Jump to content

སུ་ཏོ་ཥྱོ་མེ་བྷ་ཝ་

ཡོང་ཁུངས་Wikipedia

སུ་ཏོ་ཥྱོ་མེ་བྷ་ཝ་ནི་རྡོ་རྗེ་སེམས་དཔའ་ཡི་ཡིག་བརྒྱ་པ་སྔགས་ཀྱི་ནང་གི་གལ་ཆེའི་སྔགས་ཚིག་ཅིག་ཡིན། འདི་ནི་སཾ་སྐྲྀ་ཏ་སྐད་ཀྱི་ཐ་སྙད་ཏེ། བོད་སྐད་དུ། ལེགས་པར་ཚིམ་པར་བདག་མཛོད་ཅིག ཞེས་བསྒྱུར་ཡོད།

ཚིག་འགྲེལ།

[རྩོམ་སྒྲིག]

སུ་ཏོ་ཥྱོ་མེ་བྷ་ཝ་ཞེས་པ་ལས། "སུ་ནི་ལེགས་པར། ཏོ་ཥྱོ་ནི་ཚིམ་པར། མེ་ནི་བདག། བྷ་ཝ་ནི་མཛོད་ཅིག། དེ་བསྡོམས་ན། ལེགས་པར་ཚིམ་པར་བདག་མཛོད་ཅིག ཅེས་པའོ།"[] ཞེས་དང་། "སུ་ཏོ་ཥྱོ་མེ་བྷ་ཝ་ནི་བདག་ལ་ཤིན་ཏུ་དགྱེས་པའི་རང་བཞིན་དུ་མཛོད།"[] ཞེས་འགྲེལ་བ་དང་།

དོན་འགྲེལ།

[རྩོམ་སྒྲིག]

མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་གསུང་དོན་ལྟར་ན། འདི་ནི་"གནས་སྐབས་འགྱུར་བཅས་ཀྱི་ཚོར་བདེ་ཙམ་མ་ཡིན་པར་འཕོ་འགྱུར་སྤྲོས་པ་དང་བྲལ་བའི་བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་དགའ་བ་བཞིའམ་བཅུ་དྲུག་གི་ངོ་བོ་དབབ་བཟུང་ལྡོག་དཀྲམ་གྱིས་ཆགས་བྲལ་བདེ་བ་ཆེན་པོའི་རོས་ཚིམ་པར་མཛོད་ཅིག"[] ཅེས་གསུངས་ཡོད། ཨ་ཁུ་ཤེས་རབ་རྒྱ་མཚོའི་ལུང་ལྟར་ན། “བདག་ཉོན་མོངས་པའི་དབང་དུ་སོང་བ་ལ་མི་དགྱེས་པ་མེད་པར་རྗེས་སུ་ཟུངས །བདག་གི་ལུང་དང་རྟོགས་པའི་ཡོན་ཏན་རྒྱས་པར་མཛོད།”[] ཞེས་འགྲེལ་ལོ། །

མཇུག་བསྡུས།

[རྩོམ་སྒྲིག]

སུ་ཏོ་ཥྱོ་མེ་བྷ་ཝ་ཞེས་པའི་སྔགས་ཚིག་འདི་ནི། རྡོ་རྗེ་སེམས་དཔའ་ལ་མཆོད་འབུལ་དང་གསོལ་བ་འདེབས་པའི་སྐབས། རང་རེ་རྡོ་རྗེ་སེམས་དཔའི་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ཀྱིས་ཚིམ་པར་གྱུར་ཅིག་ཅེས་པའི་སྨོན་ལམ་གནད་ཆེན་པོ་ཞིག་ཡིན། འདི་ནི་ཐེག་པ་ཆེན་པོའི་བྱང་ཆུབ་སེམས་ཀྱི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡེ་ཤེས་དང་ཐུགས་རྗེ་གཉིས་ལྡན་གྱི་ཚོགས་རྫོགས་པར་སྤེལ་བའི་དམིགས་ཡུལ་གནད་ཆེ་བ་ཞིག་ཡིན།

ལུང་ཁུངས།

[རྩོམ་སྒྲིག]
  1. གསང་སྔགས་ཡིག་བརྒྱའི་འགྲེལ་པ། (མཁན་པོ་དཔལ་ལྡན་ཤེས་རབ།)
  2. པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ།
  3. གསང་སྔགས་ཡིག་བརྒྱའི་འགྲེལ་པ། (མཁན་པོ་དཔལ་ལྡན་ཤེས་རབ།)]
  4. ཨ་ཁུ་ཤེས་རབ་རྒྱ་མཚོ།