སེར་རྩེ་སྒྲུབ་ཁང་རི་ཁྲོད་
མཐོང་རིས་
སེ་ར་དགོན་པའི་རྒྱས་རིའི་ངོས་སུ་ཡོད་པའི་སེ་ར་རྩེ་སྒྲུབ་ཁང་རི་ཁྲོད་དུ་དུས་རབས་བཅོ་ལྔ་པའི་ནང་རྗེ་ཙོང་ཁ་པས་སྒྲུབ་པ་མཛད་པའི་སྒྲུབ་ཁང་ཞིག་ཡོད་པ་དེར་དུས་རབས་བཅོ་བརྒྱད་པའི་སྟོད་ཆ་སེ་རྭ་སྒྲུབ་ཁང་སྐུ་ཕྲེང་དང་པོ་དགེ་ལེགས་རྒྱ་མཚོས་སྒྲུབ་པ་མཛད་ཅིང་བཞུགས་པར་ཕུར་ལྕོག་ངག་དབང་བྱམས་པ་དང་། མཁར་རྡོ་བཟོད་པ་རྒྱ་མཚོ་སོགས་སློབ་མ་དུ་མ་འདུས་པ་ལས་སེ་ར་རྩེ་སྒྲུབ་ཁང་རི་ཁྲོད་ཅེས་པའི་འདུ་ཁང་དང་། བླ་བྲང་། གྲྭ་ཤག་རྣམས་ཚགས་། སྒྲུབ་ཁང་སྤྲུལ་སྐུ་སྐུ་ཕྲེང་ན་རིམ་ནས་ཞལ་བདག་མཛད་། སེ་ར་ཧར་གདོང་ཁང་ཚན་ནས་དགེ་སློང་ཉི་ཤུ་འཛུགས་སྲོལ་དང་། བླ་བྲང་དུ་ལས་ཀ་བྱེད་མི་ནག་ཆུ་སོགས་ནས་ཡོང་སྲོང་ཡོད་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།