡིན་པའི་དགེ་ལས་དགོང་ཚོགས་ཐེངས་གཅིག་དང་ཨེ་འགོག་ཤེས་བྱ་ཁྱབ་བསྒྲགས་བྱེད་པའི་ལེ་དབར་ཁྲི་ཕྲག་མའི་བྱ་འགུལ་ནི་ཐེངས་ལྔ་ལ་བདེ་ལེགས་ངང་སྤེལ།

ཁྱབ་བསྒྲགས་བྱ་ཡུལ་ནི་བོད་ཡུལ་གྱི་ལྗོངས་ཞིང་ལྔ་ལ་ཁྱབ་ཡོད་པ་དང་། ཐེངས་རེའི་ཤེས་བྱ་བརྒྱུད་སྒྲོག་གི་དུས་ཡུན་ནི་དུས་ཚོད་གཉིས་ལས་བརྒལ་ཡོད་པ་དག་ལ་སྡོམ་རྩིས་ཤིག་བརྒྱབ་ཚེ་མི་གྲངས་ཁྲི་༧༧༢ལྷག་ལ་སློབ་སྦྱོང་གི་གོ་སྐབས་སྤྲད་ཡོད་པ་དང་། སྐད་འཕྲིན་སྤྱི་སྟེགས་ལ་དོ་ཁུར་བྱེད་བཞིན་པའི་མི་གྲངས་ནི་༢༠༣༠༡༥ལྷག་ཡོད།