སེར་མོ་བའི་རྒྱལ་ཁམས་འཇིག་པ་

ཡོང་ཁུངས་Wikipedia
བོད་ཡིག་མིང་། བོད་ཀྱི་ཉེ་རབས་(༡༩༡༣–༡༩༥༡)ལོ་རྒྱུས། སེར་མོ་བའི་རྒྱལ་ཁམས་འཇིག་པ།
དབྱིན་ཡིག་མིང་། The Demise of the Lamaist State; The Demise of a Lamaist State(༡༩༨༩ལོར་གསར་དུ་དཔར་བསྐྲུན་བྱས་)
རྒྱ་ཡིག་མིང་། 西藏近代史;喇嘛王国的覆灭(བསྒྱུར་མཁན། ཏུ་ཡོང་པིན། ༡༩༩༣ལོར་གསར་དུ་དཔར་བསྐྲུན་བྱས་)
མ་དེབ། དབྱིན་ཡིག
རྩོམ་པ་པོ། ཨ་རིའི་བོད་རིག་པ་བ་མཁས་ཆེན་མེལ་ཀིན་སི་ཐེན་

བོད་ཡིག་ཏུ་བསྒྱུར་མཁན།[རྩོམ་སྒྲིག]

དུང་དཀར་ཚེ་རིང་(ནག་ཆུ་) ཉི་མ་སྲི་ཐར་(འདམ་གཞུང་)

གུས་འདུད་དང་སྦྲགས།[རྩོམ་སྒྲིག]

དེབ་འདི་ངའི་ཡབ་ཡུམ་གཉིས་ལ་ཕུལ། ཁོང་རྣམ་གཉིས་ཀྱིས་ང་ལ་རོགས་པ་ཡོད་ཚད་གནང་བྱུང་ལ། སློབ་དཔོན་ཨན་ཏེ་རེ་•ལོ་པཱ་ནོ་ཝི་•རོ་སི་ཐོ་ཝི་སི་ཁི་ལགས་ལ་ཡང་ཕུལ། ཁོང་གིས་ཐེངས་དང་པོར་ང་རང་ལོ་རྒྱུས་དང་། ཡ་གླིང་ལ་དགའ་མོས་བསྐྱེད་བཅུག་བྱུང་། སློབ་དཔོན་ཝི་ལི་ལགས་ལ་ཕུལ། ཁོང་ཡོད་པའི་རྐྱེན་གྱིས། ང་རང་བོད་ཀྱི་སྐད་དང་། སྤྱི་ཚོགས། ལོ་རྒྱུས་བཅས་ལ་དགའ་མོས་སླེབས་བྱུང་། བཀའ་བློན་ཟུར་ཁང་དབང་ཆེན་དགེ་ལེགས་ལགས་ལ་ཕུལ། ཁོང་གིས་ང་ལ་རྙོག་འཛིངས་ཅན་གྱི་བོད་ཀྱི་ལོ་རྒྱུས་ལ་སླབ་འཁྲིད་དང་སྦྲགས་གསལ་ཁ་གནང་བྱུང་། ད་དུང་། ཨན་ཏེ་རེ་དང་། བདེ་ཆེན། དེས་ཁོ་ཚོ་དང་ཁོ་ཚོ་དང་དུས་མཉམ་པའི་མི་ལ་ཆེས་གསལ་བའི་ངང་བླ་མའི་རྒྱལ་ཁབ་སྟོངས་པའི་རྒྱུ་རྐྱེན་ཤེས་བཅུག་པ་རེད།

བཀའ་དྲིན་ཆེ་ཞུ་བ།[རྩོམ་སྒྲིག]

ང་རང་ལོ་བཞིའི་སྔོན་ནས་དེབ་འདི་འབྲི་འགོ་བརྩམས་པ་ནས་བཟུང་། ཨ་རི་དང་། དབྱིན་ཇི། རྒྱ་གར། བལ་ཡུལ། ཁ་ན་ཊ་ད་དུང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་གྲོགས་པོ་མང་པོས་ངའི་ཞིབ་འཇུག་ལས་ཀ་ལ་སྒེར་སེམས་མེད་པའི་རོགས་རམ་གནང་བྱུང་། འདི་ན་ཁོ་ཚོའི་མཚན་རེ་རེ་བཀོད་མ་ཐུབ། དེ་ནས། ངས་རྡ་རམ་ས་ལའི་བོད་ཀྱི་དཔྱད་གཞིའི་དཔེ་མཛོད་ཁང་གི་རྒྱ་མཚོ་ཚེ་རིང་དང་བཀྲ་ཤིས་ཚེ་རིང་ལ་ལྷག་དུ་ཐུགས་རྗེ་ཆེ་ཞུ་བ་ཡིན། ཁོང་རྣམ་ཀྱིས་ང་ལ་ལྷག་བསམ་ཟོལ་མེད་ཀྱིས་ཁོང་གཉིས་ཀྱིས་ཉར་ཚགས་གནང་བའི་ཟིན་བྲིས་དང་རྟག་དཔྱད་སྙན་ཞུ་བེད་སྤྱོད་གཏོང་གནང་བཅུག་བྱུང་། སྐུ་དྲག་ཚ་རོང་དང་སྟོང་དཔོན་སྤུལ་སྐུ་རྣམ་གཉིས་ཀྱིས་ང་ལ་རྡོ་རྗེ་གདན་གྱི་བོད་ཁྱིམ་དང་འབྲེལ་གཏུགས་བྱ་རྒྱུ་ལ་སྟབས་བདེ་བསྐྲུན་བྱུང་། ལོན་ཏོན་རྒྱ་གར་ལས་དོན་ཁང་དང་། ལོན་ཏོན་སྤྱི་པའི་དཔྱད་གཞི་ཁང་། ད་དུང་ཝ་ཤིན་ཊོན་གྱི་རྒྱལ་ཁབ་ཡིག་ཚགས་ཁང་གི་ལས་མིས་ང་ནང་དུ་འཛུལ་བ་ལ་དམིགས་གསལ་གྱི་དབང་ཆ་གནང་བྱུང་། ཛ་སག་ཚ་རོང་༿རིམ་བཞིའི་དཔོན།༾ ཁེང•ཧྲི་མེད་སྲི། ལིས་སྐྱིད་ཧྲིང་། དགེ་ལེགས་སྤྲུལ་སྐུ་དང་། དེ་བཞིན་རྒྱ་གར་ལས་དོན་ཁང་ནས་ང་ལ་གལ་ཆེའི་ལོ་རྒྱུས་མི་སྣ་གའི་འདྲ་པར་མཁོ་སྟོན་བྱས་བྱུང་། བློ་བཟང་ལྷ་ལུང་པས་ཐུགས་རྒྱ་ཆེན་པོས་བདག་ལ་ཁོང་གིས་ཉར་ཚགས་གནང་བའི་རྩ་ཆེའེ་དཔྱད་གཞི་བཀོལ་བཅུག་བྱུང་ལ། ལིས་སྐྱིད་ཧྲིང་དང་ཨ་ཕོ་སི་ཐན་ ༿Larry Epstein༾གཉིས་ཀྱིས་དེབ་འདིའི་ཐོག་མའི་ཟིན་བྲིས་ལ་རིན་ཐང་ཆེ་བའི་ལྟ་བ་དང་བསམ་འཆར་ཡང་གནང་བྱུང་། དེ་ལྟར་ནའང་། ཁོང་རྣམ་ལ་ནི་དེབ་འདིའི་ནོར་འཁྲུལ་དང་ཆད་ལྷག་བཅས་ལ་འགན་ཅི་ཡང་མི་འཁྲི།

ངས་ད་དུང་། རྒྱལ་ཁབ་མི་རིག་ཚན་རྩལ་ཐེབས་རྩ་ཚོགས་པས་ང་ལ་ཨང་གྲངས་RO-2061-82དང་RO-20886-85གཉིས་ཀྱི་རྣམ་གྲངས་རོགས་སྐྱོར་དང་། དེ་བཞིན། རྒྱལ་ཁབ་རྟེན་མཛོད་ཁང་ཞིབ་འཇུག་ལྟེ་གནས་ནས་ཨང་གྲངས་20805900གི་མ་དངུལ་རོགས་སྐྱོར་གནང་བར་ལ་ཐུགས་རྗེ་ཆེ་ཞུ། མ་དངུལ་དེ་དག་ཡོད་པས། ང་ལ་གཞི་ནས་དེ་གའི་སློབ་ཆེན་གྱིས་མཁོ་སྟོན་གནང་བའི་ཞིབ་འཇུག་ཀྱི་དུས་ཚད་རག་བྱུང་ལ། དེས་མ་ཚད། སྔོན་གྱི་བོད་དབྱིན་སྲིད་གཞུང་གི་དཔོན་རིགས་བཅས་ལ་བཅར་འདྲི་རྒྱ་ཆེན་ཡང་བྱ་ཐུབ་སོང་། ད་དུང་ང་རང་ཀྲུང་གོའི་རྒྱལ་ཁབ་ཀྱི་མཐོ་རིམ་སློབ་སྦྱོང་དང་ཞིབ་འཇུག་འཆར་གཞི་ ༿CSCPRC༾ལ་བརྟེན་ནས་ལྷ་སར་ཚིག་མཛོད་ ༿མཆན་འགྲེལ། དེང་རབས་དབྱིན་བོད་ཚིག་མཛོད།༾རྩོམ་སྒྲིག་གི་ལས་ཀར་བཞུགས་པའི་རེ་འདུན་ལ་ཆོག་མཆན་གནང་བྱུང་། དེས་ང་ལ་བོད་ཀྱི་དེང་རབས་ལོ་རྒྱུས་ཀྱི་ཆེས་གསར་བའི་རིག་གཞུང་དཔྱད་རྩོམ་དང་སྔོན་གྱི་བོད་གཞུང་གི་དཔོན་པོ་གལ་ཆེན་ལ་འཚམས་འདྲི་བྱ་བའི་གོ་སྐབས་རག་བྱུང་། ཞིབ་འཇུག་རྣམ་གྲངས་འདིར་འགོ་ནས་འཇུག་བར་ག་སྲིའི་ནུབ་ཁུལ་གྱི་སྦ་ལེའུ་ཏི་སློབ་ཆེན་གྱི་ཚད་མཐོའི་རྒྱབ་སྐྱོར་ཐོབ་ཡོད། ཐེངས་མང་པོར་ང་སློབ་གྲྭ་ནས་ཁ་བྲལ་ཏེ་ཕྱི་རྒྱལ་དུ་རྟོག་ཞིབ་བྱ་བར་བཏང་ཞིང་ད་དུང་ང་ལ་མ་དངུལ་འཕར་མའི་རོགས་སྐྱོར་ཡང་གནང་བྱུང་།
དེས་མ་ཚད། ང་རང་ཆེས་དགའ་འོས་པ་ནི་ངར་ཉམས་མྱོང་གིས་ཕྱུག་པ། ལས་ཀ་ལ་གཏིང་དཔོག་མཁས་པའི་རྩོམ་སྒྲིག་པ་དང་། ཚན་རིག་ཞིབ་འཇུག་གི་རོགས་སྐྱོར་མི་སྣ། དཔེ་བསྐྲུན་མི་སྣ་བཅས་ཀྱིས་རོགས་རམ་ཐོབ་པ་དེ་ཡིན། ཁོང་རྣམ་པ་ནི། འཕྲིན་ལས་རྡོ་རྗེ། ལི་ཁྲ་བདེ·དགེ་འུན་སྲི། ལོ་ལེ·དགོས་པོ། ལུང·རྗེ་ཨ་ལོན། ཁ་ལ·ཨོའོ་ལི་སྲི། སྦི་བདེ·ལོ་ཏི་སྲི། བདེ་གནའ·འེ་དགེ་དང་གའི་སྲའི་ཡ། དེ་དག་འཕུད། དབུས་ལེན·རྨའི་ཁེ་ལུན་དང་། ཁོང་གི་ལག་འོག་གི་ཅ་ལིད་བོས་ཉིས་ཡ་སློབ་ཆེན་དཔེ་སྐྲུན་ཁང་གི་ལས་མི་ཚོས་ང་ལ་རིན་ཐང་ལྡན་པའི་བསམ་འཆར་བཏོན་གནང་བྱུང་། འདི་ན་ལྷན་དུ་ཚང་མར་ཐུགས་རྗེ་ཆེ་ཞུ།

   མེལ་ཀིན་སི་ཐན། སྤྱི་ལོ་༡༩༨༧ལོའི་ཟླ་བ་བཞི་པར་ཁེ་ལེ་བེ་ལཱན་ནས།

མཛུབ་སྟོན་ས་ཀྲ[རྩོམ་སྒྲིག]

སྔོན་འགྲོ[རྩོམ་སྒྲིག]

