སྒྱིས་ཚང་ཚོ་གཉིས་

ཡོང་ཁུངས་Wikipedia

སྒྱིས་ཚང་ཚོ་གཉིས་ The Two Tribal Wings of Getsang=[རྩོམ་སྒྲིག]

སྒྱིས་ཚང་ཚོ་གཉིས་ནི་དམེ་ཤུལ་ས་ཆུ་བོའི་སྨད་རྒྱུད་དེ་དེང་སང་གི་བསང་ཆུ་རྫོང་རྨེད་ཤིས་ཞང་ཁོངས་སུ་གནས། དེའི་ལོ་རྒྱུས་བཤད་པ་ལ《མདོ་སྨད་ཆོས་འབྱུང》དུ། ཚྭ་ཆུའི་རྫིང་བུ་དང་དེའི་གོང་ན་ནགས་ཚལ་ཡོད་པས་རྫིང་ཚལ། རྫིང་ཁར་གྲོང་བ་ཡོད་པས་རྫིང་ཚང་ཡང་ཟེར། ཞེས་གསུངས་པ་དང་། རིམ་གྱིས་སྒྲ་ཟུར་ཆག་སྟེ་སྒྱིས་ཚང་དུ་གྱུར། ངག་རྒྱུན་དུ། ཨ་མཆོག་མ་རུ་ཕྱུག་བཞིའམ་སྨད་ཀྱི་ཚོ་བཞིའི་ནང་གི་བསེ་བམ་གཤིས་ཚང་དང་རིན་ཆེན་ཚང་རུས་ཚོ་གཉིས་ལས་གྱེས་པའི་མི་ཁྱིམ་ཁ་ཤས་ཡུལ་འདིར་འོངས་ཏེ་གཞི་བཅས། མཁས་བཙུན་གྱིས་བུམ་གཤིས་ཚང་གི་དཔོན་པོ་བྱས་པ་དང་། སངས་གོ་ཡིས་རིན་ཆེན་ཚང་གི་དཔོན་པོ་བྱས། རིམ་བཞིན་སྒྱིས་ཚང་ཚོ་བ་གཉིས་དང་ཡུལ་སྡེ་བཅུ་གསུམ་དུ་འཕེལ། རབ་བྱུང་གཉིས་པའི་ས་རྟ་སྟེ་སྤྱི་ལོ1738ལོར་སྒྱིས་ཚང་དཔོན་པོ་མཁས་བཙུན་གྱིས་སྦྱིན་བདག་བྱས་ཏེ་སྒྱིས་ཚང་དགའ་ལྡན་ཆོས་གླིང་བཏབ། རྗེས་སུ་དགོན་གནས་སྨན་ཁབ་མདོ་རུ་སྤོས། རབ་བྱུང་བཅུ་བཞི་པའི་ལྕགས་བྱི་ལོར་དགོན་མགོ་ཀུན་མཁྱེན་གསུམ་པ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོར་ཕུལ། ཀུན་མཁྱེན་གྱིས་ཨ་མཆོག་ཁྲི་པ་རིམ་བྱོན་གྱིས་སྒྱིས་ཚང་དགོན་སྐྱོང་རྒྱུ་དང་། བླ་མ་དབུ་མཛད་བསྐོ་བ་སོགས་གཟིགས་སྐྱོང་དཔེ་མེད་མཛད།

རིན་ཆེན་ཚོ་བ[རྩོམ་སྒྲིག]

དེར་གཤིས་ཆེན་དང་དགེ་གསུམ་བཅས་ཡུལ་སྡེ་གཉིས་ཡོད།

བུམ་གཤིས་ཚོ་བ[རྩོམ་སྒྲིག]

དེར་མུ་ཏོ་སྟོད་དང་མུ་ཏོ་སྨད་བཅས་སྡེ་ཁག་གཉིས་ཡོད།