སེམས་ཉི་ཤུ་
མཐོང་རིས་
འདོད་ཆགས་། ཞེ་སྡང་། གཏི་མུག་། གཡེང་བ་། ཞུས་པ་། རྒོད་པ་། མ་ཞི་བ་། མཉམ་པར་མ་བཞག་པ་། ལམ་ལེགས་པར་མི་སྒོམ་པ་། དེས་གྲོལ་བ་མེད་པ་སྟེ་ནག་ཕྱོགས་ཀྱི་བཅུ་དང་དེའི་ལྡོག་ཟླ་གསུམ་། འདུལ་བ་སེམས་ནང་དུ་འདུས་པ་། གཟེངས་མཐོ་བ་། མི་རྒོད་པ་། ཞི་བ་། མཉམ་པར་བཞག་པ་། ལམ་ལེགས་པར་བསྒོམ་པ་། ངེས་གྲོལ་བ་སྟེ་དཀར་ཕྱོགས་ཀྱི་བཅུ་བཅས་སོ་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།