སྤྱི་ལོ་1912-1913 རྒྱལ་བ་སྐུ་ཕྲིང་བཅུ་གསུམ་མཆོག རྒྱ་གར་གྱི་བཙན་བྱོལ་འཚོ་བ་མཇུག་བསྒྲིལ་ནས། བོད་ལ་ལོག་སྟེ་ཡུན་རིང་མ་སོང་བར་ཁོང་གི་ལག་འོག་སྐུ་སྲུང་དམག་མིས་རྒྱ་མིའི་དཔོན་པོ་དང་བཅའ་བསྡོད་དམག་མི་བཅས་ཚང་མ་བོད་ནས་ཕྱིར་སྐྲད་ལ། སླར་ཁོང་གི་དབང་འཛིན་གོ་གནས་སྐྱར་གསོ་ཐུབ་པ་བྱུང་མ་ཟད། ལོ་ངོ་སོ་དགུའི་རིང་དུ། བོད་གཞུང་གི་ཕྱི་ནང་ལས་དོན་ལ་འཛིན་སྐྱོང་གནང་བ་རེད། ཀྲུང་གོས་དུས་ནམ་ཡང་གནས་སྟངས་འདི་འདྲར་མཁས་ལེན་བྱས་མ་མྱོང་། རྒྱ་མི་སེར་རྒྱལ་ཁབ་དང་རྒྱལ་གཞུང་གིས་་ནུས་པ་ལྡན་པའི་ངང་ནས་བོད་ལ་ཚོད་འཛིན་དབང་ཆ་སླར་གསོ་ཐོབ་པ་བྱུང་། ཡིན་ན་ཡང་། 1949ལོར་ཅང་ཅེ་ཧྲི་ཐེ་ཝན་ལ་བྲོས་པ་ནས་བཟུང་། ཚོད་འཛིན་དེ་དེ་འདྲའི་ནུས་པ་མེད་པ་སོང་། བོད་ཀྱི་ས་གནས་སྲིད་གཞུང་སྔར་བཞིན་རང་ཐག་རང་གཅོད་བྱེད་ཀྱིན་ཡོད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱང་། གོ་མིན་སྲིད་གཞུང་དང་འདྲ་བར་ཚང་མས་བོད་ནི་"མེས་རྒྱལ་"གྱི་མངའ་འོག་ན་ཁ་བྲལ་ཐབས་མེད་པའི་སྲིད་ཇུས་དེ་རང་བོད་ལ་འཇུག་པའི་སྲིད་ཇུས་ཀྱི་དམིགས་ཚད་ལ་རྩི་གི་ཡོད།1950ལོའི་ཟླ་བ་བཅུ་པར་མི་དམངས་བཅིངས་གྲོལ་དམག་བོད་ལ་སླེབས་པ་དང་། 1951ལོའི་ཟླ་བར་ལྔ་པར་རྒྱལ་བ་སྐུ་ཕྲིང་བཅུ་བཞི་པས་སྣེ་ཁྲིད་པའི་བོད་ཀྱི་ས་གནས་སྲིད་གཞུང་གིས་དོན་ཚན་བཅུ་འདུན་ལ་ས་ཡིག་བཀོད་པ་རེད། དེ་ནས་བཟུང་བོད་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་རང་སྐྱོངས་ལྗོངས་ཤིག་ཏུ་འགྱུར་བ་རེད།
བོད་ཀྱི་ཆབ་སྲིད་གོ་གནས་དང་ཀྲུང་གོའི་དབུས་གཞུང་གཉིས་ཀྱི་འབྲེལ་བའི་ཐད་ལ་རིག་རྩལ་ཅན་དང་དམངས་ཁྲོད་ལྟ་བ་མ་འདྲ་བ་ལྡོག་ཕྱོགས་ཅན་གཉིས་དར་ཁྱབ་ཆེན་པོ་ཡོད། གཅིག་ནི་བོད་དུང་བ་ཚོས་བོད་ནི་ཀྲུང་གོ་གུང་ཕྲན་ཏང་གིས་བཙན་འཛུལ་བྱས་ཞིང་ཀྲུང་གོའི་མངའ་འོག་ན་བཙན་གྱིས་བསྡུས་སོང་བའི་རང་བཙན་རྒྱལ་ཁབ་ཞིག་ཡིན་པར་ངོས་འཛིན་གྱི་ཡོད། ཡང་གཅིག་ཤོས་ནི་རྒྱའི་རྗེས་འབྲངས་པ་ཚོས་བོད་ནི་གནའ་སྔ་མོ་ནས་ཀྲུང་གོའི་མངའ་ཁོངས་ཡིན་པ་དང་དེའི་ཁ་བྲལ་བྱ་བ་ནི་ཆིང་རྒྱལ་རབས་ནུབ་རྗེས་དབྱིན་ཇི་བཙན་རྒྱལ་རིང་ལུགས་པས་བཟོས་ཞིང་སྤེལ་བའི་མཇུག་འབྲས་ཡིན་པར་རྩི། ཡིན་ཡང་བོད་ནི་1951ཉིན་སླར་"མེས་རྒྱལ་"གྱི་སྤངས་ལ་ལོག་པ་རེད། ལྟ་བ་མ་འདྲའི་ཚོགས་པ་འདི་གཉིས་རྟག་དུ་རང་ཉིད་ཀྱི་ཆབ་སྲིད་ཁེ་ཕན་མ་འདྲ་བ་དང་ཁེར་རྐྱང་ངང་བྱ་དངོས་ལ་བལྟ་བའི་དབང་གིས་རྩོད་པ་ཤོར་གྱི་ཡོད།
དེབ་འདིའི་འཛིན་པའི་ལྟ་བ་ནི་བོད་ལ་མ་དུང་ལ་རྒྱ་ལ་ཡང་མ་དུང་བ་སྟེ། ཏྭ་ལའི་བླ་མའི་བཙན་བྱོལ་སྲིད་གཞུང་ལ་མ་ཕྱོགས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུས་གཞུང་གི་ཕྱོགས་ལ་ཡང་མི་ལངས། དེ་ལས་གལ་ཆེན་གྱི་ལོ་རྒྱུས་དོན་དངོས་ཤིག་གསལ་སྟོན་བྱ་བ་དེ་ཡིན་ཏེ། 1951ལ་སླེབས་དུས། རང་བཙན་ཡིན་པའི་སེར་མོ་བའི་རྒྱལ་ཁམས་དོན་དངོས་ཐོག་ནུབ་ཟིན་ནོ། དེབ་འདིའི་རྟོག་ཞིབ་བྱ་རྒྱུའི་གནས་ཚུལ་ནི་སེར་མོ་བའི་རྒྱལ་ཁམས་འདི་འཇིག་པའི་བརྒྱུད་རིམ་དང་རྒྱུ་མཚན་བཅས་ཡིན། ཕྱིའི་སྟོབས་ཤུགས་ཀྱིས་རྐྱེན་པས། སེར་མོ་བའི་རྒྱལ་ཁམས་དེ་འཇིག་མྱུར་དུ་བཏང་མོད། ནང་གི་དབང་ཤུགས་ཀྱིས་ཕྱིའི་སྟོབས་ཤུགས་བོད་ལ་རྐང་པ་ཚུགས་པར་ཆ་རྐྱེན་བསྐྲུན་པ་རེད། ཡིན་ཡང་། བོད་ཀྱི་དབང་བསྒྱུར་པས་སྔར་བཞིན་ཕྱི་ནང་ལས་དོན་རྙོག་འཛིངས་ཆེ་ལ་འགལ་བ་ཡི་ཁྲོད་དོ་སྙོམས་བྱ་བཞིན་ཡོད།
སྟོད་ཆའི་ནང་གསལ་བཤད་ཀྱི་ཁ་བྱང་དང་གཙོ་གནས་ནི་1933ལོར་རྒྱལ་བ་སྐུ་ཕྲིང་བཅུ་གསུམ་མྱ་ངན་ལས་འདས་རྗེས་བོད་ཀྱི་ཆབ་སྲིད་ཀྱི་རྣམ་པ་དང་དེ་དང་མཉམ་དུ། རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་དབང་བསྒྱུར་དུས་སྐབས་ནང་གི་གལ་ཆེན་ལོ་རྒྱུས་གནས་ཚུལ་ལ་ཡང་རྟོགས་ཞིབ་བྱས་ཡོད། དེ་དུས་བོད་ཆིང་རྒྱལ་རབས་ཀྱིས་དབང་བསྒྱུར་ལས་ མཐར་ཏེ་རང་བཙན་གྱི་གོ་གནས་ཐོབ་ཡོད། སྨད་ཆའི་ནང་བརྗོད་རྒྱུ་ནི་1941-1950ལོར་སྟག་བྲག་གིས་སྲིད་སྐྱོང་བའི་དུས་སྐབས་དང་རྒྱལ་བ་བཅུ་བཞི་བས་སྲིད་སྐྱོང་བའི་དུས་སྐབས་ནང་འཇིག་ལ་ཉེ་བའི་སེར་མོ་བའི་རྒྱལ་ཁམས་ཀྱི་ལོ་རྒྱུས་ཡིན།
ངས་དེང་དུས་བོད་ཀྱི་རྒྱ་བོད་མི་རིགས་ལ་དཀའ་སྡུག་འདི་འདྲ་མྱང་བར་གདུང་སེམས་ཆེན་པོ་བསྐྱེད་གི་ཡོད། དོན་དངོས་ཐོག་དེབ་འདི་ཁོ་ཚོའི་ཆེད་དུས་བྲིས་པ་ཡིན་ལ། ངས་རེ་བ་ལ་བོད་ཀྱི་དེང་རབས་ལོ་རྒྱུས་ཞིབ་འཇུག་གི་ཐོག་ཏུ། ལྟ་ཚུལ་གསར་རྐྱང་གཅིག་བརྗོད་འདོད་ཡོད། དེས་མི་རྣམས་ལ་དྲང་བདེན་གྱི་ལོ་རྒྱུས་ཤེས་རུ་བཅུག་འདོད་པ་ལས། ད་ལྟའི་ཆབ་སྲིད་ཀྱི་ཁེ་ཕན་ལ་བསམ་ནས་འདས་སོང་ལ་གདིང་འཇོག་བྱ་བ་ནི་རྩ་བ་ནས་མིན།

དཔྱད་གཞིའི་ཡིག་རིགས་ཀྱི་ཡོང་ཁུངས་དང་། ཞིབ་འཇུག་ཐབས་ཤེས།[རྩོམ་སྒྲིག]

བོད་ཀྱི་ལོ་རྒྱུས་ཀྱི་དམིགས་གསལ་ཆབ་སྲིད་རང་བཞིན་གྱིས་ངས་ངེས་པར་དུས་དེབ་འདི་འབྲི་དུས་ཆ་གཞག་སའི་དཔྱད་གཞི་གསལ་བཤད་བྱ་དགོས་སྙམ། དེབ་འདིའི་དཔྱད་གཞིའི་ཡོངས་ཁུང་གཙོ་བོ་བཞི་ཡོད་དེ། (1) ཁ་ཐོག་བཅར་འདྲི་དང་སྔོན་གྱི་བོད་ས་གནས་སྲིད་གཞུང་གི་དཔོན་པོ་དང་གཞན་ལོ་རྒྱུས་ལ་དམིགས་གསལ་འབྲེལ་བ་ཡོད་པའི་མི་སྣའི་གཏམ་གླེང་། (2)སྔོན་གྱི་བོད་གཞུང་དང་རྒྱ་གར། ཀྲུང་གོའི་དབུས་གཞུང་གི་དཔོན་པོའི་ཐོག་མའི་ཟིན་བྲིས།( བོད་ཡིག་དང་རྒྱ་ཡིག་དབྱིན་ཡིག་བཅས་ཡོད།)(3) དབྱིན་ཇི་དང་རྒྱ་གར་སྲིད་གཞུང་། དབྱིན་ཇི་དང་། ཨ་རི་བཅས་ཀྱི་ཕྱི་འབྲེལ་དང་ཆབ་སྲིད་ཡིག་ཆ་འབོར་ཆེན། (4) ཚགས་པར་དང་དེབ་ད་དུང་དཔྱད་རྩོམ་བཅས་ཡོད། དེ་དག་ནང་ཐོག་མའི་ཆབ་སྲིད་དཔྱད་གཞི་མང་པོ་སྣང་།

ཁ་ཐོག་གི་ལོ་རྒྱུས་དཔྱད་གཞི།[རྩོམ་སྒྲིག]

