Jump to content

ཤཱ་རིའི་བུ་

ཡོང་ཁུངས་Wikipedia

'ཤཱ་རིའི་བུ་ནི་ཤེས་རབ་སྙིང་པོའི་མདོ་ནང་གི་གཙོ་བོའི་དྲི་བ་པོ་ཞིག་ཡིན། འདི་ནི་སངས་རྒྱས་ཀྱི་མཉན་ཐོས་ཀྱི་འཁོར་གྱི་ནང་གི་དམ་པ་གཅིག་ཡིན་ཞིང་། སྤྱན་རས་གཟིགས་དབང་ཕྱུག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་ཇི་ལྟར་བསླབ་པར་བྱ་ཞེས་དྲིས་པའི་མི་ཡིན།

སྒྲ་བཤད།

[རྩོམ་སྒྲིག]

ཤཱ་རིའི་བུཞེས་པ་ནི་"ནལནྡྲའམ་འདམ་བུའི་ཚལ་དུ་བྱ་ཤ་རི་ཀའི་མིག་དང་འདྲ་བའི་མ་ཤ་རི་ཀ་དང༌། ཕ་སྐར་རྒྱལ་འདུས་པ་ལས་སྒྲིབ་པ་རྣམ་སེལ་གྱི་སྤྲུལ་པ་ཁྱེའུ་ཞིག་བྱུང་བར། ཕ་ལས་དྲངས་པའི་མིང་ཉེ་རྒྱལ་དང༌། མ་ལས་དྲངས་པའི་མིང་ཤཱ་རིའི་བུ་དང་། ཤཱ་ར་དྭ་ཏིའི་རིགས་ཡིན་པས་ཤཱ་ར་དྭ་ཏིའི་བུ་ཞེས་གྲགས་པ་དེའོ"[]ཞེས་གསལ་བ་ལྟར། མ་ཤ་རི་ཀ་ཞེས་པའི་བུད་མེད་ལས་སྐྱེས་པས་མ་ལས་དྲངས་པའི་མིང་ཤཱ་རིའི་བུ་ཞེས་སུ་གྲགས།

ཚེ་དང་ལྡན་པའི་དོན།

[རྩོམ་སྒྲིག]

ཚེ་དང་ལྡན་པ་ཤཱ་རིའི་བུཞེས་པ་ནི་"སྤྱིར་གཞོན་པ་ལ་འབོད་པར་གྲགས་པའི་ཚིག་ཡིན་ཡང་། ཚིག་འདི་ནི་བཀའ་བསྡུ་བའི་སྐབས་སུ་བྱུང་བའི་ཚིག་ཡིན་ན་ཤཱ་རིའི་བུ་བཀའ་སྡུད་པ་པོ་ལས་བསླབ་པ་གཞོན་པ་མི་འཐད་པས། དེས་ན་ཉོན་མོངས་སྤངས་ཤིང་ལས་ཉོན་གྱི་སྐྱེ་འཆི་ལས་གྲོལ་བའི་ཚེ་དང་ལྡན་པ་ཞེས་ཉེ་བའི་ཚིག་གིས་སྨོས་པ་ཡིན་ནོ"[]ཞེས་འཆད།

ཐེག་ཆེན་གྱི་རིགས།

[རྩོམ་སྒྲིག]

"རིགས་ཀྱི་བུ་དང་བུ་མོ་ཞེས་པ་ནི་ཐེག་ཆེན་གྱི་རིགས་དང་ལྡན་པའི་དོན་ནོ། །བུ་དང་བུ་མོ་གཉིས་སྨོས་པའི་དགོས་པ་ནི་ལམ་དང་རྟོགས་པའི་ཡོན་ཏན་ཐམས་ཅད་སྐྱེས་པ་དང་བུད་མེད་ཀྱི་རྟེན་ཁོ་ན་ལ་སྐྱེ་ཞིང་ཟ་མ་དང་མ་ནིང་སོགས་ཀྱི་རྟེན་ལ་མི་སྐྱེ་བས་དེ་དག་ལས་དགར་བའི་ཆེད་དུའོ"[]ཞེས་བཤད།

