སེ་སྤྱིལ་བུ་བ་
མཐོང་རིས་
རྗེ་འདི་ཉིད་རབ་བྱུང་གཉིས་པའི་ལྕགས་གླང་(༡༡༢༡)ལོར་གཉལ་སྡོད་དར་མ་སྒང་དུ་སྐུ་འཁྲུངས་། གདུང་རྱས་སེ་ཡིན་ཞིང་། མཚན་ཆོས་ཀྱི་རྒྱལ་མཚན་ཞུ་། སློབ་དཔོན་འཆད་ཁ་བ་ལོ་མང་བསྡེན་། སློབ་དཔིན་གྱིས་ལུང་བསྟན་ལྟར་ཤིང་སྤྲེལ་(༡༡༦༤)ལོར་འཆད་ཁ་གསར་མ་བཏབ་། སྤྱིལ་བུར་ཡང་དགོན་པ་མཛད་། འཆད་ཁ་བ་གཤེགས་རྗེས་དགོན་པ་ཕན་ཚུན་དུ་ལོ་བཅུ་བཞི་བཞུགས་། དགུང་ལོ་དྲུག་ཅུ་རྩ་དགུ་པ་རབ་བྱུང་གསུམ་པའི་ས་བྱ་(༡༡༨༩)ལོར་སྤྱིལ་བུར་ཞི་བར་གཤེགས་། ཁོང་གི་སློབ་མ་རྣལ་འབྱོར་བྱང་སེང་དང་། རྒྱ་སྤང་ས་ཐང་པ་། ལྷ་དགེ་འདུན་སྒང་པ་། ཉན་ལྷ་སྡིངས་པ་རྣམས་ཀྱིས་གྲོ་ས་དང་། སྤང་ས་དང་། དགེ་འདུན་སྒང་དང་། ཉན་ལྷ་སྡིངས་རྣམས་བཏབ་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།