ཁ་ཐོག་དཔྱད་གཞི་ཞེས་པ་ནི་དུས་གང་རུང་ངམ། དོན་རྐྱེན་ཅི་རིགས་དང་འབྲེལ་བ་ཡོད་པའི་དངོས་ཟིན་དཔང་མི་ལ་བཅར་འདྲི་བྱས་ནས་རག་པའི་ཐོག་མའི་དཔྱད་གཞི་ཞིག་ལ་ཟེར། དེ་ལོ་རྒྱུས་ཞིབ་འཇུག་སྐབས་ཀྱི་རྩ་ཆེན་དཔྱད་གཞི་ཞིག་ཏུ་བརྩི་ཆོག་ལ་ད་དུང་། གཞུང་གི་ཡིག་ཚགས་དང་ཡིག་རིགས་ཁག་བེད་སྤྱོད་གཏོང་བདེ་པོ་མེད་པའི་སྐབས་སུ། དེ་བས། བེད་སྤྱོད་ཀྱི་རིན་ཐང་བརྗོད་དུ་མེད། དེ་ལྟར་ནའང་། ཁ་ཐོག་དཔྱད་གཞིར་བརྟེན་ནས་ལོ་རྒྱུས་ཞིབ་འཇུག་བྱ་བར་མ་འདང་པའི་ཆ་ཡོད་དེ། དྲན་ཤེས་ནི་རྟག་ཏུ་གདམ་གའི་རང་བཞིན་ཅན་ཡིན་ཞིང་། མ་ཟད། དོན་རྐྱེན་ནང་འབྲེལ་གྱི་མི་ལ། ཚད་ངེས་ཅན་ཞིག་ནས་རང་ཉིད་ལ་ཕྱོགས་པའི་བསམ་བློ་ཡོད་པ་དང་། ད་དུང་། འདི་གའི་ཆབ་སྲིད་ཀྱི་གནས་བབས་ཀྱིས་ཀྱང་ཁོ་ཚོའི་ཟིན་བཀོད་ཀྱི་གྲངས་ཀ་དང་། གནད་འཁེལ་རང་བཞིན་ལ་ཤུགས་རྐྱེན་ཐེབས་སྲིད། དེར་བརྟེན། ང་ཚོས་ངེས་པར་དུ། དངོས་ཟིན་པའི་ད་ཡོད་ཀྱི་སྤྱི་ཆོགས་རྒྱབ་ལྗོངས་དང་ལོ་རྒྱུས་ལ་ཞིག་ནས། ཁ་ཐོག་དཔྱད་གཞི་ལ་དོ་ནན་པོའི་དབྱེ་ཞིབ་དང་། དཔྱད་བརྗོད་བྱེད་དེ། བེད་སྤྱོད་གཏོང་ཐུབ་པའི་ཡིག་ཚགས་རིགས་ཐམས་ཅད་འཁྱེར་ནས་བཅར་འདྲིའི་ཟིན་བཀོད་དང་བསྡུར་ཞིབ་བྱེད་ནས་ཕན་ཚུན་འགྲིག་མིན་བདེན་དཔང་ཡོང་བ་བྱེད་དགོས།
ངས་རྒྱ་ཆེན་གྱིས་དེ་སྔའི་བོད་ས་གནས་སྲིད་གཞུང་གི་དཔོན་རིགས་དང་། དགོན་སྡེའི་བླ་གྲྭ། དམག་མི། ཚོང་པ་བཅས་ལ་བཅར་འདྲི་བྱས་པ་ཡིན། དེ་ཚོའི་ནང་། སྤྱི་ལོ་༡༩༥༡ལོར་བཙན་བྱོལ་སོང་བ། ད་ལྟ། རྒྱ་གར་དང་། དེ་མིན་རྒྱལ་ཁབ་གཞན་དུ་གནས་སྡོད་བྱེད་པའི་འབྲེལ་ཡོད་མི་སྣ་དང་། ད་ལྟ་སྔར་བཞིན་བོད་དུ་ཡོད་པའི་འབྲེལ་ཡོད་མི་སྣ་སོགས་ཚུད་ཡོད། ཟིན་བཀོད་བཅར་འདྲི་དེ་ཚོས། ང་ཚོར་བོད་ཀྱི་ལོ་རྒྱུས་དང་། དེའི་འཕེལ་ཕྱོགས་ཀྱི་ནང་རྐྱེན་ལ་རྒྱུས་མངའ་ཡོང་བར་གསལ་ཁ་ཅན་གྱི་སྒེའུ་ཁུང་ཞིག་ཁ་ཕྱེས་པ་རེད། ངའི་རྟགས་དཔྱད་ཀྱི་ལས་ཀ་དེ། ༡༩༨༣ལོ་ནས་འགོ་ཚུགས་པ་དང་། ༡༩༨༥ལོར་རེ་ཞིག་མཇུག་བསྒྲིལ་སོང་། ལོ་གསུམ་གྱི་རིང་། བོད་མི་༧༩དང་། ལྷ་སའི་དབྱིན་གཞུང་གི་ཕྱི་འབྲེལ་དཔོན་གཅིག་བཅས་ལ་བཅར་འདྲི་བྱས་པ་ཡིན། ཁོ་ཚོའི་ནང་དུ། སྲིད་གཞུང་གི་དཔོན་རིགས་མི་སྣ་དང་། སྐུ་དྲག་བསྡོམས་པས་༣༥ཙམ་དང་། གྲྭ་པ་༢༤ དམག་མི་༤ ཁམས་ཀྱི་བོད་པ་༡༦ཙམ་ཡོད། དེབ་དེ་གའི་དཔྱད་གཞིའི་ཡིག་རིགས་ཀྱི་ཟུར་བཀོད་ནང་དུ། བཅར་འབྲི་བྱེད་ཡུལ་ཀྱི་མིའི་མིང་དང་། ས་གནས་བཅས་གསལ་པོར་བཀོད་ཡོད།བཅར་འདྲིའི་བརྒྱུད་རིམ་ཁྲོད་དུ། ངས་དང་ཐོག་མི་ཕལ་མོ་ཆེའི་བཅར་འདྲིའི་ནང་དོན་བོད་སྐད་དུ་སྒྲ་ཕབ་བྱས་ཏེ། ཡི་གེར་ཕབ་རྗེས། ད་ཚོད་དབྱིན་ཡིག་ཏུ་བསྒྱུར་པ་ཡིན། སྒྲ་ཕབ་ཁ་ཤས་ལ་སྒྲ་ཐག་བཅུ་ཙམ་(སྒྲ་ཐག་རེར་ཆུ་ཚོད་༢)འདུག་པས། དེ་ཚོ་ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་ཀྱི་ཞིབ་འཇུག་གི་ནང་། ཆ་ཚང་ལ་དོན་གྱིས་ཕྱུག་པའི་དཔྱད་གཞི་ཤ་སྟག་རེད།
ངའི་ཁ་ཐོག་ལོ་རྒྱུས་ཀྱི་བཅར་འདྲིའི་ལས་ཀ་ལ་བྱ་རིམ་གསུམ་དབྱེས་ཡོད། དང་པོ། དང་ཐོག་མཐོ་རིམ་དཔོན་རིགས་གཉིས་ལ་སྤྱི་ཁྱབ་ཀྱི་འདྲི་ཞིབ་བྱས་ནས། ཉེ་དུས་ལོ་རྒྱུས་ཀྱི་དོན་ཆེན་ཁག་འབུར་དུ་ཐོན་བཅུག དེས་ད་དུང་། ང་ཚོར། བོད་མིས་ཁོ་ཚོའི་ཉེ་རབས་ལོ་རྒྱུས་ཀྱི་དོན་ཆེན་ཁག་གི་འབྱུང་རྐྱེན་དང་། འཕེལ་རིམ་གྱི་ལྟ་ཚུལ་ལ་གོ་རྟོགས་བསྐྱེད་ཐུབ། གཉིས་པ། བོད་ཀྱི་ཉེ་རབས་ལོ་རྒྱུས་ལ་རྒྱུས་མངའ་ཡོད་པའམ། ཡོངས་གྲགས་ཀྱིས་ཉེ་རབས་ལོ་རྒྱུས་ཐོག་གི་དམིགས་གསལ་དོན་རྐྱེན་ནམ། འབྲེལ་ཡོད་གནད་དོན་ལ་ལྟ་ཚུལ་ངེས་ཅན་ཡོད་མའི་མི་ལ་རྟགས་དཔྱད་འདྲི་ཞིབ་བྱ་བ། འདྲི་ཞིབ་དེའི་རིགས་ཀྱི་དམིགས་ཡུལ་ནི། འདྲི་ཞིབ་བྱེད་ཡུལ་མི་རེ་ངོ་རེའི་དངོས་སུ་བརྒྱུད་མྱོང་བའི་ལོ་རྒྱུས་ལ་གསལ་ཁ་བཀྲོལ་ནས། བདེན་མིན་ལ་རྟོག་ཞིབ་དང་ར་འཕྲོད་བྱ་རྒྱུ་ཡིན། གསུམ་པ། ཐོག་མའི་དཔྱད་གཞིའི་རྒྱུ་ཆ་ལ་ཡིག་བསྒྱུར་དང་། དབྱེ་ཞིབ། ཕྱོགས་བསྡུས་བྱེད་རྗེས་སུ། རྗེས་སྙེག་གི་འདྲི་ཞིབ་བཀོལ་ནས། གཞན་པའི་འབྲེལ་ཡོད་ཀྱི་ཟིན་བཀོད་དང་ཕན་ཚུན་བསྡུར་རྒྱུ་ཡིན། ཡང་བསྐྱར་གྱི་བཅར་འདྲིས།(བཅར་འདྲི་ཐེངས་༣)འདྲི་ཞིབ་ཟིན་བཀོད་ནང་ཐོན་པའི་སྔ་ཕྱིའི་འགལ་བ་ལ་གསལ་ཁ་བཏོན་པ་དང་། མི་སྣ་གཞན་པའི་བཅར་འདྲིའམ། དབྱིན་ཇི་དང་། དབྱིན་ཧིན་གཞུང་གི་ཡིག་ཚགས་དཔྱད་གཞི་ལས་ཐོན་པའི་དོགས་གནད་གསར་པ་ལའང་། ལན་རྙེད་གི་རེད།
ངའི་རྒྱ་གར་གྱི་ཐོག་མའི་བཅར་འདྲིའི་ལས་ཀ་ནི། ཚང་མ། རྒྱ་གར་དུ་བཞུགས་པའི་ངའི་ལས་རོགས་དང་། འདི་གའི་གྲོས་གཞིའི་ཚོགས་ཆུང་གི་འགན་ཁུར་བ་སྤྲུལ་སྐུ་དགེ་ལེགས་ཀྱི་སྣེ་ཁྲིད་འོག་སྤེལ་བ་ཡིན། རྗེས་སྙེག་བཅར་འདྲི་ནི། མང་ཆེ་བ་ང་དང་སྤྲུལ་སྐུ་དགེ་ལེགས་ཀྱིས་མཉམ་དུ་དང་། བོད་ནང་གི་བཅར་འདྲིའི་ལས་ཀ་ནི་ང་རང་གཅིག་པུས་བྱས་པ་ཡིན། བཅར་འདྲིའི་ལས་ཀའི་ནང་དུ། འདྲི་ཞིབ་བྱེད་པའི་ནང་དོན་ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་དང་འབྲེལ་བ་ཡོད་པ་ཤ་སྟག་ཡིན། བཅར་འདྲི་བྱེད་དུས། ཁོ་ཚོའི་དཔྱད་གཞིའི་ཡོངས་ཁུང་དང་། ལྟ་བ་སྒྲུབ་བྱེད་སོགས་ཀྱི་སྐོར་ལ་སྐད་ཆ་འདྲི། ད་དུང་། བཤད་བྱའི་ནང་དོན་གྱི་ཕྱི་ནང་གི་འགལ་བ་དང་། རང་ཉིད་ཀྱིས་ཀྱང་བཤད་བྱའི་ནང་དོན་ལ་མཐའ་བརྗོད་རྒྱག་མི་ཐུབ་པའི་རྒྱུ་མཚན་སོགས་ལ་འགྲེལ་བརྗོད་ཀྱི་རེ་བ་ཞུ་གི་ཡོད་ལ། རང་ཉིད་དངོས་སུ་བརྒྱུད་མྱོང་བའི་དོན་རྐྱེན་དེའི་འབྱུང་ཁུང་སྟོན་པའི་རེ་བསྐུལ་ཡང་བྱེད་གི་ཡོད། དེ་དུས། དེ་གའི་བཅར་འདྲི་བྱེད་ཡུལ་དང་འབྲེལ་བའི་ཁོ་ཚོའི་ཆབ་སྲིད་དང་གཉེན་ཚན་གྱི་འབྲེལ་བའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་ཡང་བློ་འབྱེད་ལ་བརྟེན་ནས་ལབ་གནང་གི་འདུག
ཤུགས་ཆེ་བའི་ཆབ་སྲིད་ཀྱི་གནོན་ཤུགས་དང་། ལྷན་སྐྱེས་སུ་མངའ་བའི་བདག་སྲུང་འདུ་ཤེས་ཀྱིས་ངའི་བཅར་འདྲིའི་ལས་ཀ་ལ་དཀའ་རྙོག་མང་པོ་བཟོས་བྱུང་། རྒྱ་གར་དུ་བཞུགས་པའི་སྔོན་གྱི་བོད་གཞུང་དཔོན་རིགས་(གཙོ་བོ་ནི་སེར་དཔོན་གྱི་རིགས་རེད་)མང་ཤས་ཤིག་གིས། ལོ་རྒྱུས་དེ་ཚོའི་ཁ་བརྡོལ་བ་ཡིན་ན། བོད་ཀྱི་ལམ་ལུགས་རྙིང་པ་དང་། སྔོན་གྱི་བོད་གཞུང་གི་མི་མཛེས་པའི་ཆ་མངོན་འགྲོ་གི་རེད་སྙམ་པ་དང་། མ་འོངས་བོད་ཀྱི་རང་བཙན་བྱ་གཞག་ལའང་གནོད་འཚེ་བཟོ་གི་རེད་བསམ་འདུག དཔོན་རིགས་ཤིག་གིས་བོད་སྐད་ཀྱི་ཐོག་ནས་བཤད་དོན། ཁོ་ཚོས་རང་གི་སྤྲལ་བ་ལ་ཐལ་བ་བཏབས་ཡོང་བསམ་ཞེད་པ་རེད་ཅེས་ཟེར། དཔོན་རིགས་ཁ་ཤས་ཀྱིས་ནི་མཉམ་ལས་མི་བྱེད་པར། འདས་སོང་གི་ལོ་རྒྱུས་ལ་ཡང་བསྐྱར་གླེང་ལོག་གི་རིན་ཐང་ཆུང་བའི་འདུ་ཤེས་འཛིན་གི་འདུག མི་འགའ་ཤས་ཀྱིས་ནི། བཅར་འདྲིའི་སྐབས་དོན་དངོས་གནས་ཚུལ་མི་ལབ། ཡང་འགའ་ཤས་ཤིག་གིས་ནི། རང་ཉིད་ལོ་རྒྱུས་དོན་རྐྱེན་དེའི་ནང་དུ་དཔེ་མི་སྲིད་པའི་ཕན་ནུས་ཐོན་ཡོད་ཅེས་རང་བསྟོད་བྱེད་གི་འདུག དེ་འདྲ་ཡིན་ནའང་། ཁོ་ཚོས་ངའི་བཅར་འདྲིའི་ལས་ཀ་ལ་ཚད་ངེས་ཅན་གྱི་མཉམ་ལས་གནང་ཞིང་། གང་ལྟར་ནའང་། ཁོ་ཚོས་ལབ་ཚད་ཀྱིས་གནས་དོན་ཞིག་བརྗོད་གི་ཡོད་རེད།
གདོང་པགས་མཐུག་པོས་ངོ་ཚ་བྲལ་བའི་ངང་ནས། གཞུང་ཕྱོགས་ཀྱིས་གནང་བའི་ཆབ་སྲིད་སྦྱིན་པ་ལེན་མ་དགོས་པ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི། ཁོ་ཚོས་སྔོན་ནས། ངས་བོད་ཀྱི་དེང་རབས་ལོ་རྒྱུས་ལ་རྒྱུས་མངའ་ཡོད་པ་ཤེས་སོང་བས་རེད། ངས་བོད་སྐད་བཤད་ཤེས་པས་མ་ཚད། ད་དུང་། ཉེ་རབས་བོད་ཀྱི་དཔོན་རིགས་ཀྱི་ཐབས་སྡུག་དང་། ལས་ངན་ལ་ཟུར་ཟ་བྱེད་བའི་ཆབ་སྲིད་སྙན་ངག་༡)ཅིག་རྩོམ་སྒྲིག་དང་། ལྷག་དུ། ངས་ལོ་རྒྱུས་ཀྱི་མཚམས་དེའི་ཞིབ་འཇུག་གི་ནང་དུ་མི་ཚེ་ཕྱེད་ཀ་ཙམ་བསྐྱེལ་བའི་བཀའ་བློན་ཟུར་ཁང་དབང་ཆེན་དགེ་ལེགས་ལགས་དང་འབྲེལ་བ་དམ་གཟབ་ཡོད་པ་དེའོ།
དོན་དངོས་ཐོག སྔོན་གྱི་བོད་གཞུང་གི་དཔོན་རིགས་མང་ཆེ་བས། ངས་བསོད་ཁང་ཆུང་བས་བྲིས་སྐད་ཀྱི་བོད་འབྲེལ་དཔེ་དེབ་(མཐོང་མྱོང་ཡེ་ནས་མེད་)ཅིག་ལ་བཤུ་འབྲི་ཤུགས་ཆེན་བྱས་པའམ། ཡང་ན། དེ་དང་འབྲེལ་བ་བྱུང་བའི་ནོར་རྫོབ་ཀྱི་ལྟ་བ་འཛིན་གི་ཡོད་འདུག རྒྱུ་ཆ་དེ་ཚོས། སྔོན་གྱི་བོད་གཞུང་དཔོན་རིགས་ཁག་གིས། བབ་ཆགས་པའི་ཕྱི་རྒྱལ་བ་ཞིག་ལ་འཛིན་པའི་བསམ་འཆར་མེད་པ་བཟོ་རྒྱུ་ལ་བཀག་རྒྱ་ངེས་གཏན་བྱས་བྱུང་།
སྐབས། ང་ཚོས། ལོ་རྒྱུས་ཐོག་ལྷག་པའི་དོན་ཆེན་ཁག་གི་འགལ་འབྲེལ་ལ་ལྟ་བའི་བསམ་ཚུལ་བསྡུས་ནས་ཡོང་དུས། ངེས་པར། འོག་གི་དོགས་གནད་ཁག་ནས། ལྟ་ཚུལ་དེ་ཚོ་ལ། བཏང་སྙོམས་ཞིག་རག་ཐབས་བྱེད་རྒྱུ་རེད། དང་པོ། ང་ཚོས། ད་རྒྱུགས་ཀྱི་སྲོལ་རྒྱུན་ལམ་ལུགས་ལ་གོ་བ་ལེན་སྟངས། གཉིས་པ། གཞན་པའི་ཟིན་ཐོ་དང་འགྲེལ་བཤད། གསུམ་པ། དོན་རྐྱེན་དངོས་བཞུགས་པའི་དཔྱད་གཞིའི་ཡོངས་ཁུང་དང་། རྒྱབ་རྟེན་(མིས་བཤད་པ་ཡིན་ནམ། ཡང་ན། ཁོ་རང་ལ་དང་པོ་ཉིད་ནས་ཡོད་པ་ཞིག་ཡིན་ནམ་) བཞི་པ། ལོ་རྒྱུས་དངོས་ཟིན་པ་དང་དོན་རྐྱེན་དབར་གྱི་འབྲེལ་བ། དཔེར་ན། ཁོ་རང་དང་དེ་གའི་དོན་རྐྱེན་ནང་གི་མི་སྣ་ག་གེ་མོའི་འབྲེལ་བ་ནི། གཉེན་ཚན་ནམ། མནའ་འབྲེལ་ལམ། ལྔ་པ། ཤེས་རྟོགས་མི་སྣས་ལབ་པ་ཁ་ཞེ་གཉིས་མེད་ཡིན་ནམ། གལ་འགངས་ཆེ་བའི་རྩོད་གླེང་ལ། གཙོ་ཕལ་གྱི་ཁ་མཚོན་གཅོད་ཐུབ་པ་བྱས་ནས། གང་ཞིག་ལ་ཁས་ལེན་བྱ་ཆོག་པ། བྱ་ཐུབ་པ་ལྟ་དགོས། དེའི་ཆེད་དུ། ང་ཚོས་དངོས་ཟིན་མི་སྣ་ལ་ཐེངས་མང་བཅར་འདྲི་བྱས་ནས། རྩོད་གླེང་དང་། ལྟ་བ་ཕྱོགས་འགལ་སོགས་ཀྱི་བདེན་རྫུན་གྱི་དབྱེ་བ་བྱེ་བའི་རེ་བ་རྒྱག་གི་ཡོད། དེ་ལྟར་ནའང་། མཚམས་རེར། ང་ཚོས། འབྲེལ་ཡོད་དོན་རྐྱེན་གྱི་ལྟ་བ་མ་འདྲ་བ་འགའ་ཤས་ཤོག་ལེ་དེའི་འོག་ཏུ་བཀོད་ཡོད་ནའང། ད་དུང་བློ་ཁ་དང་ཡོངས་སུ་མཐུན་པ་ཞིག་ཅི་ནས་ཀྱང་ཡོང་ཐབས་བྲལ།

