སིངྒ་གླིང་
མཐོང་རིས་
འདི་རྒྱག་གར་ལྷོ་ཕྱོགས་རྒྱ་མཚོ་དཀྱིལ་གྱི་གླིང་ཕྲན་སིངྒ་ལ་ཞེས་པ་དི་མིན་པར་དེང་སང་གཞིས་རྩེ་ས་ཁུལ་འབྲོང་པ་རྫོང་ཁོངས་གངས་དཀར་ཏི་སེའི་ཤར་ལྷོའི་ངོས་ཡོལ་མོ་གངས་ཞེས་པ་དེར་ཡང་དེ་ལྟར་འབོད་སྲོལ་ཡོད་། འོན་ཀྱང་མོ་ལ་རས་པའི་རྣམ་ཐར་ནང་དུ་བལ་ཡུལ་གྱི་ཡོལ་མོ་གངས་ར་ཞེས་དང་མོན་ཡུལ་ཤིང་རི་བདེ་བའི་ཁར་ཞེས་གསལ་བ་ལྟར་ན་། སྟོད་མངའ་རིས་ཀྱི་མཐའ་པུ་ཧྲེངས་ནས་མོན་ལ་འོག་ཡུལ་གསུམ་གྱི་བར་གྱི་སྤྱི་མིང་དུ་མོན་ཞེས་བརྗོད་པས་ཆོག་པ་མ་ཟད་། མངའ་རིས་ཀྱི་མཐའ་མཚམས་ས་ཁུལ་རྣམས་བལ་ཡུལ་དང་ཐག་ཉེ་བའི་ཆ་ནས་དེ་ལྟར་བཤད་པ་ཡིན་ནམ་སྙམ་ཡང་། ད་དུང་དཔྱད་པར་ཞུ་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།