སྐར་མ་མིག་དམར་ཐོག་གི་རྐང་རྗེས་

ཡོང་ཁུངས་Wikipedia

ང་རང་ཆེས་འགྱོད་ཤོས་དེ་ང་ཚོ་དེ་ན་ཐོན་དུས་ཁྱོད་ཚོ་འགྲོ་ཚར་བ་དེ་རེད། ཡོང་བ་ཕྱི་དྲགས་པའམ་ཡང་ན་འགྲོ་བ་སྔ་དྲགས་པ་གང་རུང་ཞིག་གིས་ང་ཚོའི་བར་དུ་འདི་ཕྱི་ལྟ་བུའི་བར་སྟོང་ཞིག་བྱུང་སོང་ཨང་།

གོ་ཐོས་ལྟར་ན་ཉེ་ལམ་ཡང་ཁྱོད་ཚོའི་རྐང་རྗེས་ཤིག་མཐོང་སོང་ཟེར། ད་རུང་རྐང་རྗེས་དེའི་ཕ་རོལ་ན་རྐང་རྗེས་མང་པོ་ཡོད་པར་ཚོད་དཔག་བྱེད་ཀྱིན་འདུག ང་ཚོའི་ད་སྐབས་ཀྱི་གོམ་འགྲོས་འདི་ཡིས་ཁྱོད་ཚོའི་རྗེས་ཟིན་དཀའ་བར་བསམ་ན་སེམས་ཀྱི་ཁུར་པོ་འདི་ཇི་འདྲའི་ལྕི་བ་ལ་ཨང་།

འགའ་ཤས་ཤིག་གིས་ཁྱོད་ཚོ་འགྲོ་ཚར་བ་དེ་ང་ཚོའི་བསོད་ནམས་ཡིན་པ་སྐད་ཅིག་བཤད་སོང་། སྐབས་འདིར་ང་ལ་དྲི་བ་ཞིག་ཡོད་པ་ནི་གལ་ཏེ་ངོ་མ་ང་ཚོ་ངོ་འཕྲད་པའི་ཉི་མ་ཞིག་བྱུང་བ་ཡིན་ན་ཁྱོད་ཚོས་ང་ཚོ་ཁྱུར་མུད་དུ་བཏང་སྲིད་དམ།ངོ་མ་ཁྱུར་མུད་དུ་བཏང་སྲིད་དམ།

གསལ་བཤད། ཉེ་ལམ་ཨ་རིའི་(NASA)ལས་ཁུངས་ཀྱིས་སླར་ཡང་གཟའ་མིག་དམར་ཐོག་ནས་སྔོན་ཆད་སྲོག་ཆགས་འཚོ་སྡོད་བྱས་མྱོང་ཡོད་པའི་རྗེས་ཤུལ་ཞིག་མཐོང་སོང་ཟེར་བས་དེ་འཕྲལ་དུ་བྲིས་པའོ།།