Jump to content

སརྦ་ཀརྨ་སུ་ཙ་མེ་

ཡོང་ཁུངས་Wikipedia

སརྦ་ཀརྨ་སུ་ཙ་མེ་་ཞེས་པ་ནི་སཾ་སྐྲྀ་ཏའི་སྐད་དུ་"ལས་རྣམས་ཐམས་ཅད་ལའང་བདག"ཅེས་པའི་དོན་ཡིན་ཏེ། རྡོ་རྗེ་སེམས་དཔའི་ཕྲིན་ལས་ཐམས་ཅད་ལ་མངའ་དབང་འབྱོར་ཞེས་བསྐུལ་བའི་གསོལ་འདེབས་ཤིག་ཡིན། དེ་ཡང་རྒྱས་པར་ན་ཕྲིན་ལས་ཉེར་བདུན་ནམ་ཕྲིན་ལས་རྣམ་བཞི་དང་། བསྡུས་ན་རྟོགས་པས་བདག་རྒྱུད་སྒྲོལ་བ་དང་ཐུགས་རྗེས་གཞན་རྒྱུད་སྒྲོལ་བའི་འབྲེལ་ཚད་དོན་དང་ལྡན་པའི་དངོས་གྲུབ་ཐམས་ཅད་བདག་ལ་སྩོལ་ཅིག་ཅེས་བསྐུལ་བའི་གསོལ་འདེབས་ཤིག་ཡིན།

སྒྲ་བཤད།

[རྩོམ་སྒྲིག]

སརྦ་ནི་"ཐམས་ཅད"། ཀརྨ་ནི་"ལས"། སུ་ནི་"རྣམས"། ཙ་ནི་"ཡང་"། མེ་ནི་"བདག"སྟེ། དེ་བསྡོམས་ན། "ལས་རྣམས་ཐམས་ཅད་ལའང་བདག"ཅེས་པའོ།[]

པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ "བདག་ལ་ལས་ཐམས་ཅད་སྩལ་དུ་གསོལ།།"[] ཞེས་གསུངས་པ་ལྟར་པྲ་ཡཙྪ་ནི་སྩོལ་བའི་དོན་ཡིན།

སྦྱོར་ཚུལ

[རྩོམ་སྒྲིག]

སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་བཞེད་པ་ལྟར་ན། "སརྦྦ་ཞེས་པ་ཐམས་ཅད། ཀརྨྨན྄་ལས། དེ་ལ་རྣམ་དབྱེ་བདུན་པའི་མང་ཚིག་སུཔ྄་བྱིན་པས་ཀརྨྨ་སུ་སྟེ་ལས་རྣམས་ལ། ཙ་ཞེས་པ་སླར་བསྡུའི་དོན་ཅན་གྱི་མི་ཟད་པ་སྟེ་བོད་སྐད་ཀྱི་ཚིག་ཕྲད་འང་ཞེས་པའི་དོན། མེ་ཞེས་པ་མཏ྄་ལ་དྲུག་པ་བྱིན་པ་སྟེ་བདག་གི།" ཞེས་བཤད་དོ།[]

དོན་གནད་ཆེ་བ

[རྩོམ་སྒྲིག]

མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས " དོན་ནི་ལས་ཐམས་ཅད་ལའང་ ཞེས་པ་ནི་རྡོ་རྗེ་སེམས་དཔའི་ཕྲིན་ལས་ཐམས་ཅད་ལའང་མངའ་དབང་འབྱོར། རྒྱས་པར་ནི་ཕྲིན་ལས་ཉེར་བདུན་ནམ་ཕྲིན་ལས་རྣམ་བཞི་དང་། བསྡུས་ན། རྟོགས་པས་བདག་རྒྱུད་གྲོལ། ཐུགས་རྗེས་ གཞན་རྒྱུད་གྲོལ། འབྲེལ་ཚད་དོན་དང་ལྡན་པའི་དངོས་གྲུབ་ཐམས་ཅད་བདག་ལ་སྩོལ་ཅིག་ཅེས་པའོ། "[] ཞེས་གསུངས།

ཡོང་ཁུངས།

[རྩོམ་སྒྲིག]