Jump to content

སུམ་སྟོན་ཡེ་ཤེས་གཟུངས་

ཡོང་ཁུངས་Wikipedia

དུས་རབས་བཅུ་གཉིས་པའི་ནང་རུ་མཚམས་སྙེ་མོའི་མདར་སུམ་པའི་སྲས་སུ་སྐུ་འཁྲུངས་། དགུང་ལོ་ཆུང་ངུའི་དུས་ནས་ཐུན་མིན་དང་ཐུན་མོང་གི་རིག་གནས་ཀུན་ལ་དཔྱིས་ཕྱིན་པར་སྤྱངས་། ཁྱད་པར་དུ་རྗེ་བཙུན་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་སྐུའི་དྲུང་དུ་ལོ་བཅུ་གཉིས་བར་དུ་བཅར་ནས་དཔར་ལྡན་རྒྱུད་བཞིའི་གཞུང་དོན་དང་གདམས་པའི་ཟབ་བཅུད་བཀའ་ལུང་ཕྱག་ལེན་ལྷག་མ་མེད་པར་ཞུས་། བཀའ་རྩོམ་ཡང་གཡུ་ཐོག་པའི་རྣམ་ཐར་སྐུ་ལྔ་ལྷུན་གྲུབ་མ་དང་། གསར་བའི་རྣམ་ཐར་། བཤད་རྒྱུད་ཀྱི་འགྲེལ་པ་འབུམ་ཆུང་གསལ་སྒྲོན་། རྐང་འབམ་གསོབའི་སྙན་རྒྱུད་ཟིན་བྲིས་སོགས་བསྟན་བཅོས་སྣ་ཚོགས་མཛད་། སྐུ་ཚེ་ཧྲིལ་པོའི་རིང་གཙོ་བོར་དཔར་ལྡན་རྒྱུད་བཞི་འདི་ཉིད་ཀྱི་འཕྲིན་ལས་རྒྱ་ཆེར་སྤེལ་། གཞོན་ནུ་ཤེས་སོགས་སློབ་མ་ཤིན་ཏུ་མང་བ་བསྐྲུན་།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།