སེར་རྩ་

ཡོང་ཁུངས་Wikipedia

སེར་རྩ་ བོད་ཀྱི་རུས་ཞིག གནའ་བོའི་ཞང་བོད་ཀྱི་དུས་སུ་ལྷོ། གཉགས། ཁྱུང་། སྣུབས། སེ། སྤོ་བཅས་ཡབ་འབངས་རུས་དྲུག་ཡོད་པའི་གྲས་ཁྱུང་པོའི་གདུང་རྒྱུད་རིམ་པར་བྱུང་བའི་ཁྱུང་དཀར་ནག་སེར་གསུམ་དུ་ཆད་པ་ལས་ཁྱུང་སེར་གྱི་རྒྱུད་པ་ཡིན་ལ། མདོ་སྟོད་ནང་ཆེན་དང་། ཆབ་མདོ། ནག་ཆུ་ཕྱོགས་སུ་ཆེས་ཆེར་དར་ཞིང་། སེར་ཙ་དང་སེར་ཚ་སེར་རྩ་སོགས་སུ་འབོད་པའི་རིགས་སུ་དེ་དག་ཡིན་ལ་དེང་སང་སེར་རྩ་ཞེས་ཡོང་གྲགས་སུ་འབོད་ཀྱི་ཡོད་པ་རེད། ཞིབ་རྒྱས་བྱེ་བྲག་གི་ལོ་རྒྱུས་སོགས་ལ་གཟིགས་ན་ཤེས།