Jump to content

སེམས་ཅན་རྒྱུད་ཀྱི་དབང་ཤེས་ལ་འཁྲུལ་ཤེས་ཀྱིས་ཁྱབ་

ཡོང་ཁུངས་Wikipedia

རང་རྒྱུད་པ་མན་ཆད་ཀྱི་ལུགས་ལ། ཚད་མ་ཡིན་ན། རང་གང་ལ་ཚད་མར་སོང་བའི་གཞལ་བྱ་ལ་མ་འཁྲུལ་བས་ཁྱབ་པར་འདོད་ཀྱང་དབུ་མའི་ལུགས་ལ་ནི་སོ་སྐྱེའི་རྒྱུད་ཀྱི་ཚད་མ་དང་། འཕགས་རྒྱུད་ཀྱི་གཉིས་སྣང་འཁྲུལ་བའི་བག་ཆགས་ཀྱིས་བསླད་པའི་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མ་རྣམས་རང་གང་ལ་ཚད་མར་སོང་བའི་གཞལ་བྱ་ལ་འཁྲུལ་ཤེས་ཡིན་པར་བཞེད་དེ། གང་གེ་ཚེ་རབ་རིབ་ཅན་གྱི་སྐྲ་ཤད་ལ་སལ་སོགས་པ་ཕྱིན་ཅི་ལོག་གིས་ཡོད་པ་མ་ཡིན་པ་ཡོད་པ་ཉིད་དུ་འཛིན་པ་སོགས་ལྟར་སངས་རྒྱས་མ་ཐོབ་བར་དུ་འཕགས་པའི་མཉམ་བཞག་ཡེ་ཤེས་མིན་པའི་མ་འཁྲུལ་བའི་ཤེས་པ་མེད་པས་སློབ་པ་འཕགས་པའི་རྗེས་ཐོབ་དང་སོ་སྐྱེའི་ཤེས་པ་ཀུན་འཁྲུལ་ཤེས་སུ་འདོད་ལ། འཁྲུལ་ཤེས་དང་ཚད་མ་མི་འགལ་བར་བཞེད་དོ།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།