ལོ་རྒྱུས་དཔང་མིས་བྲིས་པའི་དྲན་འཆར་ཟིན་ཐོ།[རྩོམ་སྒྲིག]

གཞུང་ཕྱོགས་ཀྱི་ཡིག་ཚགས་དང་ཚད་ལྡན་ཡིག་ཆ།[རྩོམ་སྒྲིག]

བོད་དང་འབྲེལ་བའི་ཡིག་ཚགས་ཀྱི་དཔྱད་གཞི་གཙོ་བོ། ལོན་ཏོན་གྱི་རྒྱ་གར་དོན་གཅོད་ལས་ཁུངས་ཀྱི་ཡིག་ཚགས་ཁང་དང་། སྤྱི་པའི་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་ཡོད། དེ་ཚོའི་ནང་དབྱིན་ཧིན་སྲིད་གཞུང་གི་ཡིག་འདུས་དང་། ཏར། ཟིན་བྲིས། ཟིན་ཐོ། གསར་འགྱུར་བསྒྲགས་སྤེལ་ལ་སོགས་འབོར་ཆེན་ཚུད་ཡོད། ད་དུང་། ཡིག་ཚགས་དང་ཚད་ལྡན་ཡིག་ཆ་མང་ཤས་ཤིག་ནི། བོད་དང་ཀྲུང་གོའི་དབུས་གཞུང་ནས་འཚོལ་འདུས་བྱས་པ་རྐྱང་རེད། དབྱིན་ཇིའི་ཆོས་ཚོགས་ཀྱིས་༡༩༣༧ནས། ལྷ་ས་རུ་བཙུགས་པའི་ཟླ་རེའི་དུས་དེབ་(རྗེས་སུ་གཟའ་རེའི་དུས་དེབ་ལ་བསྒྱུར་)ཀྱང་དེ་ག་ནང་བཞིན་གྱི་གལ་ཆེའི་དཔྱད་གཞི་ཞིག་རེད། ཡིག་ཚགས་དེ་ཚོ་ཐམས་ཅད་དང་། ཚད་ལྡན་ཡིག་ཆའི་མ་ཡིག་ཁག་གིས། ཁ་ཐོག་དཔྱད་གཞི་དང་དྲན་འཆར་ཟིན་ཐོ་ལ་དབྱེ་ཞིབ་དང་ར་སྤྲོད་བྱེད་སྐབས་སུ། རིན་ཐང་ཅན་གྱི་དཔང་རྟགས་མང་པོ་མཁོ་སྤྲོད་གནང་བྱུང་།
ཨ་རིའི་རྒྱལ་གཞུང་ཡིག་ཚགས་ཁང་དུ། ཨ་རིའི་སྤྱི་ཁྱབ་ཁང་ནས། སྤྱི་ལོ་༡༩༤༢–༡༩༥༢ལོར་བོད་དོན་སྐོར་ལ་གྲོས་མོལ་བའི་དཔྱད་གཞིའི་ཡིག་ཆ་འདུས་པ་ཞིག་ཉར་ཚགས་བྱས་འདུག དེའི་ནང་དུ་རྒྱ་དབྱིན་བོད་གསུམ་གྱི་མ་ཡིག་དང་དབྱིན་ཧིན་ཡིག་ཚགས་ཡིག་ཆ་སོགས་ཚུད་ཡོད། ཨ་རིའི་གཞུང་གིས་དུས་སྐབས་དེ་གའི་ཡིག་ཚགས་ཡིག་ཆ་མ་ལུས་ཕྱི་བསྒྲགས་བྱས་མེད་ནའང་། བེད་སྤྱོད་བཏང་ཆོག་པའི་ཡིག་ཚགས་ཡིག་ཆ་དེ་ཚོས། སྔར་བཞིན་ང་ཚོའི་ཞིབ་འཇུག་ལས་ཀ་(ལྷག་པར་དུ་སྤྱི་ལོ་༡༩༤༢–༡༩༥༢ལོའི་བར་གྱི་དུས་སྐབས་དེའི་བོད་ཀྱི་ཞིབ་འཇུག་)ལ་ཡིད་རྟོན་འཕིགས་པའི་རྒྱ་རྟེན་གནང་ཡོད།
རྒྱ་གར་སྲིད་གཞུང་གིས། སྤྱི་ལོ་༡༩༡༣–༡༩༥༡ལོའི་བར་གྱི་བོད་འབྲེལ་བསྐོར་གྱི་ཡིག་ཚགས་དང་ཡིག་ཆ་ཕྱི་བསྒྲགས་བྱེད་མེད་ནའང་། རྒྱ་གར་དོན་གཅོད་ལས་ཁུངས་དང་། སྤྱི་པའི་ཡིག་ཚགས་ཁང་དུ། བོད་འབྲེལ་བསྐོར་གྱི་ཡིག་ཚགས་རྒྱུ་ཆ་མང་པོ་རྙེད་ཐུབ། ཡིག་ཚགས་དེ་ཚོ་ནི། རྒྱ་གར་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་རྗེས་སུ། དབྱིན་ཇི་ལ་སྐྱེལ་ཕུལ་བྱས་པ་དང་། ད་དུང་རྒྱ་གར་རང་བཙན་ཐོབ་རྗེས་ཀྱི་བོད་འབྲེལ་བསྐོར་གྱི་ཡིག་ཚགས་ཟིན་ཐོ་ཁ་ཤས་ཀྱང་ཡོད།

བོད་དང་རྒྱ་གར་གྱི་ཚགས་པར།[རྩོམ་སྒྲིག]

ངའི་ལོ་རྒྱུས་ལ་ཞིབ་འཇུག་སྐབས་ཀྱི་ལོ་སྐབས་དེ་རུ། བོད་ལ་ཀ་ལོན་སྦུག་ཏུ་འགྲེམ་སྤེལ་བྱེད་བཞིན་པའི་མེ་ལོང་ཞེས་པའི་ཚགས་པར་ཆུང་ཆུང་ཞིག་མ་གཏོགས་གཞན་པའི་རང་ངོས་ཀྱིས་གཉེར་བའི་ཚགས་པར་ཡོད་མ་རེད། ཚགས་པར་དེ་ཚོ་ཁ་ཤས་ནི་རྒྱ་གར་དུ་ཉར་ཡོད་པ་ལ། མང་ཆེ་བ་ནི་གཡེ་ལུའི་སློབ་ཆེན་གྱི་པེ་ནི་ཁེའི་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་ཡོད། རྒྱ་གར་དོན་གཅོད་ལས་ཁུངས་སུ། བེད་སྤྱོད་རིན་ཐང་ཆེ་བའི་དབྱིན་ཡིག་ཚགས་པར་འབོར་ཆེན་(གཙོ་ཆེ་བ་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་རེད་)ཉར་ཚགས་བྱས་ཡོད། མདོར་འདུས་ནས་བཤད། ངའི་བྲིས་པའི་དེབ་དེ་སྒྲུབ་བྱེད་ཀྱི་ཐོག་མའི་དཔྱད་གཞི་མང་ཆེ་བ་ནི་མིས་དེ་སྔོན་བེད་སྤྱོད་བཏང་མ་མྱོང་བ་ཤ་སྟག་རེད་འདུག
སྤྱི་ཐོག་ནས་བཤད་ན། དེབ་འདིས་མཁོ་སྟོན་བྱེད་པའི་ཞིབ་ཕྲའི་གནད་དོན་དང་། བོད་ཀྱི་ཉེ་རབས་ལོ་རྒྱུས་ལ་བཅངས་པའི་གོ་རྟོགས་ཚད་གཞི་ནི་སྔ་ནས་ད་བར། འགྲན་ཟླ་བྲལ་བ་ཞིག་རེད་སྙམ།

