Jump to content

སེང་གེ་རྣམ་རྒྱལ་

ཡོང་ཁུངས་Wikipedia

སྟོད་ཀྱི་མགོན་གསུམ་གྱི་ཡ་གྱལ་རིག་པ་མགོན་གྱི་རྒྱུད་པ་། ཡབ་འཇམ་དབྱངས་རྣམ་རྒྱལ་དང་ཡུམ་རྒྱལདང་ཡུམ་རྒྱལ་མོ་ཁ་ཏུན་གཉིས་ལ་སྲས་གཉིས་བྱུང་བའི་བགྲེས་པ་། འདི་ཉིད་སྐུ་སྟོབས་ཆེ་ལ་སྒྱུ་རྩལ་གྱི་གནས་ཀུན་ལ་བྱང་ཆུབ་པ་ཞིག་བྱུང་བས་གུ་གེ་ཕྱི་འབྲོག་དང་། གུ་གེ་བཅས་ལ་སྔ་རྫེས་སུ་དམག་དྲངས་ནས་རྟ་ནོར་ར་ལུག་ལ་སོགས་པ་མང་པོ་ལོན་། ལ་དྭགས་སུ་སྟག་ཚང་རས་ཆེན་རས་ཆན་པ་གདན་དྲངས་ནས་ཡབ་ཀྱི་དགོངས་རྫོགས་ལ་གསེར་ཟངས་ཀྱི་བྱམས་པ་དགུང་ལོ་བརྒྱད་པའི་སྐུ་ཚད་ལ་སོགས་པའི་རྟེན་གསུམ་མང་པོ་གསར་བཞེངས་དང་། རྒྱུན་མཆོད་དགེ་སློང་གི་སྡེ་བཙུགས་། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་དྲུང་དུ་ཡུམ་གྱི་སགོངས་རྫོགས་ལ་གསེར་འབུམ་དང་། དངུལའབུམ་ཆ་ཚང་། གཞན་ཡང་རིན་པོ་ཆེའི་རིགས་བརྒྱ་རྩ་། ལྷ་ས་དང་། ཁྲ་འབྲུག་། བསམ་ཡས་སོགས་གཙུག་ལག་ཁང་དང་། ཆོས་སྡེ་ཆེ་ཆུང་ལ་མཆོད་སྤྲིན་དང་། བསྙེན་བཀུར་རྒྱ་ཆེ་བ་། ཝམ་ལེ་། རྒོད་ཡུལ་། ཁ་ནག་། གཙང་དམར་། སྐྱུ་དམར་ནང་། མེ་རུ་། དང་རྩེ་སོགའ་ཀྱི་ས་ཁུལ་དང་། ལ་དྭགས་སྡོད་གཤམ་དང་། མངའ་ཞབས་གང་ཡོད་ནས་མཆོད་གཞིས་སུ་ས་ཕུད་རེ་རེ་བསྐལ་པ་ནམ་གནས་བར་ཕུལ་ཞིང་། སྟག་ཚང་རས་ཆེན་ལ་རང་ཞབསཀྱི་ཁོང་ནས་ས་ཕུད་མཆོད་གཞིས་རྒྱ་ཆེན་ཕུལ་བ་དང་། སྟག་ཚང་རད་ཆེན་གྱིས་ཧེ་མི་བྱས་ཆུབ་བསམ་གླིང་དགོན་དང་། ལྕེ་བདེ་ཐེག་མཆོག་དགོན་། ཝམ་ལེ་བདེ་ཆེན་དགོན་བཅས་དགོན་ཆེན་གསུམ་གྱིས་གཙོས་པའི་གཙུག་ལག་ཁངས་མང་པོ་བཞེངས་པའི་སྦྱིན་བདག་གི་མཐིལ་ལེན་མཛད་། སེང་གེ་རྣམ་རྒྱལ་གྱིས་རུ་ཤོད་བདག་མོ་སྐལ་བཟང་སྒྲོལ་མ་ཁབ་ཏུ་བཞེས་པར་སྲས་བདེ་ལྡན་རྣམ་རྒྱལ་དང་། ཨིནྡྲ་བྷོ་ཏི་། བདེ་མཆོན་རྣམ་རྒྱལ་རྣམས་རིམ་པར་འཁྲུངས་ཤིང་། སྲས་འདི་དག་ལས་བརྒྱུད་པའི་གདུང་རྒྱུད་ཀྱིས་ལ་དྭགས་ཁུལ་ལ་དབང་བརྒྱུར་གནང་བར་མངའ་ཐང་དར་གུད་ཅི་རིགས་བྱུང་སྐོར་སོགས་ལ་དྭགས་རྒྱལ་རབས་རིམ་བྱོན་སྐོར་གོང་དུ་ལ་དྭགས་ཀྱི་སའི་བདག་པོ་ཞེས་པར་གསལ་།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།