ལྷོ་སྤྱི་
མཐོང་རིས་
དེ་ནི་བོད་ས་གནས་སྲིད་གཞུང་སྐབས་ལྷོ་ཁ་ཁུལ་གྱི་ས་གནས་སྲིད་འཛིན་ལས་ཁུངས་སྟེ་ལྷོ་ཁ་སྤྱི་ཁྱབ་ཅེས་གནས་ཡུལ་རྩེད་ཐང་དུ་ཡིན་ཞིང། རབ་བྱུང་བཅོ་ལྔ་པ་འི་མེ་སྦྲུལ(༡༩༡༧)ལོ་ནས་བཟུང་ལྷོ་སྤྱི་མཁན་ཆེ་གཅིག་བྐོ་གཞག་བྱས་པ་དེའི་ལས་དོན་བྱེད་ཕྱོགས་གཞིས་རྩེ་སྤྱི་རྫོང་དང་འདྲ་མཚུངས་ཡིན་པ་དང། དེའི་མངའ་ཞབས་སུ་སྣེ་གདོང་དང། འཕྱོངས་རྒྱས། གོང་དཀར། དོ་བོ་སེང་གེ། བསམ་ཡས། ཟངས་རི། འོལ་དགའ། མོན་རྟ་དབང་ལ་སོགས་པའི་རྫོང་གཞིས་ཁག་ཡོད།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།