སེང་གེ་གནམ་རྫོང་

ཡོང་ཁུངས་Wikipedia

སེང་གེ་གནམ་རྫོང་ Sangge Namdzong

མིང་། སེང་གེ་གནམ་རྫོང་།

གནས་ཚད། ཤར་ཐིག98°00′38.29″ བྱང་ཐིག32°29′07.99″

ས་གནས། དཀར་མཛེས་ཁུལ། སེར་ཤུལ་རྫོང་།

ལམ་ཐག་རིང་ཐུང་། དཔལ་ཡུལ་ནས་གནས་བར་དུ་སྤྱི་ལེ75ཡོད།

མཚོ་ཚད་ སྨི།3776

གནས་ཡིག་གཙོ་བོ། ༼གྲུབ་དབང་ལུང་རྟོགས་རྒྱལ་མཚན་དཔལ་བཟང་བོས་མཛད་པའི་གནས་ཡིག༽ ༼མདོ་ཁམས་འདན་མའི་ཡུལ་གྱི་ལོ་རྒྱུས་ཁྱད་ནོར་ངོ་མཚར་སུམ་ལྡན་ཨ་འབྲུ་གཡང་གི་ནོར་བུ་སེང་གེ་གནམ་རྫོང་གི་གནས་ཡིག་ཅེས་བྱ་བ་བཞུགས་སོ།།༽ དེ་འབྲེལ་གྱི་གནས་ཤུལ་དང་རྟེན་གཙོ་བོ། འདན་སྒྲོལ་མ་ལྷ་ཁང་། གླུ་མོ་དགྱེས་པའི་དུར་ཁྲོད། ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེའི་འཁྲུངས་གནས། གུ་རུའི་སྒྲུབ་ཕུག

༡ཅིའི་ཕྱིར་འགྲོ་བ། ཨོ་རྒྱན་གྱི་མདོ་བྱང་དུ། དྲག་པོས་འདུལ་མཛད་ཀློང་ཐང་བྱང་ཕྱོགས་སུ༔ སེང་གེ་རྒྱབ་བསྣོལ་འདྲ་བའི་བྲག་རི་ལ༔ པདྨ་བདག་གི་སྒྲུབ་གནས་ཤེལ་ཕུག་ཡོད༔

ཀོང་སྤྲུལ་གྱི་མདོ་བྱང་དུ། དྲག་པོས་འདུལ་མཛད་ནི། ཀློང་ཐང་སྒྲོལ་མའི་བྱང་ཕྱོགས་ངོས་ཀྱི་རྒྱབ་རི་པདྨ་རི་མཐོའི་ངོས་སུ་འབྲེལ་བ་སེངྒེ་གནམ་རྫོང་དུ་གྲགས་པ་དེ་ཡིན།

༢ཇི་ལྟར་འགྲོ་བ། གནས་འདི་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་གི་འདན་ཁོག་འདན་སྒྲོལ་མ་ལྷ་ཁང་གི་རྒྱབ་རི་ཡིན། གནས་འདིའི་བསྐོར་ལམ་ནི། ནམ་ལངས་དུས་བསྐོར་བར་སོང་ན་སྒྲོལ་མ་ལྷ་ཁང་དང་གནས་གཉིས་ཉིན་ཕྱེད་ལ་བསྐོར་ཐུབ།