གསལ་བཤད།[རྩོམ་སྒྲིག]

༡༩༡༣–༡༩༥༡ལོའི་བོད་ཀྱི་སྤྱི་ཚོགས།[རྩོམ་སྒྲིག]

༡༩༡༢–༡༩༥༡ལོའི་གཞིས་ཀ་དང་། ཞིང་བྲན།[རྩོམ་སྒྲིག]

ཆབ་སྲིད་ཀྱི་སྒྲིག་འཛུགས།[རྩོམ་སྒྲིག]

སྐྱ་དཔོན།[རྩོམ་སྒྲིག]

སེར་དཔོན།[རྩོམ་སྒྲིག]

སྲིད་གཞུང་གི་ལས་ཁུངས།[རྩོམ་སྒྲིག]

ལས་གནས་ཀྱི་ཆག་འཕར། དབང་ཤུགས་དང་དབང་ཤུགས་ཀྱི་འཐབ་རྩོད།[རྩོམ་སྒྲིག]

མི་དམངས་ཚོགས་འདུ།[རྩོམ་སྒྲིག]

དགོན་སྡེའི་ལམ་ལུགས།[རྩོམ་སྒྲིག]

དགེ་ལུགས་པའི་དགོན་ཆེན་གསུམ།[རྩོམ་སྒྲིག]

དགོན་སྡེའི་སྒྲིག་འཙུགས།[རྩོམ་སྒྲིག]

གྲྭ་ཚང་དང་ཁམས་ཚན་གྱི་སྒྲིག་འཙུགས།[རྩོམ་སྒྲིག]

དགོན་སྡེའི་ལས་ཁུངས་ཆ་ཚང་།[རྩོམ་སྒྲིག]

དགོན་སྡེའི་དཔལ་འབྱོར།[རྩོམ་སྒྲིག]

སྤྲུལ་སྐུའི་ཡང་སྐྱེ།[རྩོམ་སྒྲིག]

མཇུག་བསྡོམས།[རྩོམ་སྒྲིག]

སྟོད་ཆ། རྒྱལ་བ་བཅུ་གསུམ་པ་དང་རྒྱལ་ཚབ་རྭ་སྒྲེང་གི་སྲིད་སྐྱོང་དུས་སྐབས་(༡༩༡༣–༡༩༤༡)[རྩོམ་སྒྲིག]

ས་བཅད་༡[རྩོམ་སྒྲིག]

རྒྱལ་དབང་བཅུ་གསུམ་པའི་བྱིས་དུས།[རྩོམ་སྒྲིག]

དེ་མོའི་དོན་རྐྱེན།[རྩོམ་སྒྲིག]

རྒྱ་བོད་འབྲེལ་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས།[རྩོམ་སྒྲིག]

༡༩༠༣ནས་༡༩༠༤ལོར་དབྱིན་ཇིས་བོད་ལ་བཙན་འཛུལ་བྱས་པ་དང་། ཆིན་སྲིད་གཞུང་གི་རྣམ་འགྱུར།[རྩོམ་སྒྲིག]

བཙན་བྱོལ་ལ་ཡོད་པའི་རྒྱལ་དབང་བཅུ་གསུམ་པ།[རྩོམ་སྒྲིག]

རྒྱ་ནག་གི་ལྕགས་ཕག་ལོའི་གསར་བརྗེ།[རྩོམ་སྒྲིག]

ས་བཅད་༢[རྩོམ་སྒྲིག]

བོད་དང་གསར་དར་གྱི་རྒྱ་མི་སེར་རྒྱལ་ཁབ།[རྩོམ་སྒྲིག]

ས་བཅད་༣[རྩོམ་སྒྲིག]

རྒྱལ་དབང་བཅུ་གསུམ་པ་དང་། བོད་དམག དགོན་སྡེའི་ཚོགས་པ།[རྩོམ་སྒྲིག]

པན་ཆེན་སྐུ་ཕྲེང་དགུ་པའི་བྲོས་བྱོལ།[རྩོམ་སྒྲིག]

ས་བཅད་༤[རྩོམ་སྒྲིག]

རྒྱལ་དབང་བཅུ་གསུམ་པ་སྐུ་མྱ་ངན་ལས་འདས་པ།[རྩོམ་སྒྲིག]

ས་བཅད་༥[རྩོམ་སྒྲིག]

ཐུབ་བསྟན་ཀུལ་འཕེལ་གྱི་གནས་དབྱུང་།[རྩོམ་སྒྲིག]

བང་ཆའི་འཐབ་རྩོད།[རྩོམ་སྒྲིག]

རྒྱལ་དབང་བཅུ་གསུམ་པ་སྐུ་བཤེགས་རྗེས་ཀྱི་ཐུབ་བསྟན་ཀུན་འཕེལ།[རྩོམ་སྒྲིག]

གྲོང་དྲག་དམག་སྒར་གྱི་དམག་འགྱུར།=[རྩོམ་སྒྲིག]

ཐུབ་བསྟན་ཀུན་འཕེལ་འཛིན་བཟུང་བྱས་པ།[རྩོམ་སྒྲིག]

སྤོམ་མདའི་ཁྱིམ་རྒྱུད་ཀྱི་ངོ་ལོག[རྩོམ་སྒྲིག]

ས་བཅད་༦[རྩོམ་སྒྲིག]

བོད་གསར་གྱི་ལམ་བུ་འཚོལ་བ། ལུང་ཤར་གྱིས་གཙོས་པའི་གསར་བརྗེ་ཚོགས་པ།[རྩོམ་སྒྲིག]

རྒྱལ་ཚབ་ཀྱི་འོས་འདེམས།[རྩོམ་སྒྲིག]

ལུང་ཤར་གྱི་གསར་བརྗེའི་ལས་འགུལ།[རྩོམ་སྒྲིག]

ལུས་ཤར་གསར་བརྗེ་ཚོགས་པ་ལ་དཔེ་སྔོན་མ་ལྟ་ས་ཡོད་པ།?[རྩོམ་སྒྲིག]

ལུང་ཤར་གྱི་རྐྱེན་ངན།[རྩོམ་སྒྲིག]

ས་བཅད་༧[རྩོམ་སྒྲིག]

ཧོང་རྨོའོ་སུང་བཀའ་བཞིན་བོད་དུ་བསྐྱོད་པ།[རྩོམ་སྒྲིག]

རྒྱབ་ལྗོངས།[རྩོམ་སྒྲིག]

སྤྱི་ལོ་༡༩༣༠ནས་༡༩༣༢ལོའི་ཁམས་ཁུལ་གྱི་རྒྱ་བོད་འཁྲུག་རྩོད།[རྩོམ་སྒྲིག]

ཧོང་རྨོའོ་སུང་གིས་འགོ་ཁྲིད་པའི་འཚམས་འདྲི་ཚོགས་པ།[རྩོམ་སྒྲིག]

དབྱིན་ཇི་བའི་ལྟ་ཚུལ།[རྩོམ་སྒྲིག]

ས་བཅད་༨[རྩོམ་སྒྲིག]

དབྱིན་ཇི་བ་དང་། རྒྱ་ནག་བ། པན་ཆེན་སྐུ་ཕྲེང་དགུ་པ།[རྩོམ་སྒྲིག]

རྒྱལ་བ་བཅུ་གསུམ་པ་དང་པན་ཆེན་དགུ་པའི་བར་གྱི་འགལ་བ་སེལ་ཐབས་ཀྱི་ཐོག་མའི་བྱ་འགུལ།[རྩོམ་སྒྲིག]

༡༩༣༥ལོར། ཝེ་ལེ་ཆུན་བོད་དུ་འཚམས་འདྲིར་བསྐྱོད་པ།?[རྩོམ་སྒྲིག]

༡༩༣༦ལོ། འགོག་རྒོལ་གྱི་ལོ།[རྩོམ་སྒྲིག]

༡༩༣༥ལོའི་བོད་དམག[རྩོམ་སྒྲིག]

ཕ་ཕོང་ཁའི་སྤྲུལ་སྐུའི་འོས་འགན།[རྩོམ་སྒྲིག]

དབྱིན་བོད་ཀྱི་མོན་རྟ་དབང་གི་འཁྲུག་རྩོད།[རྩོམ་སྒྲིག]

ས་བཅད་༩[རྩོམ་སྒྲིག]

རྭ་སྒྲེང་གིས་རྒྱལ་ཚབ་ལས་གནས་འཛིན་པ་དང་། རྒྱལ་ཚབ་ལས་གནས་རྩིད་ཕུད་བྱས་པ།[རྩོམ་སྒྲིག]

རྭ་སྒྲེང་གིས་ལྷ་མོ་བླ་མཚོ་ལ་བསྐོར་ཞིབ་གནང་བ།[རྩོམ་སྒྲིག]

རྒྱལ་བ་བཅུ་གསུམ་པའི་ཡང་སྲིད་འཚོལ་བ།[རྩོམ་སྒྲིག]

རྒྱལ་དབང་བཅུ་བཞི་པ་གསེར་ཁྲི་རུ་མངའ་གསོལ་བ།[རྩོམ་སྒྲིག]

རྒྱལ་ཚབ་རྭ་སྒྲེང་གིས་སྒེར་གཅོད་གཞན་སྡོམ།[རྩོམ་སྒྲིག]

ཆུང་རབ་ཀྱིས་རྭ་སྒྲེང་གི་འགྲོ་ལམ་བཀག་པ?[རྩོམ་སྒྲིག]

མཁན་པོ་སྟོད་པའི་དོན་རྐྱེན།[རྩོམ་སྒྲིག]

རྭ་སྒྲེང་རྒྱལ་ཚབ་ལས་གནས་ལས་དགོངས་ཞུ་བྱས་པ།[རྩོམ་སྒྲིག]

ས་བཅད་༡༠[རྩོམ་སྒྲིག]

སྟོད་ཆའི་མཇུག་བསྡོམས། རྭ་སྒྲེང་རྒྱལ་ཚབ་ཀྱི་དུས་སྐབས།[རྩོམ་སྒྲིག]

སྨད་ཆ། རྒྱལ་ཚབ་སྟག་བྲག་དང་རྒྱལ་དབང་བཅུ་བཞི་པའི་སྲིད་སྐྱོང་དུས་སྐབས།(༡༩༤༡–༡༩༥༡)[རྩོམ་སྒྲིག]

ས་བཅད་༡༡[རྩོམ་སྒྲིག]

སྟག་བྲག་རྒྱལ་ཚབ་ཀྱི་དུས་སྐབས་འགོ་མ།(༡༩༤༡–༡༩༤༣)[རྩོམ་སྒྲིག]

སྟག་བྲག་གི་སྲིད་ཇུས་གསར་པ།[རྩོམ་སྒྲིག]

བོད་ཀྱི་ས་ཁོངས་ནས་བརྒལ་བའི་ཧིན་ཀྲུང་གཞུང་ལམ་བསྐྲུན་རྒྱུའི་འཆར་གཞིའི་ལོ་(༡༩༤༡–༡༩༤༣)[རྩོམ་སྒྲིག]

བོད་གཞུང་ཕྱི་འབྲེལ་ལས་ཁུངས།[རྩོམ་སྒྲིག]

གཡུལ་འགྱེད་དང་ཉེ་བའི་གོ་མིན་སྲིད་གཞུང་དང་བོད།[རྩོམ་སྒྲིག]

ཨ་རིས་ཐེངས་དང་པོར་བོད་དུ་ཕོ་ཉ་མངགས་པ།[རྩོམ་སྒྲིག]

དབྱིན་ཇིས་བོད་ལ་ལྟ་བའི་རྣམ་འགྱུར་དང་ལང་ཕྱོགས་བསྒྱུར་པ།[རྩོམ་སྒྲིག]

བོད་གཞུང་གིས་རྒྱ་གར་ནས་གོ་མཚོན་ཉོས་པ།[རྩོམ་སྒྲིག]

ས་བཅད་༡༢[རྩོམ་སྒྲིག]

འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་ལ་ཁ་ཡི་དུས་འབབ་ཀྱི་འགྱུར་བ་དང་། འགོག་རྒོལ།[རྩོམ་སྒྲིག]

༡༩༤༤ལོར། སྒོ་འུལ་ཏེ་ལྷ་སར་ཕོ་ཉ་སླེབས་པ།?[རྩོམ་སྒྲིག]

རྟ་དབང་གི་གྲོས་འཆམ།[རྩོམ་སྒྲིག]

