སུ་
སུ་(su)ཞེས་པ་ནི་རྡོ་རྗེ་སེམས་དཔའི་ཡིག་བརྒྱའི་སྔགས་ནང་གི་ཡིག་འབྲུ་གལ་ཆེན་ཞིག་ཡིན། བོད་སྐད་དུ་ཐུན་མོང་ལ་ལེགས་པར་ཞེས་པའི་དོན་དུ་བཤད། རྡོ་རྗེ་སེམས་དཔའི་ཡིག་བརྒྱའི་སྔགས་ནང་དུ་སུ་ཏོ་ཥྱོ་མེ་བྷ་ཝ་ཞེས་པ་དང་། སུ་པོ་ཥྱོ་མེ་བྷ་ཝ་ཞེས་ལན་གཉིས་བྱུང་ཡོད།
ཚིག་འགྲེལ།
[རྩོམ་སྒྲིག]སུ་ཏོ་ཥྱོ་མེ་བྷ་ཝ་ཞེས་པ་ལས། "སུ་ནི་ལེགས་པར། ཏོ་ཥྱོ་ནི་ཚིམ་པར། མེ་ནི་བདག། བྷ་ཝ་ནི་མཛོད་ཅིག། དེ་བསྡོམས་ན། ལེགས་པར་ཚིམ་པར་བདག་མཛོད་ཅིག ཅེས་པའོ།"[༡] ཞེས་དང་། "སུ་ཏོ་ཥྱོ་མེ་བྷ་ཝ་ནི་བདག་ལ་ཤིན་ཏུ་དགྱེས་པའི་རང་བཞིན་དུ་མཛོད།"[༢] ཞེས་འགྲེལ་ལོ།
དོན་འགྲེལ།
[རྩོམ་སྒྲིག]སུ་ཏོ་ཥྱོ་མེ་བྷ་ཝ་ཡི་དོན་ནི། "གནས་སྐབས་འགྱུར་བཅས་ཀྱི་ཚོར་བདེ་ཙམ་མ་ཡིན་པར་འཕོ་འགྱུར་སྤྲོས་པ་དང་བྲལ་བའི་བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་དགའ་བ་བཞིའམ་བཅུ་དྲུག་གི་ངོ་བོ་དབབ་བཟུང་ལྡོག་དཀྲམ་གྱིས་ཆགས་བྲལ་བདེ་བ་ཆེན་པོའི་རོས་ཚིམ་པར་མཛོད་ཅིག་ཅེས་པའོ།"[༣] ཞེས་པ་དང་། སུ་པོ་ཥྱོ་མེ་བྷ་ཝ་ཡི་དོན་ནི། "སྟོན་པ་མཚུངས་པ་མེད་པའི་གསུང་གི་བདུད་རྩིའི་སྙིང་པོ་ཉན་རང་དགྲ་བཅོམ་རྣམས་ཆོས་དང་གང་ཟག་གི་བདག་མེད་ཕྱེད་གཉིས་སྤངས་དང་རྟོགས་པའི་ཤེས་རབ་དང་། བྱང་ཆུབ་སེམས་བདག་མེད་གཉིས་རྟོགས་ཀྱི་ཤེས་རབ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན།"[༤] ལ་སོགས་པའི་ཐེག་པ་རིམ་པ་དགུ་རྣམས་ཀྱི་ལམ་མཆོག་མཐར་ཕྱིན་པར་བྱ་བ་ཡིན།