སྐྱིལ་ཀྲུང་

ཡོང་ཁུངས་Wikipedia

རྐང་པ་གཉིས་ཀ་ནང་དུ་བསྐུམས་ནས་འདུག་སྟངས་ཤིག


1.དག་ཡིག་གསར་བསྒྲིགས་ལས། དཀྱིལ་དཀྲུང་གི་འབྲི་ཚུལ་གཞན། 2.བརྡ་དག་མིང་ཚིག་གསལ་བ་ལས། དཀྱིལ་དུ་ཞབས་སྐྱིལ་ཏེ་བཞུགས་པའི་ཚུལ། སྐྱིལ་སྐྲུང་དང་དཀྱིལ་དཀྲུང་དང་སྐྱིལ་དཀྲུང་ཞེས་པའང་སྣང་། 跏跌,盘足坐相,亦作སྐྱིལ་སྐྲུང་། དཀྱིལ་དཀྲུང་། སྐྱིལ་དཀྲུང་།(同)སྐྱིལ་མོ་དཀྲུང་། 3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། དཀྱིལ་ཀྲུང་ངམ་སྐྱིལ་མོ་ཀྲུང་སྟེ། རྐང་པ་གཉིས་ནང་དུ་བསྐུམས་ནས་སྡོད་པའིའདུག་སྟངས་ཏེ་རྣམ་སྣང་ཆོས་བདུན་གྱི་ཡ་གྱལ་ཞིག། 盘腿坐姿。两腿向内弯曲交互重迭的坐姿。旧译跏趺、跏趺坐、全跏趺坐,是毗卢遮那七法之一:ཞབས་སྐྱིལ་ཀྲུང་གིས་བཞུགས་པ། 足结跏趺而坐。སྐྱིལ་ཀྲུང་བཅས་ནས་ཡུན་རིང་བསྡད་དེ་མི་གཞིག་པ། 盘腿久坐,不解跏趺。རྡོ་རྗེ་སྐྱིལ་མོ་ཀྲུང༌། 金刚跏趺,全跏趺。སེམས་དཔའི་སྐྱིལ་མོ་ཀྲུང༌། 萨埵跏趺,半跏趺。སྐྱིལ་མོ་ཀྲུང་དུ་འཁོད་པ། 盘脚坐下。 4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས། མིང་ཚིག ①རྐང་པ་གཉིས་ཀ་ནང་དུ་བསྐུམས་ནས་འདུག་སྟངས་ཤིག་སྟེ། དཔེར་ན། སྐྱིལ་ཀྲུང་དུ་འཁོད་པ། སྐྱིལ་ཀྲུང་བཅས་ནས་བསྡད་པ་ལྟ་བུ། ②ཆོས་ལུགས། རྣམ་སྣང་ཆོས་བདུན་གྱི་ནང་གསེས་ཤིག་སྟེ། རྐང་མགོ་གཉིས་བརླ་གཡས་གཡོན་གྱི་སྟེང་དུ་བཞག་སྟེ་རྐང་པ་བསྣོལ་ནས་འདུག་སྟངས་ཤིག དཔེར་ན། ཞབས་སྐྱིལ་ཀྲུང་གིས་བཞུགས་པ། རྡོ་རྗེའི་སྐྱིལ་ཀྲུང་ལྟ་བུ།