སངས་རྒྱས་ཤཱཀྱ་ཐུབ་པའི་བཀའ་བསྡུ་བ་ཐེངས་གསུམ་
སངས་རྒྱས་འདས་པའི་ཕྱི་ལོར་། ཀུན་དགའ་བོ་དགྲ་བཅོམ་པ་ཐོབ་སྟེ་གྲོང་ཁྱེར་རྒྱལ་པོའི་ཁབ་ཀྱི་བདེ་ཅན་མའི་ཕུག་ཏུ་རྒྱལ་པོ་མ་སྐྱེས་དགྲས་སྦྱིན་བདག་བྱས་ཐོག་སྐབས་དེར་ཡོད་པའི་སངས་རྒྱས་ཀྱི་སློབ་མ་དགྲ་བཅོམ་པ་ཡོད་ཚད་བསྡུས་ནས་། ཀུན་དགའ་བོས་མདོ་སྡེའི་སྡེ་སྣོད་བསྡུས་པ་དང་། འཕགས་པ་ཉེ་བར་འཁོར་གྱིས་འདུལ་བའི་སྡེ་སྣོད་བསྡུས་པ་བཀའ་བསྡུ་དང་། ཉན་ཐོས་འོད་སྲུང་ཆེན་པོས་མངོན་པའི་སྡེ་སྣོད་བསྡུས་པ་བཀའ་བསྡུ་དང་པོ་། སངས་རྒྱས་འདས་ནས་ལོ་བརྒྱ་དང་བཅུ་སོང་བའི་རྗེས་སུ་ཡུལ་ཡངས་པ་ཅན་དུ་གནས་དགེ་སློང་རྣམས་ཀྱིས་ཧུ་ལུ་ལུ་ཡི་རུང་བ་དང་། རུང་བ་མ་ཡིན་པའི་གཞི་བཅུ་ཟེར་བའི་སྲོལ་གཏོད་ ཡུལ་དེའི་རྒྱལ་པོ་མྱ་ངན་མེད་ཀྱིས་སྦྱིན་བདག་བྱས་ཏེ་དགྲ་བཅོམ་པ་གྲགས་པ་སོགས་བདུན་བརྒྱ་སྤྱན་དྲངས་ནས་ཆོས་མིན་སུན་འབྱིན་པར་མཛད་ཐོག་གསོ་སྤྱོང་གནང་ནས་བཀའ་བསྡུ་བ་གཉིས་པ་མཛད་། ཁ་ཆེའི་རྒྱལ་པོ་ནིཤྐ་པས་སྲིད་བཟུང་་སྐབས་སུ་དུས་ཡུན་རིང་པོའི་ཙོད་པ་ཞི་ཆེད་ཛ་ལནྡྷ་རའི་དགོན་པར་དགེ་སློང་དགྲ་བཅོམ་པ་ཐོབ་དང་འབྲས་བུ་ཐོབ་པ་ཡན་ཆད་ལྔ་བརྒྱ་དང་་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་དང་སོ་སོ་སྐྱེ་བོ་སྡེ་སྣོད་འཛིན་པ་གདན་དྲངས་ནས་ལྟ་བ་བཅོ་བརྒྱད་མཐུན་པར་ཁས་བླངས་ནས་ཙོད་པ་ཞི་ཞིང་སྡེ་སྣོད་གསུམ་དུ་བཀོད་པ་བཀའ་པ་སྡུ་གསུམ་པ་མཛད་དོ་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།