སེ་ན་བཞི་
མཐོང་རིས་
པཱ་ལའི་རིགས་ཀྱི་རྒྱལ་རྒྱད་ཐ་མ་ཡཀྵ་པཱ་ལས་སྲིད་དབང་བཟུང་ནས་ལོ་གཅིག་མ་ཟིན་ཙམ་ལ་དའི་བློན་པོ་ལ་ཝ་སེ་ནས་སྲིད་དབང་ཕྲོགས་རྗེས་སེ་ནའི་རིགས་ཀྱི་རྒྱལ་པོ་བཞི་སྟེ་། ༡.ལ་ཝ་སེ་ན་། ༢.དེའི་བུ་ཀ་སེ་ན་། ༣.དེའི་བུ་མ་ཎི་ཏ་སེ་ན་། ༤.དེའི་བུ་ར་ཐི་ཀ་སེ་ན་བཅས་ཡིན་། རྒྱལ་པོ་འདི་དག་གི་རིང་ལ་སྲིད་དབང་བཟུང་བའི་ལོ་གྲངས་བསྡོམས་པའི་ལོ་བརྒྱད་ཅུ་མ་ཟིན་ཙམ་ལམ་མ་སོང་ཞེས་《རྒྱ་གར་ཆོས་འབྱུང་》ལས་གསལ་། རྒྱལ་པོ་འདི་དག་གི་རིང་ལ་རྒྱ་གར་ཡུལ་དབུས་མ་གྷ་ངྷར་ཡང་སྟག་གཟིག་གི་ཆོས་ལུགས་དར་སྤེལ་ཤིན་ཏུ་ཆེ
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།
ན་པོ་བྱུང་ངོ་།