Jump to content

ལྷོ་པ་བདག་པོ་

ཡོང་ཁུངས་Wikipedia

ཧོར་སེ་ཆེན་རྒྱལ་པོའི་ལུང་གིས་གཡའ་འོ་ལ་ནས། བྲང་པོ་ཡན་གྱི་ལ་སྟེད་ལྷོའི་ཡུལ་ལྗོངས་ལ་དབང་བའི་ཁྲི་དཔོན་གྱི་འཇའ་ས་ལོན་པ་ནས་བཟུང་སྡེ་ཚུགས་ཤིན་ཏུ་ཆེ། སི་ཏུ་ཆོས་རིན་པ་དང་ལྷ་བཙན་སྐྱབས་ཁུ་སབོན་གྱི་དུས་སུ་མཁན་ཆེན་ཆོས་རྒྱལ་བ་བླ་མར་བསྟེན་ནས་ཤེས་དཀར་ཆོས་སྡེ་འབུལ་བ་སོགས་བྱས། སྐབས་ཤིག་བྱང་པ་བདག་པོ་དང་མ་མཐུན་པས་དམག་འཁྲུག་བྱས་རྗེས་ཕམ་ནས་རྫོང་གཞིས་མང་པོ་ཤོར། སླར་ཡང་འཐབ་པས་སྔར་ཤོར་བའི་རྫོང་གཞིས་རྣམས་ཚུར་ལོན། རྗེས་སུ་སྤུན་མཆེད་ནང་ཁུལ་མ་མཐུན་ཞིང། དཔོན་སྐྱ་སྟོད་པོ་སྐོར་གསུམ་ཡང་བློ་མ་རུང་པའི་དབང་གིས་ནང་འཁནརུག་མང་དུ་བྱུང་ཞིང། རྗེས་སུ་བྱང་པ་བདག་པོ་དང་གཉེན་འབྲེལ་བྱས་པ་ནས་ལྷོ་བྱང་གཉིས་ཁྲི་སྐོར་གཅིག་ཏུ་སྦྲེལ་ཏེ་སྟོབས་ཤུགས་ཆེ་བར་གྱུར།


དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།