Jump to content

སེམས་བྱུང་ང་གཅིག་

ཡོང་ཁུངས་Wikipedia

ཚོར་འདུ་སེམས་པ་རེག་ཡིད་བྱེད་། སེམས་ཀུན་ཁྱབ་ཕྱིར་ཀུན་འགྲོ་ལྔ་། འདུན་མོས་དྲན་ཏིང་ཤེས་རབ་སྟེ་། འཇུག་ཡུལ་ངེས་ཕྱིར་ཡུལ་ངེས་ལྔ་། དད་དང་བག་ཡོད་ཤིན་ཏུ་སྦྱང་ས་། བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད་། ཆགས་སྡང་རྨོངས་མེད་མི་འཚེ་དང་། བརྩོན་འགྲུས་དགེ་བ་བཅུ་གཅིག་གོ་། འདོད་ཆགས་ཁོང་ཁྲོ་ང་རྒྱལ་དང། མ་རིག་ཐེ་ཚོམ་ལྟ་བ་སྟེ་། རྩ་བའི་ཉོན་མོངས་དྲུག་ཏུ་གྲགས་། འཁོན་འཛིན་ཁྲོ་དོན་འཚེ་། འཆབ་རྨུགས་མ་དད་ལེ་ལོ་དང་། སེར་སྣ་རྒྱགས་རྒོད་རྒྱུ་དང་གཡོ་། ངོ་ཚ་ཁྲེལ་མེད་རྣམས་གཡེར་དང་། བག་མེད་བརྗེད་ངས་ཤེས་བཞིན་མིན་། འདི་རྣམས་ཉེ་ཉོ་ཉི་ཤུའོ་། གཉིད་འགྱིད་རྟོགས་དཔྱོད་གཞན་འགྱུར་བཞི་།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།