Jump to content

སོན་སྟོང་

ཡོང་ཁུངས་Wikipedia

གསོན་པོར་རྨས་སྐྱོན་བྱུང་ན་རྨ་གསོས་དང་སྨན་རིན་སྤྲོད་པ་སྟེ་། ཡོངས་གྲགས་སུ་རྨས་པ་ཁྲག་གི་ཞལ་ལྕེ་ཡང་ཟེར་། དེ་ཡང་རྨས་སྐྱོན་ཆེ་ཆུང་དང་རྨ་ཁ་གཏིང་། ཆེད་གཉེར་གྱིས་མཚོན་བཏབ་པའམ་། ལག་ཐལ་ཤོར་བ་། ལུས་ཀྱི་གནད་ཆེ་སར་ཁེལ་ཡོད་མེད་སོགས་ལ་གཞིར་བཟུང་ནས་རྨ་གསོས་དང་སྨན་རིན་ཐོབ་ཆེ་ཆུང་གི་གཏན་འཁེལ་བྱས་པ་ལ་ཟེར་། བཙན་པོའི་དུས་སྐབས་སུ་རྨས་པ་ཁྲག་གི་ཞལ་ལྕེའི་སྐོར་ཞིབ་པར་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》དེབ་གཉིས་པར་གཟིགས་།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།