དེང་རབས་ཅན་དུ་བསྒྱུར་བའི་ཚོད་ལྟ།[རྩོམ་སྒྲིག]

ས་བཅད་༡༣[རྩོམ་སྒྲིག]

གྱེན་ལོག་གི་ས་བོན།[རྩོམ་སྒྲིག]

ལྷུན་གྲུབ་རྫོང་གི་དོན་རྐྱེན།[རྩོམ་སྒྲིག]

རྭ་སྒྲེང་ལྷ་ས་རུ་གཟིགས་ཞིབ་ལ་ཕེབས་པ།[རྩོམ་སྒྲིག]

སེར་དགོན་གྱི་རྗེ་གྲྭ་ཚང་གིས་བཀའ་ཤག་དང་འཐབ་པ།?[རྩོམ་སྒྲིག]

རྭ་སྒྲེང་དང་སྟག་བྲག་བར་གྱི་འགལ་བ་རྣོ་ངར་ཅན་དུ་ཕྱིན་པ།[རྩོམ་སྒྲིག]

ནུབ་བོད་ལེགས་བཅོས་སྐྱིད་སྡུག་ཚོགས་པ།[རྩོམ་སྒྲིག]

ས་བཅད་༡༤[རྩོམ་སྒྲིག]

རྭ་སྒྲེང་གི་གཡོ་ཇུས།[རྩོམ་སྒྲིག]

རྭ་སྒྲེང་དང་གོ་མིན་ཏང་།[རྩོམ་སྒྲིག]

རྭ་སྒྲེང་ལ་སྔོག་བཤེར་བྱས་པ།[རྩོམ་སྒྲིག]

རྭ་སྒྲེང་འཛིན་བཟུང་བྱས་པ།[རྩོམ་སྒྲིག]

སེ་ར་མགོན་གྱི་རྗེ་གྲྭ་ཚང་གི་མཁན་པོར་བར་ཆད་འཕྲད་པ།?[རྩོམ་སྒྲིག]

རྭ་སྒྲེང་ལྷ་ས་རུ་འབྱོར་བ།[རྩོམ་སྒྲིག]

སེ་ར་དགོན་རྗེ་གྲྭ་ཚང་གི་དམག་འཐབ།[རྩོམ་སྒྲིག]

རྭ་སྒྲེང་ལ་དྲི་རྩད་བྱས་པ།[རྩོམ་སྒྲིག]

རྭ་སྒྲེང་སྐུ་མྱ་ངན་ལས་འདས་པ།[རྩོམ་སྒྲིག]

རྭ་སྒྲེང་དགོན་ལ་སྐུ་འཕྲོག་བྱུང་བ།[རྩོམ་སྒྲིག]

ས་བཅད་༡༥[རྩོམ་སྒྲིག]

མནའ་འབྲེལ་རྒྱལ་ཁབ་ལ་འཚམས་འདྲིའི་འཐུས་མི་ཚོགས་པ་(༡༩༤༥–༡༩༤༦)[རྩོམ་སྒྲིག]

རྒྱ་བོད་ཀྱི་འབྲེལ་བ།[རྩོམ་སྒྲིག]

ཅང་ཅེ་ཧྲིས་ཕྱི་འབྲེལ་ཀྱི་ཐོག་ཏུ་རང་འགུལ་གྱི་རྣམ་པ་སྟོན་པ།?[རྩོམ་སྒྲིག]

མནའ་འབྲེལ་རྒྱལ་ཁབ་ལ་མཚམས་འདྲིའི་འཐུས་མི་ཚོགས་པ་བཙུགས་པ།[རྩོམ་སྒྲིག]

དབྱིན་ཇིས་བོད་ལ་འཇུག་པའི་སྲིད་ཇུས་ལ་ཞིབ་དཔྱད་བྱས་པ[རྩོམ་སྒྲིག]

རྒྱ་དཀར་ནག་ཏུ་མནའ་འབྲེལ་རྒྱལ་ཁབ་ལ་མཚམས་འདྲིའི་འཐུས་མི་ཚོགས་པའི་བྱ་འགུལ།[རྩོམ་སྒྲིག]

ས་བཅད་༡༦[རྩོམ་སྒྲིག]

ཡང་བསྐྱར་རྒྱལ་སྤྱིའི་རོགས་སྐྱོར་ལ་འབད་པ།[རྩོམ་སྒྲིག]

ཡཱ་གླིང་གྲོས་ཚོགས།[རྩོམ་སྒྲིག]

རྒྱ་གར་ལ་རང་བཙན་ཐོབ་པ།[རྩོམ་སྒྲིག]

བོད་ཀྱི་ཚོང་དོན་ཚོགས་པ།[རྩོམ་སྒྲིག]

རྒྱ་ནག་ཏུ་ཚོང་དོན་ཚོགས་པའི་བྱ་འགུལ།[རྩོམ་སྒྲིག]

ཏོད་ལུ་མན་གྱི་དོན་རྐྱེན།[རྩོམ་སྒྲིག]

ཚོང་དོན་ཚོགས་པས་དབྱིན་ཇི་ལ་འཚམས་འདྲི་བྱས་པ།[རྩོམ་སྒྲིག]

ཨ་རིས་བསྐྱར་དུ་བོད་ལ་འཇུག་པའི་སྲིད་ཇུས་ལ་དཔྱད་བསྡུར་བྱས་པ།[རྩོམ་སྒྲིག]

ས་བཅད་༡༧[རྩོམ་སྒྲིག]

གི་མིན་ཏང་སྲིད་སྟེགས་ནས་བབ་རྗེས་ཀྱི་བོད།[རྩོམ་སྒྲིག]

རྒྱ་སྐྲོད་དོན་རྐྱེན།[རྩོམ་སྒྲིག]

བཀའ་ཞོ་པའི་ཕམ་ཉེས།[རྩོམ་སྒྲིག]

བོད་ཀྱི་རྒྱ་རྒོལ་ལ་འཇུག་པའི་བྱེད་ཐབས།[རྩོམ་སྒྲིག]

བོད་ཀྱིས་དབྱིན་ཇི་དང་ཨ་རི་ལ་རྒྱབ་སྐྱོར་ཀྱི་རེ་ཞུ་བྱས་པ།[རྩོམ་སྒྲིག]

རང་བཙན་རྗེས་ཀྱི་རྒྱ་གར་གཞུང་གིས་བོད་ཕྱོགས་ལ་སྟོན་པའི་རྣམ་འགྱུར།[རྩོམ་སྒྲིག]

ས་བཅད་༡༨[རྩོམ་སྒྲིག]

མི་དམངས་བཅིངས་འགྲོལ་དམག་བོད་དུ་དཔུང་སྐྱོད་བྱས་པ།[རྩོམ་སྒྲིག]

དམག་གྲབས།[རྩོམ་སྒྲིག]

བོད་ཀྱིས་རྒྱ་གཞུང་གསར་པ་དང་གྲོས་མོལ་བྱས་པ།[རྩོམ་སྒྲིག]

ཨ་རིའི་ཐེ་ཇུས།[རྩོམ་སྒྲིག]

བོད་དང་རྒྱ་ནག་གི་གྲོས་མོལ་འགོ་ཚུགས་པ།[རྩོམ་སྒྲིག]

ཆབ་མདོའི་གཡུལ་འགྱེད་ཀྱི་འགོ་ཚུགས།[རྩོམ་སྒྲིག]

དགེ་ལུགས་པའི་ནང་གི་རྒྱ་མིའི་རྗེས་འབྲངས་པ།[རྩོམ་སྒྲིག]

ང་ཕོད་ཀྱིས་ལྷ་ཀླུའི་ཚབ་བྱས་ནས་ཆབ་མདོའི་སྤྱི་ཁྱབ་ཀྱི་ལས་གནས་ཟིན་པ།[རྩོམ་སྒྲིག]

མི་དམངས་བཅིངས་འགྲོལ་དམག་གིས་ཆམ་མདོར་གཡུལ་བཤམས་པ།[རྩོམ་སྒྲིག]

ས་བཅད་༡༩[རྩོམ་སྒྲིག]

ཆམ་མདོ་ཤོར་རྗེས།[རྩོམ་སྒྲིག]

ཞ་སྒབ་པས་རྒྱ་ནག་དབུས་གཞུང་དང་རྒོལ་བ།[རྩོམ་སྒྲིག]

རྒྱལ་བ་བཅུ་བཞི་པས་སྲིད་དབང་བཟུང་བ།[རྩོམ་སྒྲིག]

བོད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱབ་སྐྱོར་རེ་ཞུ་བྱས་པ།[རྩོམ་སྒྲིག]

དབྱིན་ཇི་དང་རྒྱ་གར་གྱིས་བོད་ཀྱི་རེ་ཞུ་ལ་སྟོན་པའི་རྣམ་འགྱུར།[རྩོམ་སྒྲིག]

རྒྱ་གར་གྱིས་རྒྱ་ནག་གུང་ཁྲན་ཏང་གིས་བོད་ལ་དམག་བསྐྱོད་བྱས་པའི་རྣམ་འགྱུར།[རྩོམ་སྒྲིག]

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ཀྱི་རེ་འབོད་ཡི་གེ་ལ་གྲོས་མོལ་གནང་བ།[རྩོམ་སྒྲིག]

ས་བཅད་༢༠[རྩོམ་སྒྲིག]

དོན་ཚན་བཅུ་བདུན་གྱི་གྲོས་འཆམ་པ།[རྩོམ་སྒྲིག]

ང་ཕོད་ཀྱིས་ཆབ་མདོ་ནས་བཏང་བའི་འཕྲིན།[རྩོམ་སྒྲིག]

བོད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་བཏོན་པའི་རེ་འབོད་ཀྱི་བྱ་འགུལ་གསར་པ།[རྩོམ་སྒྲིག]

ཨ་རིས་བསྐྱར་དུ་བོད་ལ་འཇུག་པའི་སྲིད་ཇུས་ལ་གྲོས་ཞིབ་བྱས་པ།[རྩོམ་སྒྲིག]

གྲོ་མོའི་གྲོས་ཚོགས།[རྩོམ་སྒྲིག]

པེ་ཅིང་གི་གྲོས་འཆམ།[རྩོམ་སྒྲིག]

དོན་ཚན་བཅུ་བདུན་ལ་གྲོས་མོལ་གནང་བ།[རྩོམ་སྒྲིག]

ས་བཅད་༢༡[རྩོམ་སྒྲིག]

རྒྱལ་བ་བཅུ་བཞི་པ་ལྷ་ས་རུ་ཕྱིར་ལོག་པ།[རྩོམ་སྒྲིག]

ཨ་རི་ཡང་བསྐྱར་བོད་དོན་གྱི་ནང་དུ་ཚུད་པ།[རྩོམ་སྒྲིག]

ཕྱི་རྒྱལ་གྱིས་དོན་ཚན་བཅུ་བདུན་ལ་སྟོན་པའི་རྣམ་འགྱུར།[རྩོམ་སྒྲིག]

བོད་ཀྱི་མི་དམངས་ཚོགས་འདུ་གྲོ་མོ་རུ་སྐོང་འཚོགས་བྱས་པ།[རྩོམ་སྒྲིག]

ཨ་རི་བའི་བྱེད་ཕྱོགས་གསར་པ།[རྩོམ་སྒྲིག]

དོན་ཚན་བཅུ་བདུན་ལ་གྲོས་མོལ་གནང་བའི་མི་དམངས་ཚོགས་འདུ་ལྷ་ས་རུ་སྐོང་འཚོགས་བྱས་པ།[རྩོམ་སྒྲིག]

མཇུག་བསྡོམས། བླ་མའི་རྒྱལ་ཁབ་སྟོངས་བའི་རྒྱུ་རྐྱེན།[རྩོམ་སྒྲིག]

མཇུག་བསྡུ་བ།[རྩོམ་སྒྲིག]

ཟུར་བཀོད་༡ ཀྲུང་དབྱིན་གྱིས་མཐུད་དུ་བཅད་པའི་བོད་ཧིན་ཆིངས་ཡིག[རྩོམ་སྒྲིག]

ཟུར་བཀོད་༢ དབྱིན་ཨུའི་གྲོས་མཆོད།[རྩོམ་སྒྲིག]

ཟུར་བཀོད་༣ ཤིང་སྟག་སིམ་ལའི་ཆིངས་ཡིག[རྩོམ་སྒྲིག]

