ས་བཅུད་ཡུལ་རྒྱན
མཐོང་རིས་
བོད་ཀྱི་སྲོལ་རྒྱུན་ཁོར་ཡུག་སྐོར་ཀྱི་ལྟ་བ་གཅིག་ཡིན། དེ་ནི་རི་ལ་བཙན་གནས་དང་། ཆུ་ལ་ཀླུ་གནས། ནགས་ལ་བདུད་གནས། གནས་ལ་གནས་བདག དངོས་ཡོད་སྲོག་ཆགས་དང་རྩི་ཤིང་། དངོས་མེད་ལྷ་འདྲེ་དང་གཞི་བདག་ཚང་མ་གཅིག་ལ་གཅིག་བརྟེན་དུ་གནས་ཡོད་པས། དེ་དག་ཚང་མ་ནི་ས་བཅུད་ཡུལ་རྒྱན་ཡིན་ལ། ཁོར་ཡུག་མི་འགྲོ་བ་མི་གཅིག་པུའི་ལོངས་སྤྱོད་མིན་པར་འདོད་པའོ།།
གནའ་མི་ཁ་དཔེ་ལ།
བྲག་རི་ཁེར་ཆད་བཙན་གྱི་བུ།།
བཙན་ཕྲུག་མ་རྩེ་སྐྱུར་དང་ཁེ།།
ཤུག་པ་ཁེར་ཆད་བདུད་ཀྱི་བུ།།
བདུད་ཕྲུག་མ་རྩེ་སྐྱུར་དང་ཁེ།།
ཆུ་མགོ་ཁེར་ཆད་ཀླུ་ཡི་བུ།།
ཀླུ་ཕྲུག་མ་རྩེ་སྐྱུར་དང་ཁེ།།