Jump to content

སེམས་དང་སེམས་བྱུང་གཉིས་རྗས་ཐ་དད་

ཡོང་ཁུངས་Wikipedia

སེམས་དང་སེམས་བྱུང་གཅིག་དང་ཐ་དད་ལ་བཞེད་ཚུལ་མར་སྟེ་། དཔའ་ཆོས་ཀྱི་གྲགས་པས་དེ་གཉིས་རྫས་གཅིག་ཏུ་བཞེད་། སློབ་དཔོན་ཟླ་བ་གྲགས་པ་དང་འཕགས་པ་ཐོགས་མེད་ཀྱིས་རྫས་ཐ་དད་དུ་བཞེད་པ་སོགས་ཡོད་པ་ལས་། ཐ་དད་དུ་བཞེད་པའི་རྒྱུ་མཚན་ནི་། སེམས་དང་སེམས་བྱུང་རྫས་ཐ་དད་པར་མེད་ན་ཚོར་བ་དང་འདུ་ཤེས་ཀྱི་ཕུང་པོ་སེམས་ལས་གཞན་དུ་མ་གྲུབ་པས་ཕུང་པོ་ལྔའི་རྣམ་བཞག་མི་འཐད་པ་དང་། དེ་གཉིས་རྫས་གཅིག་ཏུ་འདོད་ན་མཚུངས་ལྡན་གྱི་རྒྱུ་མི་སྲིད་པ་དང་། གཞན་ཡང་སེམས་དད་པ་ལ་སེམས་པའི་དགེ་བ་དང་ཁོང་ཁྲོ་ལ་སོགས་པའི་མི་དགེ་བ་དང་གཅིག་ཡིན་ན་དོའི་ཚེ་སེམས་དེ་དག་ངོ་བོ་ཉིས་ཀྱིས་དགེ་མི་དགེར་འགྱུར་བ་སོགས་ཀྱི་སྐྱོད་འདི་དག་བྱུང་བས་། སེམས་དང་སེམས་བྱུང་ནི་ཐ་དད་པ་ཉིད་དུ་ཤེས་པར་བྱའོ་། ཞེས་གསུངས་། དེ་གཉིས་ཀྱི་ཐ་དད་པའི་ཁྱད་པར་ནི་། དོན་རང་གི་ངོ་བོ་རང་སྟོབས་ཀྱིས་མཐོང་བ་ནི་སེམས་དང་། ཁྱད་པར་རང་སྟོབས་ཀྱིས་མཐོང་བ་ནི་སེམས་ལས་བྱང་བ་ཡིན་ཏེ་། དབུས་མཐའ་ལས་། དེ་ལ་དོན་མཐོང་རྣམ་པར་ཤེས་། དེ་ཡི་ཁྱད་པར་སེམས་ལས་བྱང་། ཞེས་གསུངས་སོ་།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།