ལྷོ་སྒོ་མེ་ལོང་ཅན་
མཐོང་རིས་
འཇམ་དབྱངས་གསུང་བྱོན་བཞུགས་སའི་ཐད་ཀྱི་ལྷ་ཁང་སྟེ། སྲོང་བཙན་སྒམ་པོ་སྐུ་འདས་པའི་གཏམ་ཐང་རྒྱལ་རབས་ཀྱིས་ཐོས་རྗེས་བོད་ལ་དམག་བཏང་བའི་གཏམ་ཞིག་ཐོས་པ་དང། ཇོ་བོ་ཤཱཀྱ་མུ་ནེ་ལྷོ་སྒོའི་གཙང་ཁང་ཞིག་ནང་སྦས་ཏེ་སྒོ་ལ་འདག་ཞལ་བཏང་སྟེ་བཀག ཞལ་བའི་སྟེང་གི་ལྡེབས་བྲིས་སུ་རྗེ་བཙུན་འཇམ་དཔལ་དབྱངས་བྲིས་པ་དེས་གསུང་བྱོན་མྱོང་བར་གྲགས།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།