Jump to content

སོག་ཕོགས་ཁང་

ཡོང་ཁུངས་Wikipedia

དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཀྱི་ལས་ཁུངས་ཞིག་སྟེ་། རབ་བྱུང་བཅོ་ལྔ་པའི་མེ་འབྲུག་(༡༩༡༦)ལོར་མདོ་སྤྱི་བཀའ་བླ་བྱམས་པ་བསྟན་དར་ནས་མདོ་སྨད་ཁུལ་གྱི་ཕོགས་ཁང་མཁན་རིམ་སྦྲེལ་པོས་མི་ཁྱབ་པས་ཧོར་ཚོ་པ་ས་དགུའི་ཁོངས་དང་། སོག་ ནག་ཆུ་ཚུན་ལ་འབྲེལ་མཚུངས་ཕོགས་ཁང་གསར་འཛུགས་ཡོད་པ་ཞེས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པར་པར་སྙན་ཞུས་ལྟར་ཧོར་ཚོ་ཁུལ་དང་། སོག་ ནག་ཆུ་། གནམ་རུ་། ནག་ཚང་ཚུན་གྱི་བྱང་རིགས་ས་སྲུང་ཁག་ལ་སོག་ཕོགས་ཁང་དོ་དམ་མགྲོན་ལས་སྦྲེལ་པོ་བསྐོ་བཞས་གིས་རྩ་བའི་ཕོགས་དམིགས་ཧོར་ཚོ་ཁུལ་སྟེང་ཆེན་དང་། སེར་ཚ་། འབྲི་རུ་ཁུལ་བཅས་ནས་ས་མཚམས་ཐོབ་ཤོར་གྱི་རྩོད་བསྙད་ཡོ་ལང་རིགས་བོད་ས་གནས་སྲིད་གཞུང་ལ་དགོངས་བསྐོར་ཞུ་དགོས་པ་ལས་། དེ་བྱིངས་མདོ་སྤྱི་རང་ནསཐག་གཅོད་བྱས་ཆོག་པ་བཅས་རེད་།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།