Jump to content

ས་བྱི་ཞི་བའི་གསར་བརྗེ།

ཡོང་ཁུངས་Wikipedia

ཕྱི་ལོ་༢༠༠༨ལོ་ཟླ་གསུམ་པའི་ཚེས་བཅུ་ཉིན་ནས་བཟུང་བོད་ཡུལ་སྟོད་སྨད་བར་གསུམ་དུ་མ་གྲོས་རང་འཐུད་ཀྱིས་དབང་སྒྱུར་པ་ལ་དུས་ས་བྱི་དང་རྣམ་པ་ཞི་བ། ངོ་བོ་གསར་བརྗེ་སྟེ། རང་བྱུང་ཁམས་བཅོས་སྒྱུར་དང་སྤྱི་ཚོགས་བཅོས་སྒྱུར་ཁྲོད་གསར་བཅོས་ཆེན་པོ་བྱས་པ་དང་། སྤྱི་ཚོགས་ལམ་ལུགས་རྙིང་པ་གཏོར་ཏེ་སྤྱི་ཚོགས་ལམ་ལུགས་གསར་པ་གཞི་ཚུགས་པར་བྱེད་པ་དང་། སྤྱི་ཚོགས་མདུན་སྤྱོད་འཕེལ་རྒྱས་གཏོང་བ་དེ་ཡིན། གཞན་ཞི་རྒོལ་ལས་འགུལ་ཆེན་མོ་དང་། ས་བྱི་ཞི་རྒོལ་ཆེན་མོ། ཞི་བའི་འོས་ལངས། སྒེར་ལངས། སྡེབ་ལངས་སོགས་བཏགས་མིང་གང་མང་འདུག གསར་བརྗེ་འདིའི་རྒོལ་ས་སྒེར་གཅོད་རིང་ལུགས་པ་ཡིན་པ་དང་། ཐབས་ལམ་འཚེ་མེད་ཞི་བ་ཡིན་པ། དམིགས་ཡུལ་རང་དབང་དང་དམངས་གཙོ་ཡིན་པའི་ཕྱིར། ཁ་དོག་གསར་བརྗེའི་རྗེས་སུ་སོང་ཞིང་ཁ་དོག་གསར་བརྗེའི་གྲས་སུ་བགྲང་རུང་བ་སྟེ། སྒེར་གཅོད་དྲག་དཔུང་ལ་ཁ་གཏད་བཅད་པའི་གསར་བརྗེ་ཡི་གཙོ་ཤུགས་གྲྭ་པ་ཡིན་པ་དང་། ཆོས་གོས་ཀྱི་ཁ་དོག་ངུར་སྨྲིག་ཡིན་པས་བོད་ཀྱི་ཆོས་གོས་གསར་བརྗེའམ་བོད་ཀྱི་ངུར་སྨྲིག་ཞེས་གདགས་འོས་འདུག