སུམ་སྒྲིལ་
མཐོང་རིས་
སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ་། ༡.བླ་མ་དང་ཡི་དམ་དབྱེར་མེད་དུ་གསོལ་བ་འདེབས་ཞིང་བསྙེད་སྒྲུབ་བྱེད་པ་དང་། ༢.ཚོགས་བསགས་སྒྲིབ་སྤྱང་ལ་འབད་པ་། ༣.གཞུང་ལུགས་ཀྱི་དོན་ལ་རིགས་པས་དཔྱོད་ཅིང་ཞིབ་ཏུ་སེམས་པ་སུམ་སྒྲིལ་དུ་ཉམས་སུ་བླངས་དགོས་ཞེས་པའི་དོན་ཡིན་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།