སེ་ཆུང་བ་
འདི་ཉིད་རབ་བྱུང་དང་པོའི་ཆུ་སྟག་(༡༠༦༢)ལོར་ཡུལ་ར་མོ་བར་སྐུ་འཁྲུངས་། བུ་སྤུན་གཉིས་ཡོད་པ་ཞ་ཕུ་བོ་གཟུགས་ཆུང་བས་སོ་ཆུང་བ་དང་། ནུ་བོ་གཟུགས་རིང་བས་སོ་རིང་ཟེར་། དགུང་ལོ་བཅུ་ཙམ་ལ་ཕེབས་སྐབས་ཡུལ་དེར་ལོ་ཉེས་བྱུང་ནས་ཕ་མ་གཉིས་ཀྱིས་བུ་སྤུན་གཉིས་ཁྲིད་དེ་ཡང་སྟོད་སྐྱོར་སྣར་སྤྲངས་པས་རྨ་སྒོས་གྱིས་བྱིས་རྒན་པ་དེ་ངའི་རྗེས་ལ་ཞོག་། ངས་ལྟོ་དང་གོས་སྟེར་གསུངས་པས་བཞག་སྟེ་མ་མ་གཉིས་ཡར་ལུང་དུ་བྱོན་། དེར་རྨ་སྒོམ་གྱིས་སོ་ལ་བཙུན་པ་བཅོས་། མིང་ཡང་དགེ་འདུན་འབར་དུ་བཏགས་། རྨ་སྒོམ་གྱིས་སོ་ཆུང་བ་ཁྲིད་དེ་དམ་པའི་སར་བྱོན་། དམ་པའ་སོ་ཆུ་བ་ལ་དོན་བརྒྱུབ་ཀྱི་གདམས་པ་རྫོགས་པར་གནང་། དམ་པ་གར་ཐེགས་ཀྱི་ཕྱག་ཕྱི་བྱས་པས་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞིའི་གདམས་པ་ཡང་གནང་། དེ་ལ་ཡི་གེ་བྱེད་པར་ཞུས་པས་ཀྱང་བཀས་གནང་ནས་སྟར་ཁ་རྡོ་རྗེ་གྲགས་ཀྱི་འབུམ་གྱི་ཤོག་རས་ལ་གདམས་པ་རྣམས་བྲིས་། དེ་ནས་དམ་པ་གར་བཞུད་ཀྱི་ཕྱག་ཕྱི་བྱས་། ཁ་རག་མདུན་དུ་སླེབས་སྐབས་དམ་པས་ཁྱོད་རང་ཕྱིར་ལོག་གསུངས་། སོ་ཆུང་བ་ཕྱིར་ལོག་ནས་ལྷ་སར་རིག་པའི་ཚད་ལྟ་བའི་ཕྱིར་དྲིལ་གདང་ལ་དམིགས་པ་གཏད་པས་དྲིལ་གདང་རང་ཁྲོལ་བ་ཡང་བྱུང་། སོ་ཆུང་བས་ནད་པ་ལ་འདྲེ་གང་གནོད་པ་དང་ནད་ཅི་ཡིན་པ་ཐམས་ཅད་གསལ་ལེ་མཁྱེན་པ་བྱུང་ནས་འདྲེ་འདུས་མང་དུ་བྱས་། ཡོད་ཡང་ཆེ་བར་བླངས་། དེ་ནས་སོ་ཆུང་བས་དམ་པ་དིང་རི་ན་བཞུགས་པ་ཐོས་ཏེ་ནད་པ་གསོས་པའི་ཡོན་གྱི་གསེར་སྲང་གསུམ་དང་རྟ་ཕོ་བཟང་བ་ཞིག་ཁྱེར་ནས་དིང་རིང་བྱོན་། དམ་པས་མཐའ་སེལ་ལྔ་བཅུ་རྩ་གཅིག་གི་གདམས་པ་གནང་། དེ་ནས་ཡང་ཕྱིར་དབུས་སུ་བྱོན་ནོ་། མཐར་སོ་ཆུང་བ་དགུང་ལོ་དྲུག་ཅུ་རྩ་བདུན་པ་རབ་བྱུང་གཉིས་པའི་ས་སྤྲེལ་(༡༡༢༨)ལོར་སྐྭ་གཤེགས་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།