Jump to content

སེམས་བྱུང་ཞེ་དྲུག་

ཡོང་ཁུངས་Wikipedia

ཚོར་འདུ་སེམས་པ་རེག་ཡིད་བྱེད་། འདུན་མོས་དྲན་ཏིང་བློ་གྲོས་ཏེ་། སེམས་ཀྱི་ས་མང་བཅུ་ཞེས་ཟེར་། དད་སྦྱངས་བག་ཡོད་བཏང་སྙོམས་དང་། ངོ་ཚ་ཁྲེལ་ཡོད་དགེ་རྩ་གཉིས་། མི་འཚོ་བརྩོན་འགྲུས་དགེ་བ་བཅུ་། རྨོངས་རྨུགས་བག་མེད་ལེ་ལོ་རྒོད་། མ་དད་ཉོན་མོངས་ཆེན་པོ་དྲུག་། ངོ་ཚ་ཁྲེལ་མེད་མི་དགེ་གཉིས་། འཁོན་འཛིན་ཁྲོ་འཚིག་ཕྲག་དོག་འཚེ་། སེར་སྣ་རྒྱགས་འཆབ་གཡོ་དང་སྒྱུ་། ཉོན་མོངས་ཆུང་ངུའི་ས་པ་བཅུ་། གཉིད་འགྱོད་རྟོག་དཔྱོད་ཁོང་ཁྲོ་ཆགས་། ང་རྒྱལ་ཐེ་ཚོམ་མ་ངེས་བརྒྱད་། ཅེས་པའི་སྡོམ་ཚིག་ལྟར་རོ་། ཡང་ན་། དབང་པོ་དོན་ལྔ་རྣམ་རིག་བྱེད་མིན་གཟིགས་། ཚོགས་དྲུག་སེམས་དང་དགེ་བའི་ས་མང་བཅུ་། ཉོན་མོངས་ས་དྲུག་མི་དགེའི་ས་པ་གཉིས་། ཆུང་ངུའི་ས་བཅུ་མ་ངེས་ས་པ་བརྒྱད་དོ་།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།