དྲི་བའི་བྱེད་པ་པོ།

[རྩོམ་སྒྲིག]

ཤེས་རབ་སྙིང་པོའི་མདོའི་ནང་དུ་ཤཱ་རིའི་བུས་"རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས་ཇི་ལྟར་བསླབ་པར་བྱ་ཞེས་དྲིས་སོ"[]། འདིར་"གང་ལ་ལ་ཞེས་པ་ནི་བྱེ་བྲག་མ་ཕྱེ་བ་སྟེ་སྟོང་པ་ཉིད་ལ་མི་སྐྲག་ཅིང་མོས་པ་དང་ལྡན་པ་སུ་རུང་རུང་ཞེས་པའོ"[]ཞེས་འཆད།

སངས་རྒྱས་ཀྱི་མཐུས་བྱིན་གྱིས་བརླབས།

[རྩོམ་སྒྲིག]

བྱིན་གྱིས་བརླབས་པའི་ཚུལནི་"དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་པ་ནས་ཅི་ལྟར་བསླབ་པར་བྱ་ཞེས་དྲིས་སོ། །དེ་ནས་ཞེས་པ་ནི་དེ་བཞིན་གཤེགས་པའི་མཐུས་སྤྱན་རས་གཟིགས་ཀྱིས་བཤད་བྱའི་དོན་ཐུགས་སུ་ཆུད་པའི་རྗེས་སུ་ཞེས་པའོ"[]ཞེས་བཤད།

ལོ་རྒྱུས།

[རྩོམ་སྒྲིག]

འགྲེལ་པ་འགའ་ཞིག་ཏུ་"རྒྱ་དཔེ་ལ་ཡོད་པས"[]ཞེས་གསལ་བ་ལྟར་རྒྱའི་དཔེ་ཆར་ཡང་ཤཱ་རིའི་བུ་ཞེས་པའི་ཐ་སྙད་འདི་ཡོད་པ་དང་། དེ་བཞིན་དུ་མཧཱ་པཎྜི་ཏའི་རྒྱ་དཔེ་ལས་ཀྱང་ཐ་སྙད་འདི་འདྲ་པོ་སྣང་ཞེས་གསལ།

རྗེས་སུ་གནང་བ།

[རྩོམ་སྒྲིག]

མདོའི་མཇུག་ཏུ་"བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཞེས་སོགས་གསུངས་ཏེ། ཁྱིམ་ནམ་མཁའ་ལ་ཡོད་པའི་དོན་གྱི་ན་ལྷ། ཡིད་ཤས་ཆེ་བས་ན་མི། ལྷ་ལས་ཅུང་ཟད་ཙམ་དམན་པས་དགག་པའི་སྒྲ་སྦྱར་བས་ལྷ་མ་ཡིན་ཞེས་བཤད་དོ། །ཟས་སུ་དྲི་ཟ་བས་ན་དྲི་ཟའོ"[]ཞེས་འཁོར་མང་པོས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རང་བ་བྱས།

  1. དཔྱད་གཞི། ཨ་ལག་ཤ་བསྟན་དར།.txt
  2. དཔྱད་གཞི། ཨ་ལག་ཤ་བསྟན་དར།.txt
  3. དཔྱད་གཞི། ཨ་ལག་ཤ་བསྟན་དར།.txt
  4. དཔྱད་གཞི། རོང་སྟོན་ཤེས་བྱ་ཀུན་རིག་གི་འགྲེལ་པ།.txt
  5. དཔྱད་གཞི། ཨ་ལག་ཤ་བསྟན་དར།.txt
  6. དཔྱད་གཞི། ཨ་ལག་ཤ་བསྟན་དར།.txt
  7. དཔྱད་གཞི། རོང་སྟོན་ཤེས་བྱ་ཀུན་རིག་གི་འགྲེལ་པ།.txt
  8. དཔྱད་གཞི། རོང་སྟོན་ཤེས་བྱ་ཀུན་རིག་གི་འགྲེལ་པ།.txt