ནང་དོན་དངོས།
དོན་ཚན་༡ ཟུར་ཐོ་གསལ་བའི་ཆིངས་ཡིག་ནང་གང་ཡོད་དེ་ད་ལྟའི་ཆིངས་ཡིག་འདི་ལ་བསྒྱུར་བཀོད་དུ་འགྲོ་གཞིའམ་མ་མཐུན་པ་གོ་ལྡོག་ཏུ་གྱུར་བའི་རིགས་མ་ཡིན་པའི་ཚིག་གཞི་གང་ཡོད་ལ་ཕན་ཚུན་དོ་བདག་གཞུང་ཁག་ནས་བརྩི་འཇོག་གནང་དགོས།
དོན་ཚན་༢ དབྱིན་གཞུང་དང་། རྒྱ་ནག་གཞུང་ནས་བོད་ལྗོངས་འདི་བཞིན་ཕྱི་རྒྱར་རྒྱ་ནག་གི་མངའ་ཁོངས་ཡིན་དབང་རྩིས་ཀྱང་། བོད་ཕྱི་མའི་ནང་དོན་རྒྱལ་ཁག་རང་བཙན་ཡིན་པ་མཁྱེན་ཚོད་ལྟར་ཆ་འཇོག་གནང་ནས་མངའ་ཁོངས་ས་མཚམས་ལ་དབྱེ་འཁྲི་དང་། བོད་ཕྱི་མའི་ནང་དོན་དབང་བྱུས། ཏྭ་ལའི་བླ་མའི་སྐུ་སྐྱེ་ངོས་འཛིན་དང་། ཁྲི་གསོལ་སོགས་ལ་ཐེ་ཚོགས་གཏན་ནས་མི་བྱེད་པར་ཚད་དབང་གང་ཡོད་ཚང་མ་ལྷ་ལྡན་བོད་གཞུང་རྒྱལ་ཁབ་རང་ལ་གནས་རྒྱུ་ཁས་ལེན་བྱས། རྒྱ་ནག་གཞུང་ནས་བོད་ཡུལ་འདི་ཉིད་རྒྱས་ཞིང་ཆེན་དུ་མི་བསྒྱུར་བའི་ཁས་ལེན་བྱས། དབྱིན་ཇིའི་གཞུང་ནས་ཀྱང་བོད་དང་བོད་སའི་ཆ་ཤས་ཙམ་ཡང་བདག་མི་བྱེད་པར་ཁས་ལེན་བྱས།
དོན་ཚན་༣ རྒྱ་གར་རྒྱལ་ཁག་དང་དེ་འབྲེལ་རྒྱལ་ཕྲན་རྣམས་དང་། བོད་གཞུང་ས་འབྲེལ་ལ་བརྟེན་ས་མཚམས་ཉེ་འདབས་བདེ་འཇགས་དང་། བོད་དུ་ཆབ་སྲིད་གཏན་གཏན་དགོས་པ་དབྱིན་གཞུང་ལ་ཁྱད་པར་ཆེན་པོ་ཡོད་པར་ཆ་གནས་བྱུང་དོན་རྒྱ་ནག་གཞུང་ས་ནས་ཆིངས་ཡིག་འདིའི་དོན་ཚན་བཞི་པའི་ཚིག་དོན་ལྟར་མ་གཏོགས་བོད་ཕྱི་མར་དམག་མི་མི་གཏོང་བ་མ་ཟད། ཞི་དྲག་དཔོན་རིགས་མི་འཇོག་པ་དང་། རྒྱ་ནག་གི་མི་སེར་ས་ཞིང་འདེབས་འཁོས་ཀྱི་བོད་དུ་གཞིས་ཆགས་གཏན་སྡོད་བྱས་མི་འཇུག་པར་ཁས་ལེན་བྱས། རྒྱ་ནག་གི་དཔོན་དམག་དེ་འདྲ་ཆིངས་འདི་བཞིན་རྟགས་འཇོག་སྐབས་བོད་ཕྱི་མའི་ནང་ཡོད་རུང་། ཟླ་གསུམ་མི་འགྱངས་བར་ཕྱིར་འཐེན་བྱེད་རྒྱུ། དབྱིན་གཞུང་ནས་ཀྱང་འདས་ལོ་༡༩༠༤ཟླ་བ་༩ཚེས་༧ལ་དབྱིན་བོད་དབར་བཞག་པའི་ཆིངས་ཡིག་གི་འབྲུ་དོན་ལྟར་མ་གཏོགས་བོད་ལ་ཞི་དྲག་དཔོན་རིགས་མི་འཇོག་པ་དང་། སྐུ་ཚབ་རྣམས་སྐུ་སྲུང་ལས་ལྷག་པའི་དམག་མི་མི་འཇོག་པ་མ་ཟད། མི་སེར་ས་ཞིང་འདེབས་འཁོས་ཀྱི་གཞིས་ཆགས་གཏན་སྡོད་བྱེད་མི་འཇུག་པར་ཁས་ལེན། དོན་ཚན་༤ གོང་གསལ་དཔྱད་མཚམས་བྱུང་རུང་ལྷ་སར་རྒྱ་ནག་དཔོན་པོ་ཆེ་བ་གཅིག་བཞག་སྲོལ་འདུག་པར་སྐུ་སྲུང་བབས་མཚུངས་དང་བཅས་པ་སུམ་བརྒྱུ་ལས་ལྷག་པ་གཏན་ནས་བཞག་མི་ཆོག་པ་བྱས་ཡོད།
དོན་ཚན་༥ བོད་སྐོར་རྒྱ་ནག་དང་བོད་རྒྱལ་ཁག་གཉིས་ནང་ཚག་ལ་ཆིངས་ཡིག་དང་། གན་རྒྱ་བཞག་མི་ཆོག་པ་མ་ཟད། རྒྱལ་ཁག་གཞན་དག་དང་ཡང་མི་འཇོག་པ་རྒྱ་བོད་གཉིས་ཀྱི་ཁས་ལེན་བྱས་ཡོད། ཡིན་ཡང་། དབྱིན་བོད་གཉིས་བར་ཕྱི་ལོ་༡༩༠༤ཟླ་༤ཚེས་༢༧ལ་དབྱིན་དབྱིན་གཞུང་དང་ཆིངས་གན་བཞག་ཆོག་པ་བྱས་ཡོད།
དོན་ཚན་༧ དབྱིན་ཇི་དང་། རྒྱ་ནག་བར་ཕྱི་ལོ་༡༩༠༦ཟླ་༤ཚེས་༢༧ལ་བཞག་པའི་ཆིངས་གསལ་དོན་ཚན་གསུམ་པ་དེ་བཞིན་བརྩི་འཇོག་མ་དགོས་པ་བྱས་ཡོད། དབྱིན་བོད་བར་ཕྱི་ལོ་༡༩༠༤ཟླ་༩ཚེས་༧ལ་བཞག་པའི་ཆིངས་ཡིག་དོན་ཚན་དགུ་པའི་ང་ཡིག་པར་རྒྱལ་ཁག་གཞན་དག་ལ་ཞེས་པ་དེ་ནང་རྒྱ་ནག་ཚུད་པ་བྱས་ཡོད། རྒྱལ་ནག་གམ་རྒྱལ་ཁག་དགའ་ཉེ་གཞན་དག་ལ་གནང་བའི་ཚོང་བྱུས་བདེ་ཐབས་དེ་ནང་བཞིན་དབྱིན་ཇིའི་ཚོང་ཟོག་ལ་ཡང་གནང་དགོས།
དོན་ཚན་བདུན་པའི་ཀ་པར། ཕྱོ་ལོ་༡༨༩༣དང་ཕྱི་ལོ་༡༩༠༨ལ་བཞག་པའི་ཚོང་གི་འགྲོ་ལུགས་ཆིངས་ཡིག་རྣམས་ལ་བརྩི་འཇོག་མེད་བྱེད་རྒྱུ་བྱས། ཁ་པར། ཕྱི་ལོ་༡༩༠༤ལ་བཞག་པའི་ཆིངས་ཡིག་གི་དོན་ཚན་གཉིས་པ་དང་། བཞི་པ། ལྔ་པའི་འབྲུ་དོན་ལ་བརྩི་འཇོག་ཡོང་བའི་ཆེད་དུ་བོད་གཞུང་ནས། དབྱིན་ཇིའི་གཞུང་དང་། བོད་ཕྱི་མར་ཚོང་གི་འགྲོ་ལུགས་གསར་བཟོ་ལམ་སེང་བྱ་རྒྱུའི་ཁས་ལེན་བྱས་ཡོད། ཡིན་ཡང་རྒྱ་གཞུང་དང་མ་བསྟུན་པར་ཆིངས་ཡིག་འདིར་བསྒྱུར་བཅོས་སུ་འགྲོ་གཞིའི་ཚོང་གི་འགྲོ་ལུགད་ཆིངས་ཡིག་མི་འཇོག་རྒྱུ་བྱས། དོན་ཚན་༨ དབྱིན་བོད་གཉིས་བར་ཕྱི་ལོ་༡༩༠༤ཟླ་༩ཚེས་༧ལ་བཞག་པའི་ཆིངས་ཡིག་འདི་དོན་བཞིན་བོད་གཞུང་ལ་བཀའ་མོལ་ཞུ་དགོས་བྱུང་ན་རྒྱལ་རྩེ་ནས་ཡིག་འགྲུལ་ལ་སོགས་པས་ཐག་ཆོད་མིན་ཡོང་འདུག་པ། རྒྱལ་རྩེར་བཞུགས་པའི་དབྱིན་གཞུང་སྐུ་ཚབ་སྐུ་སྲུང་ཁྲིད་ནས་ལྷ་སར་འགྲོ་ཆོག་པ་བྱས་ཡོད།
དོན་ཚན་༩ ཆིངས་ཡིག་འདིར་རྩ་འཛིན་བདེ་ཆེད་དུ་བོད་ས་མཚམས་ས་ཁྲ་ཟུར་ཡོད་ལ་རྟགས་དམར་པོ་བོད་ནང་མ་དང་། ཕྱི་མའི་ས་མཚམས་ལ་རྟགས་སྔོན་པོ་རྒྱབ་ཡོད་པ་ལྟར་ཡིན། ད་ལྟའི་ཆིངས་ཡིག་འདིའི་ཚིག་དོན་གང་ཡོད་རུང་། བོད་ནང་མར་བོད་གཞུང་གི་དབང་ཆ་ཐོབ་ཐང་ཡོད་མུས་ཚང་མ་རང་འཇགས་ལ་ལྷག་དོན་དགོན་ཁག་སོ་སོའི་བླ་མ་བསྐོ་གཞག་དང་། ཆོས་སྡེའི་སྐོར་སོགས་བསྒྱུར་བཀོད་ཀྱི་དབང་ཆ་ཚང་མར་གནོད འགལ་ཉམ་ཆག་ཏུ་མི་འགྲོ་བ་བྱས་ཡོད།
དོན་ཚན་༡༠ ད་ལམ་ཆིངས་ཡིག་འདི་བཞིན་དབྱིན་ཡིག་དང་། རྒྱ་ཡིག བོད་ཡིག་རྣམས་ཡི་གེར་བསྒྱུར་སྐབས་གོ་བསྒྱུར་ཏན་ཏིག་བྱས་ཡོད་པ་གོ་ཕྱོགས་ལོག་གླེང་བྱུང་ན་དབྱིན་ཡིག་ཏུ་གསལ་བ་དེ་རང་ལ་སོར་གནས་བྱ་རྒྱུ།
དོན་ཚན་༡༡ ཆིངས་ཡིག་འདི་བཞིན་མིང་རྟགས་བརྒྱབ་པ་ནས་བཟུང་བརྩི་འཇོག་བྱ་རྒྱུ། ཆིངས་ཡིག་འདི་བཞིན་དབྱིན་རྒྱ་བོད་བཅས་ཀྱི་ཡི་གེ་འདྲ་གསུམ་རེའི་ཐོག་སྐུ་ཚབ་སོ་སོའི་ཐམ་ག་དང་། མིང་རྟགས་འཁོད་ཡོད། སིམ་ལར་ཕྱི་ལོ་༡༩༡༤ཟླ་༤པ་ཇུ་ལ་ཏ་རིས་གསུམ་རྒྱ་ལུགས་མི་སེར་རྒྱལ་ཁབ་ཀྱི་ལོ་གསུམ་པའི་ཟླ་བ་བདུན་པའི་ཚེས་གསུམ། བོད་ལུགས་ཤིང་སྟག་ཟླ་༥པའི་ཚེས་༡༠ལ།
བོད་གཞུང་གི་དབང་ཆ་ཚང་མ་ཡོད་པའི་སྐུ་ཚབ་བཀའ་བློན་བཤད་སྒྲ་(མིང་རྟགས། ཐམ་ག)
དབྱིན་གཞུང་གི་དབང་ཆ་ཚང་མ་ཡོད་པའི་སྐུ་ཚབརྨད་ཁེ་མཱ་ཧུང་(མིང་རྟགས། ཐམ་ག)

ཟུར་བཀོད་༤ བོད་ཀྱི་དཔོན་གནས་གཙོ་བོ་དང་། དམིགས་གསལ་ལས་ཁུངས་ཁག་གི་མིང་གི་མཆན་འགྲེལ།[རྩོམ་སྒྲིག]

