Jump to content

ཡོང་ཁུངས་Wikipedia

འི་སྐོར་རྩོམ་རྣམ་པ་མང་པོའི་སྒོ་ནས་བྲི་ཡག་འདུག དཔེར་ན། བརྡ་སྤྲོད་སྒོ་ནས། གསལ་བྱེད་སུམ་ཅུ་སྒོ་ནས། རྗེས་འཇུག་གི་སྒོ་ནས། རིག་ལམ་གྱི་སྒོ་ནས། ནང་ཆོས་ཀྱི་སྒོ་ནས་ལ་སོགས་འདུག དང་པོ། བརྡ་སྤྲོད་ཀྱི་ལམ་ནས་སའི་སྐོར་བཤད་པ་ལ། དང་པོ། སུམ་ཅུ་པའི་གཞུང་དུ་གསུངས་པའི་སའི་གལ་གནད་དང་རྟགས་འཇུག་གི་གཞུང་ནས་གསུངས་པའི་ས་ཡི་གེ་གལ་གནད་སྐོར། སུམ་ཅུ་པའི་གཞུང་ལྟར་ན། ས་ལས་ཕྲད་སྒྲུབ་ཚུལ་གྱི་ལམ་ནས་གཙོ་བོ་བཤད་ཡོད། དཔེར་ན། སླར་བསྡུའི་ཕྲད་སོ་དང་། ལ་དོན་གྱི་ཕྲད་སུ་དང་། ལྷག་བཅས་ཀྱི་ཕྲད་སྟེ་དང་། འབྱུང་འཁུངས་ཀྱི་ཕྲད་ལས་ཞེས་པ་ལྟ་བུ། མདོར་ན་ས་ལས་བསྒྲུབས་པའི་ཕྲད་ཀྱི་རྣམ་དབྱེའི་དོན་སྟོན་པའི་བྱ་བ་བྱེད་ཀྱི་ཡོད་དོ། ། གཉིས་པ། རྟགས་འཇུག་ལས་གསུངས་པའི་སའི་གལ་གནད་སྐོར་མཁྱེན་པར་བྱ་དགོས་པ་གནད་ཆེན་པོ་ཡོད། ས་ཞེས་པའི་ཡི་གེས་རྟག་འཇུག་གི་ནང་གསེས་དབྱེ་བ་ཕྱེ་པ་ལ་ལས་ཀ་བྱེད་པ་དང་། རྗེས་འཇུག་གི་ཡི་གེ་བཤད་པའི་སྐབས་སུ་དུས་གསུམ་སྟོན་པ་སོགས་ཀྱི་བྱེད་ལས་གལ་ཆེན་པོ་བྱེད་ཀྱི་ཡོད།

གཉིས་པ་། གསལ་བྱེད་སུམ་ཅུ་ལས་སའི་སྐོར་བཤད་པ། གསལ་བྱེད་སུམ་ཅུ་ལ་ས་ཞེས་པ་ཡི་གེ་ནི་སྡེ་པ་བདུན་པར་བཞག་ཡོད། གལ་སྲིད་ས་ཡིག་མེད་ན་བོད་སྐད་ཡིག་ལ་ཉེ་བར་མཁོ་བའི་ཚིག་མང་པོ་མེད་པར་ཆགས་པའི་རྐྱེན་ངན་འཆར་གྱི་ཡོད། དེ་བས་གསལ་བྱེད་སུམ་ཅུ་ནང་དུ་ས་ཡིག་མེད་ཐབས་མི་རུང་བ་ཞིག་དང་མིང་གཞིའི་ཡི་གེ་ཀུན་གྱི་རྗེས་འཇུག་ཡིན་པའང་གསུངས་སོ། །

གསུམ་པ། རྗེས་འཇུག་གི་ལམ་ནས་ས་ཡིག་གལ་ཆེ་བའི་རང་བཞིན་ཤེས་པར་བྱ་བ་ལ་ཐོག་མ་རྗེས་འཇུག་བཅུ་ངོས་འཛིན་དགོས། འདི་ནི། ག་ང་ད་ན་བ་མ་འ་ར་ལ་སའོ། རྗེས་འཇུག་བཅུ་པ་ས་ཡིག་མེད་ན། བོད་ཡིག་ལ་ཕྲད་མང་པོ་ཞིག་སྦྱར་མི་ཐུབ་པའི་དཀའ་ངལ་ཆེན་པོ་འབྱུང་ངོ་། །

བཞི་པ། རིག་ལམ་ལ་ས་ཡིག་གལ་ཆེ་བ། སའི་ཚན་ཉིད་དང་འདི་དང་འབྲེལ་བའི་མུ་གསུམ་མུ་བཞི་སོགས་ཀྱི་སྐོར་གསལ་གྱི་ཡོད།

ལྔ་པ། ནང་ཆོས་ལས་གསུངས་པའི་ས་སྐོར། ནང་ཆོས་ལ་ས་དང་ལམ་གྱི་ཁྱད་པར། སའི་ཡོན་ཏན་སོགས་ཀྱི་སྐོར་གསུངས་ཡོད། དེ་བཞིན་ས་དང་པོ་རབ་ཏུ་དགའ་བ་ལ་་སོགས་གསལ་གྱི་ཡོད་དོ། །

"https://bo.wikipedia.org/w/index.php?title=ས&oldid=157817"ལས་སླར་རྙེད་སོང།