སུ་ལྦརྣ་དི་པ་
མཐོང་རིས་
(གསེར་གླིང་)དེང་སང་ཨིན་རྡུ་ཉི་ཤེ་ཡའི་རྒྱལ་ས་ཡ་ཅ་ཏའི་ནུབ་བྱང་ངོས་ཀྱི་སུམ་ཏར་(སུ་མན་ཏ་ལའམ་)ཟེར་བ་དེ་ཡིན་པར་མཁའ་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་《རྒྱ་གར་གནས་ཡིག་》ལས་གསལ་། དེ་ནི་སྔོན་དུས་ཇོ་བོ་རྗེ་ཨ་ཏི་ཤས་བླ་མ་གསེར་གླིང་པ་ལོ་བཅུ་གཉིས་རིང་བསྟེན་ནས་ཆོས་གསན་སའི་ཡུལ་དེ་ཡིན་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།