སེར་སྐྱ་པ་
མཐོང་རིས་
ཕྱི་རོལ་གྲངས་ཅན་པའི་གྲུབ་མཐའི་མིང་གི་རྣམ་གྲངས་ཤིག་སྟེ་། སེར་སྐྱ་སྟོན་པར་འཛིན་པས་གྲུབ་མཐའི་མིང་ལ་སེར་སྐྱ་པ་ཞེས་བརྗོད་ཅིང་། དྲང་སོང་སེར་སྐྱ་ནི་། སྔོན་ཚེ་ལོ་དཔག་ཏུ་མེད་པའི་དུས་སུ་བྱུང་ཞིང་། དེས་བསྟི་གནས་སུ་བསྒོམས་པས་མངོན་ཤེས་ལྔ་དང་ལྡན་པར་གྱུར་ཏེ་ཤེས་བྱ་ཐམས་ཅད་བདག་དང་གཙོ་བོ་སོགས་ཉེར་ལྔག་གྲངས་ངེས་པར་གོ་གནས་རང་གིས་མཐོང་བའི་དེ་ཉིད་གཞན་ལ་བསྟན་ཕྱིར་གྲངས་ཅན་གྱི་བསྟན་བཅོས་བརྩམས་པ་སོགས་སྐྱེས་སྟོབས་ཀྱི་ཤེས་རབ་ལྡན་པ་ཞིག་ཡིན་། དེའི་རལ་པའི་ཁ་དོག་སེར་སྐྱ་ཡིན་པས་སེར་སྐྱ་ཞེས་བརྗོད་། སེར་སྐྱའི་བསྟི་གནས་བྱེད་ཡུལ་དེ་ལ་ཕྱིས་གྲོང་ཁྱེར་སེར་སྐྱ་ཟེར་ཞིང་། སངས་རྒྱས་ཤཱཀྱ་ཐུབ་པའི་འཁྲུངས་ཡུལ་ཡང་གྲོང་ཁྱེར་དེར་ཡིན་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།