Jump to content

སརྦ་

ཡོང་ཁུངས་Wikipedia

སརྦ་ ཞེས་པ་ནི་ལེགས་སྦྱར་སྐད་ཀྱི་ཐ་སྙད་ཅིག་སྟེ། བོད་སྐད་དུ་ "ཐམས་ཅད་" ཅེས་པའི་དོན་ཡིན། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་པའི་སྔགས་དང་གསང་སྔགས་ཀྱི་གཞུང་མང་པོའི་ནང་ཡོངས་ཁྱབ་ཏུ་བེད་སྤྱོད་བྱེད་པའི་ཐ་སྙད་གལ་ཆེན་ཞིག་ཡིན། འདི་ནི་གྲངས་མེད་དང་མཐའ་ཡས་པའི་དོན་མཚོན་པར་བྱེད།

ངེས་ཚིག

[རྩོམ་སྒྲིག]

པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ "སརྦ་སིདྡྷི་མེ་པྲ་ཡཙྪ་ནི་དངོས་གྲུབ་ཐམས་ཅད་བདག་ལ་སྩལ་ཏུ་གསོལ།"[] ཞེས་གསུངས་པ་ལྟར་སརྦ་ནི་ཐམས་ཅད་ཀྱི་དོན་ཡིན།

སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ "སརྦ་ཞེས་པ་ཐམས་ཅད།"[] ཞེས་གསལ་བར་བཤད།

མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་ "སརྦ་ནི་ཐམས་ཅད་དང་།"[] ཞེས་གསུངས།

ཡིག་བརྒྱའི་ནང་གི་སརྦ་ཡི་གེ

[རྩོམ་སྒྲིག]

རྡོ་རྗེ་སེམས་དཔའི་ཡིག་བརྒྱ་པའི་སྔགས་ནང་སརྦ་ཞེས་པའི་ཐ་སྙད་ལན་གསུམ་འབྱུང་སྟེ།

སརྦ་སིདྡྷི་མེ་པྲ་ཡཙྪ

[རྩོམ་སྒྲིག]

པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ "སརྦ་སིདྡྷི་མེ་པྲ་ཡཙྪ་ནི་དངོས་གྲུབ་ཐམས་ཅད་བདག་ལ་སྩལ་ཏུ་གསོལ།"[] ཞེས་གསུངས།

སརྦ་ཀརྨ་སུ་ཙ་མེ

[རྩོམ་སྒྲིག]

པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ "སརྦ་ཀརྨ་སུ་ཙ་མེ་ནི་བདག་ལ་ལས་ཐམས་ཅད་སྩལ་དུ་གསོལ།"[] ཞེས་གསུངས།

སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ "སརྦྦ་ཞེས་པ་ཐམས་ཅད། ཀརྨྨན྄་ལས། དེ་ལ་རྣམ་དབྱེ་བདུན་པའི་མང་ཚིག་སུཔ྄་བྱིན་པས་ཀརྨྨ་སུ་སྟེ་ལས་རྣམས་ལ།"[] ཞེས་གསུངས།

མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་ "སརྦ་ནི་ཐམས་ཅད། ཀརྨ་ནི་ལས། སུ་ནི་རྣམས། ཙ་ནི་ཡང་། མེ་ནི་བདག་སྟེ། དེ་བསྡོམས་ན། ལས་རྣམས་ཐམས་ཅད་ལའང་བདག"[] ཞེས་གསུངས།

སརྦ་ཏ་ཐཱ་ག་ཏ

[རྩོམ་སྒྲིག]

པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ "སརྦ་ཏ་ཐཱ་ག་ཏ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།"[] ཞེས་གསུངས།

སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ "སརྦ་ནི་ཐམས་ཅད། ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་སྟེ་ཡང་དག་པའི་མཐའ་ཇི་ལྟ་བ་དེ་བཞིན་དུ་གཤེགས་པའི་དོན།"[] ཞེས་གསུངས།

སྔགས་ཀྱི་སྐབས་སུ་སརྦའི་གོ་དོན

[རྩོམ་སྒྲིག]

ཨ་ཁུ་ཤེས་རབ་རྒྱ་མཚོས་ "སརྦ་སི་དྷི་མྨེ་པྲ་ཡ་ཙྪ་བདག་ལ་དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ།"[༡༠] ཞེས་དང་། "སརྦ་ཀརྨ་སུ་ཙ་མེ་བདག་གི་ལས་ཐམས་ཅད་ལ་ཡང་།"[༡༡] ཞེས་གསུངས།

སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ "ཐམས་ཅད་ཅེས་པའི་སྒྲས་འདི་སྐབས་མཆོག་ཐུན་གྱི་དངོས་གྲུབ་ཆེ་ཕྲ་ཐམས་ཅད་དོ།"[༡༢] ཞེས་གསུངས།

སརྦའི་དོན་གྱི་ཁྱབ་ཚད

[རྩོམ་སྒྲིག]

མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་ "སརྦ་ནི་ཐམས་ཅད། ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཞེས་བྱ། དེ་བསྡོམས་ན། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན།"[༡༣] ཞེས་གསུངས་པ་ལྟར་ཐམས་ཅད་ཀྱི་དོན་ཡིན།

འབྲེལ་ཡོད་ཤོག་ངོས།

[རྩོམ་སྒྲིག]

ལུང་ཁུངས།

[རྩོམ་སྒྲིག]
  1. པཎ་ཆེན་བློ་བཟང་ཆོས་རྒྱན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ་བཞུགས། ཤོག་གྲངས་༣
  2. སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས། ཤོག་གྲངས་༧
  3. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ཤོག་གྲངས་༡༣
  4. པཎ་ཆེན་བློ་བཟང་ཆོས་རྒྱན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ་བཞུགས། ཤོག་གྲངས་༣
  5. པཎ་ཆེན་བློ་བཟང་ཆོས་རྒྱན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ་བཞུགས། ཤོག་གྲངས་༣
  6. སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས། ཤོག་གྲངས་༧
  7. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ཤོག་གྲངས་༡༥
  8. པཎ་ཆེན་བློ་བཟང་ཆོས་རྒྱན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ་བཞུགས། ཤོག་གྲངས་༣
  9. སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས། ཤོག་གྲངས་༨
  10. ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ། ཤོག་གྲངས་༢
  11. ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ། ཤོག་གྲངས་༢
  12. མཁན་པོ་དཔལ་ལྡན་ཤེས་རབ། སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས།
  13. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ཤོག་གྲངས་༢༡

དཔྱད་གཞིའི་ཡིག་ཆ།

[རྩོམ་སྒྲིག]
  • པཎ་ཆེན་བློ་བཟང་ཆོས་རྒྱན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ་བཞུགས།
  • སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས།
  • ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ།
  • མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ༡༩༨༧
"https://bo.wikipedia.org/w/index.php?title=སརྦ་&oldid=152504"ལས་སླར་རྙེད་སོང།