Jump to content

སིདྡྷི་

ཡོང་ཁུངས་Wikipedia

སིདྡྷི་ ཞེས་པ་ནི་ལེགས་སྦྱར་སྐད་ཀྱི་ཐ་སྙད་ཅིག་སྟེ། བོད་སྐད་དུ་ "དངོས་གྲུབ་" ཅེས་པའི་དོན་ཡིན། གསང་སྔགས་རྡོ་རྗེ་ཐེག་པའི་ཉམས་ལེན་ལ་བརྟེན་ནས་ཐོབ་པའི་མཆོག་དང་ཐུན་མོང་གི་བྱིན་རླབས་དང་ནུས་པ་ཁྱད་པར་ཅན་རྣམས་མཚོན་པར་བྱེད། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་པའི་སྔགས་ནང་གལ་ཆེའི་ཐ་སྙད་ཅིག་ཡིན།

ངེས་ཚིག

[རྩོམ་སྒྲིག]

པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ "སརྦ་སིདྡྷི་མེ་པྲ་ཡཙྪ་ནི་དངོས་གྲུབ་ཐམས་ཅད་བདག་ལ་སྩལ་ཏུ་གསོལ།"[] ཞེས་གསུངས་པ་ལྟར་སིདྡྷི་ནི་དངོས་གྲུབ་ཀྱི་དོན་ཡིན།

ཨ་ཁུ་ཤེས་རབ་རྒྱ་མཚོས་ "སརྦ་སི་དྷི་མྨེ་པྲ་ཡ་ཙྪ་བདག་ལ་དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ།"[] ཞེས་བཤད།

མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་ "སིདྡྷི་ནི་དངོས་གྲུབ་དང་།"[] ཞེས་གསལ་བར་བཤད་ཡོད།

དངོས་གྲུབ་ཀྱི་དབྱེ་བ

[རྩོམ་སྒྲིག]

མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་ "དེ་ལ་དངོས་གྲུབ་ལ་མདོར་བསྡུས་ན་གཉིས་ཏེ། མཆོག་གི་དངོས་གྲུབ་དང་། ཐུན་མོང་གི་དངོས་གྲུབ་བོ།"[] ཞེས་གསུངས།

མཆོག་གི་དངོས་གྲུབ

[རྩོམ་སྒྲིག]

མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་ "རྫོགས་པའི་སངས་རྒྱས་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་སངས་རྒྱས་པ་ནི་མཆོག་གི་དངོས་གྲུབ་ཡིན་ནོ།"[] ཞེས་གསུངས།

ཐུན་མོང་གི་དངོས་གྲུབ

[རྩོམ་སྒྲིག]

མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་ "ཐུན་མོང་གི་དངོས་གྲུབ་ནི། རྒྱུད་རྡོ་རྗེ་གུར་ལས། མིག་སྨན་དང་ནི་རྐང་མགྱོགས་དང་། རལ་གྲི་དང་ནི་ས་འོག་གྲུབ། རིལ་བུ་དང་ནི་མཁའ་སྤྱོད་ཉིད། མི་སྣང་བ་དང་བཅུད་ཀྱིས་ལེན། ཞེས་གསུངས་པ་ལྟ་བུའི་གྲུབ་པ་བརྒྱད་དང་།"[] ཞེས་གསུངས།

སིདྡྷིའི་མཚན་ཉིད

[རྩོམ་སྒྲིག]

མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་ "མདོར་ན་མཆོག་གི་དངོས་གྲུབ་སངས་རྒྱས་ཀྱི་གོ་འཕང་དང་། ཐུན་མོང་གི་དངོས་གྲུབ་གྲུབ་པ་ཆེན་པོ་བརྒྱད་དང་ཕྲིན་ལས་བཞིའི་དངོས་གྲུབ་འབད་མེད་དུ་སྩོལ་ཅིག་ཅེས་པའོ།"[] ཞེས་གསུངས།

སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ "སརྦ་ཞེས་པ་ཐམས་ཅད། སིདྡྷི་དངོས་གྲུབ། དེ་ལ་གཉིས་པའི་ཨམ྄་བྱིན་པས་སིདྡྷིཾ།"[] ཞེས་གསུངས།

སིདྡྷི་གསོལ་བ་འདེབས་ཚུལ

[རྩོམ་སྒྲིག]

ཨ་ཁུ་ཤེས་རབ་རྒྱ་མཚོས་ "སརྦ་སི་དྷི་མྨེ་པྲ་ཡ་ཙྪ་བདག་ལ་དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ།"[] ཞེས་གསུངས།

དངོས་གྲུབ་ཀྱི་ཁྱབ་ཚད

[རྩོམ་སྒྲིག]

སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ "ཐམས་ཅད་ཅེས་པའི་སྒྲས་འདི་སྐབས་མཆོག་ཐུན་གྱི་དངོས་གྲུབ་ཆེ་ཕྲ་ཐམས་ཅད་དོ།"[༡༠] ཞེས་གསུངས།

ཨ་ཁུ་ཤེས་རབ་རྒྱ་མཚོས་ "དངོས་གྲུབ་དང་དཔལ་གང་ཞེ་ན། ཧ་བཞི་དང་ཉོ་སྟེ་ཡེ་ཤེས་ལྔ་དང་། དེ་ཐམས་ཅད་གཅིག་ཏུ་འདུས་པ་ཐུགས་རྡོ་རྗེ་བདེ་སྟོང་དབྱེར་མེད་གྱི་ས་བོན་བྷཱུཾ་མོ།"[༡༡] ཞེས་གསུངས།

སིདྡྷིའི་ཀློག་ཚུལ

[རྩོམ་སྒྲིག]

སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ "ཀློག་ཚུལ། སིདྡྷིཾ་གྱི་ཀླད་ཀོར་མ་རུ་བཀླགས་ཀྱང་རུང་ལ། ཡཙྪ་ཞེས་པའི་ཙ་གོང་དུ་སྦྱར་ནས་ཡང་ཟེར་བ་ལྟ་བུ་ལ་ངའི་སྒྲ་མེད་པར་ཚ་ཡིག་ཤུགས་ཆེ་ཙམ་དུ་བཀླགས་པས་དོན་གྲུབ་པ་ཉིད་དོ།"[༡༢] ཞེས་གསུངས།

འབྲེལ་ཡོད་ཤོག་ངོས།

[རྩོམ་སྒྲིག]

ལུང་ཁུངས།

[རྩོམ་སྒྲིག]
  1. པཎ་ཆེན་བློ་བཟང་ཆོས་རྒྱན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ་བཞུགས། ཤོག་གྲངས་༣
  2. ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ།
  3. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ཤོག་གྲངས་༡༣
  4. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ཤོག་གྲངས་༡༣
  5. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ཤོག་གྲངས་༡༤
  6. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ཤོག་གྲངས་༡༤
  7. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ཤོག་གྲངས་༡༤
  8. སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས། ཤོག་གྲངས་༧
  9. ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ། ཤོག་གྲངས་༢
  10. སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས།
  11. ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ། ཤོག་གྲངས་༢
  12. སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས། ཤོག་གྲངས་༧

དཔྱད་གཞིའི་ཡིག་ཆ།

[རྩོམ་སྒྲིག]
  • པཎ་ཆེན་བློ་བཟང་ཆོས་རྒྱན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ་བཞུགས།
  • སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས།
  • ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ།
  • མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ༡༩༨༧