དཔོན་གནས་སམ་ལས་ཁུངས་ཀྱི་མིང་། འགྲེལ་པ།
ཨམ་བན། མན་ཇུ་གོང་མའི་བོད་བཞུགས་བཀས་བསྔགས་སྐུ་ཚབ།
ཕྱག་མཛོད། བླ་མའི་བླ་བྲང་གི་གཉེར་པ།
སྤྱི་ཁྱབ་མཁན་པོ། བོད་གཞུང་གི་སེར་དཔོན་གོ་གནས་མཐོ་ཤོས།
མདའ་དཔོན། བོད་གཞུང་གི་དམག་གནས་ཆེ་གྲས་ཤིག སྐྱ་དཔོན་རིམ་བཞི།
རྡབ་རྡོབ། ཆས་གོས་དང་སྤྱོད་ལམ་འདུལ་ཁྲིམས་དང་ཅུང་ཟད་མི་མཐུན་པ། བག་གཡེང་དང་འཁྲུག་འཛིང་ལ་དགའ་བའི་གྲྭ་པ།
མགྲོན་གཉེར་ཆེ་མོ། ཏཱ་ལའི་བླ་མ་དང་། པཎ་ཆེན་ཨེར་ཏེ་ནིའི་མཇལ་ཁ་གཏོང་ཚོད་དང་། བཀོད་པ་དྲིལ་བསྒྲགས་བྱེད་མཁན་འགོ་གཙོ། སེར་དཔོན་ཞིག
ཛ་སག (༡) བཀའ་ཤག་གི་རིམ་བཞིའི་དཔོན་གནས། (༢)རྒྱལ་ཚབ་ཀྱི་མགྲོན་གཉེར། དཔེར་ན། རྭ་སྒྲེང་རྒྱལ་ཚབ་ཀྱི་ཛ་སག
དགེ་བཤེས། གདན་ས་གསུམ་གྱི་སློབ་སྦྱོང་ལམ་ལུགས་ལྟར་གཞུང་པོད་ལྔ་ལ་མཁས་པའི་སློབ་གནས་ཤིག
བརྒྱ་དཔོན། བོད་དམག་གི་དམག་དཔོན། ཧྲང་ཝེ་དང་ཆ་རེད།
ཁང་མཚན། གདན་ས་གསུམ་གྱི་གྲྭ་ཚང་གི་འོག་གི་གཞིས་ཆགས་ཚན་པ་ཞིག
མཁན་ཆུང་། སེར་དཔོན་རིམ་བཞི།
བླ་བྲང་། བླ་སྤྲུལ་ཆེ་གྲས་ཀྱི་ཤག་ཚང་།
བློན་ཆེན། རྗེས་སུ་སྲིད་བློན་གྱིས་ཚབ་བྱས། བཀའ་ཤག་གི་དཔོན་གནས་གལ་ཆེ་ཞིག
རིམ་བཞི། བཀའ་ཤག་གི་རིམ་པ་བཞི་པའི་དཔོན་གནས་ཤིག
རུ་དཔོན། བོད་དམག་གི་གོ་གནས་ཆུང་གྲས་ཤིག
ཤག་ཚང་། གྲྭ་པའམ་སེར་དཔོན་གྱི་བཞུགས་གནས།
ཞབས་པད། བོད་ཀྱི་དབང་བསྒྱུར་ལས་ཁུངས་མཐོ་ཤོས་བཀའ་ཤག་ནང་གི་བཀའ་བློན་གྱི་ཆེ་མིང་། རྒྱུན་དུ་མི་བཞི་ཡོད།
གྲྭ་ཚང་། དགེ་འདུན་སྡེ་ཚོགས་ཀྱི་ཚན་ཁག་ཅུང་ཟད་ཆེ་བ་ཞིག
དྲུང་རྩིས་བརྒྱད། དྲུང་ཡིག་ཆེན་མོ་བཞི་དང་རྩིས་དཔོན་བཞིས་གྲུབ་པའི་ཨུ་ཡོན་ལྷན་ཚོགས་ཤིག
དྲུང་ཡིག་ཆེན་མོ། སེར་དཔོན་གྱི་ལས་ཁུངས་མཐོ་ཤོས་ཡིག་ཚང་གི་དཔོན་རིགས། རྒྱུན་དུ་མི་བཞི་ཡོད།
རྩིས་དཔོན། རྩིས་ཁང་གི་དཔོན་རིགས། རྒྱུན་དུ་མི་བཞི་ཡོད་(སྐྱ་དཔོན་)

ཟུར་བཀོད་༥ བོད་ཡིག་གི་ལ་ཏིང་གསལ་བྱེད་གྱི་བསྒྱུར་འབྲི་དང་། ཉུང་འབྲིའི་སྐོར་གྱི་གསལ་བཤད།[རྩོམ་སྒྲིག]

བོད་སྐད་ཀྱི་ཡིག་སྐད་དང་ཁ་སྐད་བར་དུ་ཁྱད་པར་ཆེན་པོ་མཆིས། གཙོ་བོ་ནི་ཡི་གེའི་བརྗོད་ཀློག་(ཡིག་སྐད་)ཏུ་སྔོན་རྗེས་འཇུག་གཉིས་ཀྱི་སྒྲ་གསལ་པོ་དོན་པ་ལ། ཁ་སྐད་དུ་དེ་ལྟར་མིན། དཔེར་ན། ཡི་གེའི་ནང་གི་བསྒྲུབས་(bskrubs)ལ་ཁ་སྐད་དུ་གྲུབ་(drub)དང་། རྩིས་དཔོན་(rtsis dpon)ལ་ཁ་སྐད་དུ་རྩི་པོན་(tsipön)ཞེས་སོ།
དེབ་འདིའི་མགོ་མཇུག་བར་གསུམ་དུ། ཁ་སྐད་དག་བོད་ཡིག་གིས་སྒྲ་སྦྲོར་འོས་འཚམ་བྱས་ནས། ཐ་སྙད་ཅིག་མཚོན་པ་ལ། དེབ་རྒྱབ་ཏུ། ཞར་བྱུང་གི་བོད་ཡིག་སྒྲ་སྦྱོར་བཅོས་སྒྲིག་མའི་རེའུ་མིག་ཅིག་ཀྱང་བཀོད་ཡོད། ཐ་སྙད་དེ་ཚོའི་ཁ་སྐད་ཀྱི་སྒྲ་ནི་གསལ་བྱེད་ཅུང་ཡོ་བའི་ཡིག་གཟུགས་ཤིག་གིས་མཚོན་པ་བྱས་ཡོད། འདི་དག་མཆན་འགྲེལ་གྱི་སྐབས་སུ། འོག་གི་ཐབས་དག་བེད་སྤྱེད་ཡོད། གཅིག བོད་ཡིག་གིས་བྲིས་པའི་དེབ་བམ། རྩོམ་གྱི་སྐོར་ཐོན་དུས། རྩོམ་པ་པོ་དང་། དེབ་མིང་། རྩོམ་གྱི་མགོ་བརྗོད་སོགས་དབྱིན་ཡིག་ཏུ། བསྒྲུར་འབྲི་བྱས་པ་ལ། ༡༩༥༩ལོར། ཝི་ལིས་གཏན་འབེབས་གནང་པའི་བོད་ཡིག་བསྒྱུར་འབྲིའི་མ་ལག་དང་བསྟུན་ཡོད། གཉིས་པ། དཔོན་རིགས་ཁག་ལ་བཅར་འབྲི་བྱས་པའི་སྐོར་ཐོན་དུས། ཁ་སྐད་རང་ཡིག་ཐོག་ཏུ་ཕབ་ནས་དེ་གའི་རུས་མིང་མཚོན་པ་བྱས་ཡོད། མ་ཟད། དེབ་འདིའི་ཟུར་བཀོད་ཀྱི་དཔྱད་གཞི་ཁག་ཏུ། བོད་ཡིག་བརྗོད་ཀློག་བྱེད་སྟངས་ལ་ཞིག་ནས་བཅར་འབྲི་བྱ་ཡུལ་གྱི་མིང་ཐོ་བཀོད་ཡོད་ལ། ཁ་སྐད་དང་བསྟུན་ནས། དབྱིན་ཡིག་ཏུ། བསྒྱུར་འབྲིའང་བྱས་ཡོད།
བོད་སྐད་མི་ཤེས་མཁན་ཞིག་གིས། སྤྱིའི་ཆ་ནས་ཡིག་སྐད་དང་ཁ་སྐད་བར་གྱི་ཕབ་བསྒྱུར་བྱེད་སྟངས་ལ་རྒྱུས་ལོན་བཀའ་བས། དེབ་ཏུ། རྩོམ་པ་པོའི་མིང་ལ་སོགས་ཐོན་པ་ལ། མཆན་འགྲེལ་དང་དཔྱད་གཞིའི་ཡིག་རིགས་ཁག་ཏུ། དབྱིན་ཡིག་གིས་བསྒྱུར་འབྲི་བྱས་པས་མ་ཚད། ཁ་སྐད་ཀྱི་སྒྲ་དོན་སྟངས་ཀྱང་བསྟན་ཡོད།
གཞུང་དངོས་འབྲི་བའི་སྐབས་ཀྱི་བོད་ཡིག་གི་མིང་དང་ཐ་སྙད་དག་ཚད་ལྡན་གྱི་བསྒྱུར་འབྲི་བྱས་ཡོད་ནའང་། འདྲེན་ཡིག་ཁ་ཤས་ནང་གི་མིའི་མིང་དང་ཐ་སྙད་ལ་ཁྱད་པར་ཆེན་པོ་ཡོད་དེ། དཔེར་ན། dxong dpon ལ་འདྲེན་ཡིག་ཁ་ཤས་ཀྱི་ནང་དུ་Jongpoen ཞེས་སྒྲ་སྦྱོར་བྱ་བ་དང་། Tashihunpoལ་ཡང་Tashi–Lhunpo ཞེས་འབྲི་བ།
དཔྱད་གཞི་ཁག་ཏུ། བོད་མིང་ཡིག་ཐོག་ཏུ་བཀོད་པ་ལ། དང་པོ་ཁོ་རང་གི་ཁྱིམ་ཚང་གི་དུ་མིང་འབྲིས་ནས་ཚག་གཅིག་རྒྱབ་རྗེས། ད་ཚོད་དེའི་མཇུག་ཏུ་ཁོ་རང་གི་མིང་དངོས་བྲིས་ནས་ཡོད། དཔེར་ན། བྱ་ངོས་པ་•རྡོ་རྗེ་དངོས་སྒྲུབ་ཏུ། བྱ་ངོས་ནི་དུ་མིང་དང་། རྡོ་རྗེ་དངོས་སྒྲུབ་ནི་ཁོ་རང་གི་མིང་དངོས་རེད། དེ་འདྲ་ཡིན་ནའང་། བོད་མི་རེ་ལ་དུ་མིང་རེ་ཡོད་པ་ཞིག་མིན་པས། འདྲེན་ཡིག་ཚང་མ་རུ། དམིགས་གསལ་གྱི་མིང་འབྲི་སྟངས་དེ་འདྲ་དོན་གི་མ་རེད། དེབ་འདིའི་གཞུང་དངོས་དང་འདྲེན་ཡིག་ཁག་ཏུ་བསྡུས་འབྲི་མང་པོ་ཡང་སྐོར་རྐྱང་སྐོར་གྱིས་བཀོལ་ཡོད་པ་ལ། འོག་ཏུ་གསལ།

དབྱིན་ཡིག་བསྡུས་འབྲི། བོད་ཡིག
cld ཐུབ་པ།
msg འཕྲིན། ངག་ལན།
congen སྤྱི་ཁྱབ་གཞུང་ཚབ
oss དམག་བྱུས་གསང་དོན་ལས་ཁུངས།
cpr ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
pla མི་དམངས་བཅིངས་འགྲོལ་དམག
cro དབྱིན་ཇིའི་རྒྱལ་ཕྲན་མཉམ་འགྲེལ་གྱི་འབྲེལ་བཙུགས་ལས་ཁུངས།
pls ཞེ་ས་མཚོན་བྱེད། ཕེབས་དང་ལྟ་བུ།
emb གཞུང་ཚབ་ཁང་ཆེན།
qte ལུང་འདྲེན་པ།
fo (དབྱིན་ཇི་)ཕྱི་འབྲེལ་ལས་ཁུངས།
reftel ཟུར་ལྟའི་གློག་འཕྲིན་ནམ། ཏར།
fol འོག་ཏུ་གསལ།
rep འཐུས་ཚབ།
fyi ཁྱེད་ཀྱིས་མཁྱེན་གསལ་ལྟར།
rpt ཡང་བསྐྱར།
gen དམག་དཔོན། སྤྱིར་བཏང་།
rs རུ་པཱི། ཧིན་སྒོར།
goi རྒྱུ་གར་སྲིད་གཞུང་།
shld བྱེད་དགོས། གྱིས་དང་།
hmg དབྱིན་གཞུང་།
sm ཆ་ཡིན་པ།
ior རྒྱ་གར་དོན་གཅོད་ལས་ཁུངས།
unqte ltrs ཡི་གེ
ur ཁྱོད་ཀྱི།
mea (རྒྱ་གར་)ཕྱི་འབྲེལ་ལས་ཁུངས།
usfr ཨ་རིའི་ཕྱི་འབྲེལ།
mil དམག་དོན།
wld འབྱུང་ངེས་པའི། འབྱུང་འགྱུར་གྱི།

ཞར་བྱུང་།[རྩོམ་སྒྲིག]

༡༩༡༤ལོའི་ཟླ་༧ཚེས་༣ཉིན་གྱི་དབྱིན་བོད་བསྒྲགས་གཏམ།[རྩོམ་སྒྲིག]

དབྱིན་བོད་ཚོང་དོན་སྐོར་གྱི་གྲོས་འཆམ།[རྩོམ་སྒྲིག]

རྨད་ཁེ་མཱ་ཧུང་ས་མཚམས་ཐིག་གི་ཡིག་ཆ་བརྗེ་རེས་བྱས་པའི་ཟིན་ཐོ།[རྩོམ་སྒྲིག]

དཔྱད་གཞིའི་ཡིག་རིགས་ཁག[རྩོམ་སྒྲིག]

དཔེ་བསྐྲུན་མ།[རྩོམ་སྒྲིག]

བཅར་འདྲི་བྱེད་ཡུལ་གྱི་མིང་ཐོ།[རྩོམ་སྒྲིག]

དབྱིན་ཨའི་ཕྱི་འབྲེལ་དང་། སྲིད་དོན་ཡིག་ཚགས།[རྩོམ་སྒྲིག]